Skip to main content Skip to search
15 Jun 2018
8 min 33 sec
Video Overview
Creators: 
Sonam Tobgye

This is a zhungdra song “Korwa”, translated as the “circumambulate”, and is being performed here by the dancers from Drepung gewog in Mongar district during the festival at Yoe Lhakhang. It is a local song whose tradition of singing it during the rituals and celebrations continued since forefathers’. The lyrics speaks about the presence of sacred places for circumambulations such as the paradise, Chokor Lhasa and Lhodrak Kharchu blessed each by Guru Rinpoche, Shakyamuni (the Buddha) and Namkhai Nyingpo, respectively. It says one should circumambulate in such places in order to achieve consecration and accomplishments from great teachers named above. Therefore, this song is sung in the Mongar locality and particularly in front of (in the presence of) great lamas and religious monks, but not at random occasions or events. It is a zhungdra song. 

༉  མོང་སྒར་རྫོང་ཁག་ འབྲས་སྤུངས་རྒེད་འོག་ལས་ ཞབས་བྲོའི་སྡེ་ཚན་ཅིག་གིས་ འཁོར་བ་ཟེར་བའི་གཞུང་སྒྲ་འདི་ གཡུས་ལྷ་ཁང་ནང་ལུ་ དགའ་སྟོན་གྱི་སྐབས་རྐྱབ་དོ་ཡོདཔ་ཨིན། འ་ནཱི་གཞུང་སྒྲ་འདི་ དང་ཕུའི་ཕ་མའི་སྐབས་ལས་རང་ ཆོ་ག་དང་དགའ་སྟོན་གྱི་སྐབས་ རྐྱབ་སྲོལ་ཡོད་མི་འདི་ ད་ལྟོའི་བར་ན་ཡང་རྐྱབ་སྲོལ་ཡོདཔ་ཨིན། གཞུང་སྒྲ་འདི་ སྐྱེས་བུ་དམ་པ་དཔེར་ན་ གུ་རུ་རིན་པོ་ཆེ་དང་ཤཱཀྱ་མུ་ཎི་ བླམ་ནམ་མཁའི་རྙིང་པོ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ གནས་རྩ་ཅན་ དཔེར་ན་ ཆོས་འཁོར་ལྷ་ས་དང་ལྷོ་བྲག་མཁར་ཆུ་ཚུའི་སྐོར་ལས་བཤདཔ་ཨིན། གཞུང་སྒྲ་འདི་གིས་ ང་བཅས་ སངས་རྒྱས་ཀྱི་གོ་འཕང་ཐོབ་ནི་དང་ གོང་ལུ་བཀོད་ཡོད་པའི་སྐྱེས་བུ་དམ་པ་ཚུ་དང་གནས་རྩ་ཅན་ཚུ་ མཇལ་དགོ་ཟེར་བའི་དོན་སྟོནམ་ཨིན། འ་ནཱི་གཞུང་སྒྲ་འདི་ མོང་སྒར་ས་ཁོངས་ནང་ལུ་ དུས་སྟོན་རྩ་ཅན་གྱི་སྐབས་ བླམ་རྩ་ཅན་ཚུའི་སྐུ་མདུན་ལུ་འཐེན་དོ་ཡོདཔ་ཨིན།

Transcript search
No results found for this search
0 of 0
  • WEBVTT
  • Drepung gewog dancers: བསྐོར་བ་ལ་ཡོད་དོ་བསྐོར་བ་ལ་ཟངས་མདོག་དཔལ་རི་བསྐོར་བ་ལ་བྱོན། ། བྱིན་རླབས་དང་དངོས་གྲུབ་ཞུ་ན། །[བླ་མ་ཨོ་རྒྱན་པདྨ་འབྱུང་གནས་ལས་ཞུ། ། དངོས་གྲུབ་ཞུ། །?]
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་
  • Drepung gewog dancers: བསྐོར་བ་ལ་ཡོད་དོ་བསྐོར་བ་ལ་ཆོས་འཁོར་ལྷ་ས་བསྐོར་བ་ལ་བྱོན། ། བྱིན་རླབས་དང་དངོས་གྲུབ་ཞུ་ན། །ཤཱཀྱ་མུ་ནེ་ལས་ཞུ། ། [དངོས་གྲུབ་ཞུ། །?]
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་
  • Drepung gewog dancers: བསྐོར་བ་ལ་ཡོད་དོ་བསྐོར་བ་ལ་ལྷོ་བྲག་མཁར་ཆུ་བསྐོར་བ་ལ་བྱོན། ། བྱིན་རླབས་དང་དངོས་གྲུབ་ཞུ་ན། །ནམ་མཁའི་སྙིང་པོ་ལས་ཞུ། །[དངོས་གྲུབ་ཞུ?]།། །།
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་