Video Overview
Rang Chung from Shungthung village sings the song “Goenpa Serlay.” Rang Chung says he learnt this song from the elderly Zow Yidam in his village. This song is usually sung at the occasion of groundbreaking and consecration ceremonies of monasteries, temples, stupas, palaces, fortresses and houses. It is sung to create a positive interconnection, or tendrel, either individually or in groups, in which case there can be an accompanying dance. The song is mainly dedicated to the mythological craftsman master Zow Beshu Karma for the architectural skills he exhibited at the construction of ladder from the thirty-one heavenly realms to earth.
༉ བཀྲ་ཤིས་སྒང་ཆ་འདུས་ ཕོངས་མེད་རྒེད་འོག་ གཡུས་ཤུན་ཏུང་ལས་རང་ཆུང་གིས་ དགོན་པ་གསེར་ལས་གྲུབ་པའི་དཔོན་གཡོག་ཚོ་ཟེར་བའི་གླུ་གཞས་འདི་འཐེན་ཏེ་འདུག གླུ་གཞས་འདི་གི་ཚིག་དང་འཁྲིལ་བ་ཅིན་ རང་སྐྱིད་སྡུག་ཕོག་སྡོད་པའི་གནས་སྟངས་ནང་འཐེན་ནི་གི་གླུ་གཞས་ཅིག་ཨིན་པས། དེ་ཡང་ དགོན་པ་གསེར་ལས་གྲུབ་པའི་དཔོན་གཡོག་ཚོ། །ཉི་མ་ཤར་གྱི་ཕྱོགས་སུ་མི་བྱོན་ག །ཁྲི་གདུགས་ཉི་མ་འདྲ་བའི་རྟ་ཕོ་བཙུགས། །ཞོ་ཤེལ་ཟླ་བ་འདྲ་བའི་སྒ་ཆས་སྒྲོན། །སྐར་མ་སྨིན་དྲུག་མང་པོ་སོ་སོར་གྱེས། །མ་རིག་མུན་པ་སེལ་བར་མི་འབྱོན་ག་ཟེར་ དཔེ་དེ་ཚུ་ལུ་སྦྱར་ཏེ་འབད་རུང་ དོན་ངོ་མ་ རང་གི་སྐྱིད་སྡུག་དེ་སེལ་བར་མི་འབྱོན་ག་ ཟེར་བའི་ཚུལ་ཅིག་ཨིན་མས།
- Trashigang
- Phongme
- རང་ཆུང་Rangchung: དགོན་པ་གསེར་ལས་སྒྲུབ་པའི་དཔོན་གཡོག་གཙོ། །ཉི་མ་ཤར་གྱི་ཕྱོགས་སུ་མི་བྱོན་ག །ཉི་མ་ཤར་གྱི་ཕྱོགས་སུ་མི་བྱོན་ག །
- རང་ཆུང་Rangchung: ཁྲི་གདུགས་ཉི་མ་འདྲ་བའི་[རྟ་ཕོ་གཙོ?]། །ཞོ་ཤེལ་ཟླ་བ་འདྲ་བའི་དགའ་ས་དྲན། །ཞོ་ཤེལ་ཟླ་བ་འདྲ་བའི་དགའ་ས་དྲན། །
- རང་ཆུང་Rangchung: སྐར་མ་སྨིན་དྲུག་མང་པོ་སོ་སོ་སྐྱེས། །མ་རིག་མུན་པ་སེལ་བར་མི་བྱོན་ག །མ་རིག་མུན་པ་སེར་བར་མི་བྱོན་ག །
- རང་ཆུང་Rangchung: ཕོ་ཤིང་སྟག་པ་འདྲ་བའི་[རྟ་ཕོ་གཙོ?]། །མོ་ཤིང་ལང་མ་འདྲ་བའི་དགའ་ས་དྲན། །མོ་ཤིང་ལང་མ་འདྲ་བའི་དགའ་ས་དྲན། །
- རང་ཆུང་Rangchung: ཆུ་་་་ ཤིང་ལ་ཤིང་ཆེན་མང་པོ་སོ་སོ་སྐྱེས། །ཀ་བཞི་གདུང་བཞི་བཙུགས་པར་མི་བྱོན་ག །ཀ་བཞི་གདུང་བཞི་བཙུགས་པར་མི་བྱོན་ག །
- རང་ཆུང་Rangchung: ཆུ་ལ་ཆུ་ཆེན་ འཛོལ་སོ་ཡི།
- རང་ཆུང་Rangchung: ཡས་རི་གཙང་ཆུ་འདྲ་བའི་[རྟ་ཕོ་གཙོ?]། །སྐྱིད་ཆུ་སྔོན་མོ་འདྲ་བའི་མི་བྱོན་ག །སྐྱིད་ཆུ་སྔོན་མོ་འདྲ་བའི་དགའ་ས་(མི་བྱོན་ག) །
- རང་ཆུང་Rangchung: ཆུ་ལ་ཆུ་ཆེན་མང་པོ་སོ་སོ་སྐྱེས། །དངུལ་གྱི་བུམ་ཆུ་འདེགས་པར་མི་བྱོན་ག །དངུལ་གྱི་བུམ་ཆུ་འདེགས་པར་མི་བྱོན་ག །
- རང་ཆུང་Rangchung: ལགས་སོ་བཀྲིན་ཆེ།། །།