Video Overview
It is performed with dramnyen accompaniment. This song is performed in New Year's celebrations, religious festivals, birthdays, summer parties, and during the harvest.
- Tsang
- དྲང་སོང་ལགས།
- དྲང་སོང་རྒས་དང་མི་རྒས་རྒས་པའི་དབུ་ལ་གཟིགས་དང་།
- ཨཱ་དྲུང་ལགས།
- སྐྱོས་པའི་སྐྲ་ལོ་ནག་པོ།
- དཀར་པོའི་དུང་ལ་ཕྱིན་སོང་།
- ལྕང་མ་རིང་ཐུང་མེད་པ།
- མཛེ་བ་ཕུ་ཡི་ལྕང་མ།
- ཨཱ་དྲུང་ལགས།
- རི་ཐུང་ག་ལ་ཡོང་ང།
- སངས་རྒྱས་ཁོང་གི་གཏབ་ཡོད།
- འོ་རེ་ལུང་པའི་ཕུ་ནས།
- གསེར་གྱི་ཆུ་ཞིག་རྒྱུགས་ཡོད།
- ཨཱ་དྲུང་ཨ།
- གསེར་ཆུ་ག་འགྲོ་ས་ལ།
- ལོ་ཡི་རྩ་བ་ཚུགས་སོང་།
- འོ་རེ་ལུང་པའི་ཕུ་ན།
- གསེར་ཆེན་མེ་ཏོག་འཁྲུང་ཡོད།
- ཨཱ་དྲུང་ཨ།
- བསམ་ཡང་སེར་ཆེན་བསམ་བྱུང་།
- འཁྲུང་ཡང་སེར་ཆེན་འཁྲུང་སོང་།
- བཀྲ་ཤིས་ཤོག
- ཨཱ་ཅེ་ཉི་མ་སྐྱིད་ལགས།
- ཨཱ་ཅེ་ཉི་མ་སྐྱིད་ལགས།
- མཐོ་རེང་ལ་མོ་རྒྱབ་སོང་།
- པང་ཁེབ་ལྗང་ཆེན་ལྗང་ཆུང་།
- འོ་པའི་ཟུར་དུ་ལུས་སོང་།
- ལྗང་ཆེན་ལྗང་ཆུང་དབར་ལ།
- ལྗང་ཆུང་ཆུ་རི་ཤིག་ཤིག
- ལྗང་ཆུང་ལྗང་ཆེན་དབར་ལ།
- སྒྲུལ་ལྡན་ཚེ་རིང་སྐྱིད་ཁག
- མཐོ་པོ་ཅོག་ཙེའི་རི་ལ།
- འགྲོ་མཁན་སྨུག་པའི་སྒྲིབ་སོང་།
- ཕྱིན་ནས་སློབས་ཚེ་འདུག་སྟོ།
- འགྲོ་བའི་དབང་ཆ་མི་འདུག
- ལྕགས་ཟམ་ཟམ་པའི་སྒང་ལ།
- འགྲུལ་པ་ཕར་འགྲོ་ཤིག་ཤིག
- ཅེ་ཅེས་ཉི་མ་སྐྱིད་ལ།
- གཟིམ་ཆུང་ནང་ལ་ཕེབས་ཤོག
- འཇམ་པའི་བལ་ལ་ཡོལ་བའི།
- འུར་རྡོ་ཆུ་མིག་དགུ་སྒྲིག
- རྡོག་གཞུང་གཞུང་ནས་འབུས་པས།
- ས་སྐྱ་གཞུང་རུ་བབས་སོང་།
- ས་སྐྱ་ཕོ་གཞོན་མོ་གཞོན།
- རྡོ་ལ་ངོས་འཛིན་གནང་དང་།
- རྡོ་ལ་ངོས་འཛིན་བྱུང་ན།
- རང་ཡུལ་གཞུང་ལ་ལོག་འགྲོ།
- བཀྲ་ཤིས་ཤོག