Skip to main content Skip to search
22 Jun 2018
6 min 25 sec
Video Overview
Creators: 
Duptho, Sonam Chophel

Pema Lhadon from Phimshong village sings “Goenpo Serlay,” a song that reflects the feelings of love and kindness among members of a community. It is said that a great spiritual master with profound knowledge of religious texts composed it. This song is sung when great religious masters, civil servants and other important persons visit the village. The lyrics to the song talk about the loyalty that should be observed in relation to spiritual masters and leaders. It also reminds people of the great deeds of kings and high-ranking officials. 

༉  བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཕིམ་སོང་ལས་པདྨ་ལྷ་སྒྲོན་གྱིས་ གླུ་གཞས་དགོན་པ་གསེར་ལས་གྲུབ་པའི་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་ཡང་ བླམ་སྦོམ་ཅིག་གིས་བརྩམས་གནང་གནངམ་ཨིན་རུང་ ནམ་བརྩམས་བརྩམས་ཨིན་ནའི་ཟླ་ཚེས་ཚུ་གཏན་གཏན་མེདཔ་ཨིནམ་ད་ གཡུས་དེ་ནང་འབད་བ་ཅིན་ གླུ་གཞས་འདི་ བླམ་དང་གལ་ཆེ་བའི་འགོ་དཔོན་ཚུ་འབྱོན་པའི་སྐབས་འཐེན་དོ་ཡོདཔ་ཨིན་མས། གླུ་གཞས་འདི་ད་ལྟོ་ཚུན་ཚོད་ སྒྲ་བཟུང་འབད་འབདཝ་ཡང་མེདཔ་མ་ཚད་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ ཕྱི་ཁའི་གླུ་གཞས་དང་སྙན་ཆ་ཚུ་ལུ་སྤྲོ་བ་ལེན་ཏེ་ དང་ཕུ་གི་གླུ་གཞས་ཚུ་ མི་རྒས་ཤོ་ཚུ་ལས་ལྷབ་ནི་གི་སྤྲོ་བ་མི་ལེན་དོ་ཡོདཔ་ད་ སྤྲོ་བ་བསྐྱེད་མི་ཨ་ཙི་རེ་ཡོད་དེ་འབད་རུང་ འགྲན་བསྡུར་གྱི་དོན་ལས་རྐྱངམ་ཅིག་མ་གཏོགས་ སྤྲོ་བ་མིན་འདུག་ཟེར་ ཞུ་དགོ་མི་དེ་ཡང་ འགྲན་བསྡུར་འབད་མི་ན་གཞོན་ཚུ་གིས་ འགྲན་བསྡུར་འབད་ཚར་བའི་ཤུལ་ལས་ དེ་བཟུམ་གྱི་དང་ཕུ་གི་གླུ་གཞས་ཚུ་འཐེན་ས་མི་མཐོང་དོ་ཡོདཔ་ཨིན།

Transcript search
No results found for this search
0 of 0
  • པད་མ་ལྷ་སྒྲོན་
    Pema Lhadon: དགོན་པ་གསེར་ལས་སྒྲུབ་པའི་དཔོན་གཡོག་གཙོ། །ཉི་མ་ཤར་གྱི་ཕྱོགས་སུ་མི་བྱོན་ག །ཉི་མ་ཤར་གྱི་ཕྱོགས་སུ་མི་བྱོན་ག །
  • པད་མ་ལྷ་སྒྲོན་
    Pema Lhadon: ཁྲི་གདུགས་ཉི་མ་འདྲ་བའི་རྟ་ཕོ་གཙོ། །ཞོ་ཤེལ་ཟླ་བ་འདྲ་བའི་[དགའ་ས་?]དྲན། །ཞོ་ཤེལ་ཟླ་བ་འདྲ་བའི་[དགའ་ས་?]དྲན། །
  • པད་མ་ལྷ་སྒྲོན་
    Pema Lhadon: དགོན་པ་གསེར་ལས་སྒྲུབ་པའི་དཔོན་གཡོག་གཙོ། །ཉི་མ་ལྷོ་ཡི་ཕྱོགས་སུ་མི་བྱོན་ག །ཉི་མ་ལྷོ་ཡི་ཕྱོགས་སུ་མི་བྱོན་ག །
  • པད་མ་ལྷ་སྒྲོན་
    Pema Lhadon: སེང་ཆེན་དཀར་མོ་འདྲ་བའི་རྟ་ཕོ་གཙོ། །མ་རིག་མུན་པ་སེལ་བའི་[དགའ་ས་?]དྲན། །མ་རིག་མུན་པ་སེལ་བའི་[དགའ་ས་?]དྲན། །
  • པད་མ་ལྷ་སྒྲོན་
    Pema Lhadon: དགོན་པ་གསེར་ལས་སྒྲུབ་པའི་དཔོན་གཡོག་གཙོ། །ཉི་མ་ནུབ་ཀྱི་ཕྱོགས་སུ་ལ་མི་བྱོན་ག །ཉི་མ་ནུབ་ཀྱི་ཕྱོགས་སུ་མི་བྱོན་ག །
  • པད་མ་ལྷ་སྒྲོན་
    Pema Lhadon: ཤ་བ་རྭ་བཅུ་འདྲ་བའི་རྟ་ཕོ་གཙོ་། །སྐར་མ་སྨིན་དྲུག་འདྲ་བའི་[དགའ་ས་?]དྲན། །སྐར་མ་སྨིན་དྲུག་འདྲ་བའི་[དགའ་ས་?]དྲན། །
  • པད་མ་ལྷ་སྒྲོན་
    Pema Lhadon: ཕོ་ཤིང་སྟག་པ་འདྲ་བའི་རྟ་ཕོ་གཙོ། །མོ་ཤིང་ལང་མ་འདྲ་བའི་[དགའ་ས་?]དྲན། །
  • པད་མ་ལྷ་སྒྲོན་
    Pema Lhadon: ཤིང་ཆེན་གྱི་མང་པོ་མ་བཙུགས་ན། །ཀ་བཞི་གདུང་བཞི་བཙུགས་པའི་[དགའ་ས་?]དྲན། །ཀ་བཞི་གདུང་བཞི་བཙུགས་པ་[དགའ་ས་?]དྲན། །
  • པད་མ་ལྷ་སྒྲོན་
    Pema Lhadon: ཆུ་ཆེན་གྱི་མང་པོ་མ་བཙུགས་ན། །ཆུ་མར་མར་འདྲ་བའི་[དགའ་ས་?]དྲན། །
  • པད་མ་ལྷ་སྒྲོན་
    Pema Lhadon: ལགས་སོ་ཟེར་ ཆུ་འདི་ཡར་ལྟ་སྟེ་མི་འགྱོ་ མར་ལྟ་རྐྱངམ་ཅིག་འགྱོ་འོང་ཟེར་ནུག་བ་ཏེ་ལགས། ཆུ་མར་མར་འདྲ་བའི་ཟེར། ཧ་ཧ་ཧ་་་་་ ཆུ་མར་མར་འདྲ་བའི་[དགའ་ས་?]དྲན་ཟེར་ ཤིང་ལེ་ཤ་མེད་རུང་ ཀ་བཞི་གདུང་བཞི་ཅིག་ལང་པ་ཅིན་ ལེགས་ཤོམ་འདུག་བ་ལགས་ཏེ།། །།