05 Feb 2016
4 min 4 sec
Video Overview
Creators:
Monika Subba, Kuenzang Wangmo
༉ གཞུང་སྒྲའི་གླུ་གཞས་ སྟེང་ཕྱོགས་ལྷ་ཡུལ་དབུས་ལ། །གསེར་གྱི་མཚོ་མོ་འཁྱིལ་ཡོད། །ཟེར་ དགེ་ལེགས་ཕུག་དཔལ་རི་ཐང་ལུ་སྦེ་ གཞི་རྟེན་ཤེས་ཡོན་སློབ་སྦྱོང་འབད་མི་ པདྨ་ཆོས་སྒྲོན་དང་ཆ་རོགས་ཚུ་གིས་འབད་འཐེནམ་ཨིན་པས། གླུ་གཞས་འཐེན་སྡོད་པའི་བར་ན་ སྐད་ཨ་ཙི་ཆུང་ཀུ་ཡར་སོ་ཡི་ ཟེར་སླབ་མི་འདི་ ཁོང་ཆ་ཁྱབ་ཀྱི་སློབ་སྟོན་པ་ཨིན་པས། སློབ་སྟོན་པ་འབདཝ་ལས་ ཁོང་ཆ་ཁྱབ་ལུ་ལེགས་བཅོས་འབད་དོ་ཡོདཔ་ཨིན་མས། མ་གཞི་གླུ་གཞས་འདི་ དོན་ཆེད་བསྔགས་འབད་དེ་འཐེན་པ་ཅིན་ ཡར་ལོངས་ཏེ་འཐེན་དགོཔ་ཨིན་རུང་ ཁོང་ཆ་ཁྱབ་ ཤེས་ཡོན་སློབ་སྦྱོང་འབད་བའི་བསྒང་འབདཝ་ལས་ ལྷག་དེབ་ནང་བལྟ་སྟེ་འཐེནམ་ཨིན་པས།
The Pema Choden and her friends, who are students in education, sang the zhungdra song “Tengchog Lhayul Yul La.” Since the participants do not know the lyrics to the song, they need to read while singing.
- Gelephu
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsསྟེང་ཕྱོགས་ལྷ་གཡུས་ཡུལ་ལ། །In the destination of God’s Paradise.
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsགསེར་གྱི་མཚོ་མོ་འཁྱིལ་ཡོད། །There is a golden stagnate lake.
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsགསེར་གྱི་མཚོ་མོའི་ནང་ལས། །From the golden lake.
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsགསེར་གྱི་བུམ་པ་འཁྲུངས་ཡོད། །A golden vase is born.
- པདྨ་་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsགསེར་གྱི་བུམ་པའི་ནང་ལས། །From the golden vase.
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsགསེར་གྱི་མེ་ཏོག་ཤར་ཡོད། །The golden flower is bloom.
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsམེ་ཏོག་བུམ་པ་ཆ་འདི།By breaking the vase of flower.
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsབླམ་དང་ལྷ་ལུ་ཕུལ་གེ །Let’s offer to the god and spiritual teacher.
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsམེ་ཏོག་བུམ་པ་ཆ་འདི། །By breaking the vase of flower.
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsཡི་དམ་ལྷ་ལུ་ཕུལ་གེ །Let’s offer to tutelary deity.
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsཤོ་མོ་དགའ་ལ་དགའ་ལ། །
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsདགའ་བའི་མཚན་ལྡན་མཇལ་ཤོག །
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsཤོ་མོ་སྐྱིད་ལ་སྐྱིད་ལ། །
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsསྐྱིད་་པའི་དགོན་བཟང་འགྲིམ་ཤོག །
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsབདག་ལ་ཨོམ་སང་མ་ཎི། །
- པདྨ་ཆོས་སྒྲོན་དང་ཆ་རོགས Pema Choden and Friendsཡར་སོ་དམ་པའི་ཆོས་ལ་སྐྱབས་སུ་མཆོ་ལ། ། ཡར་སོ་དམ་པའི་ཆོས་ལ་སྐྱབས་སུ་མཆི། །