Skip to main content Skip to search
28 Jan 2016
9 min 28 sec
Video Overview
Creators: 
Rinzin Dema, Tshering Bidha

The group of women comes together and performs this song by singing and dancing together. Four women start performing first with great enthusiasm, and later on another woman join them. This kind of song and dance is easy to learn, and it can be easily remembered as well.

 

དགུང་སངས་མཐོན་མོ་གཡས་ལས་ཆོས་གནང་དོ། །ཁྲི་གདུགས་ཉི་མ་གཡོན་ལས་ཆོས་ཞུ་དོ། །ཟེར་ ཧཱ་ སངས་སྐྱིད་རི་ལས་ ནང་གི་ཨམ་ཆ་ཁྱབ་ཀྱིས་ ག་ནི་བ་སྤྲོ་བ་ཆེ་ཏོག་ཏོ་འབད་དེ་ ལེའུ་དང་བཅསཔ་སྦེ་འཐེན་ཏེ་འདུག འགོ་བཙུགསཔ་ད་ ཁོང་ཨམ་བཞི་ལས་མེད་རུང་ ཁོང་བཞི་གིས་ སྤྲོ་བ་ཆེ་ཏོག་ཏོ་འབད་གླུ་གར་འཁྲབ་ད་ སྤྲོ་བ་ཧེང་སྐལ་རང་བྱུང་སྟེ་ བར་སྐབས་ཅིག་ལས་ ཨམ་གཅིག་འཛུལ་སྦེ་ ཁོང་ཨམ་ལྔ་གིས་འབད་ ག་ཅི་འདེ་ སྤྲོ་བ་ཆེ་ཏོག་ཏོ་འབད་དེ་ གླུ་གར་འཁྲབ་སྟེ་འདུག གླུ་གཞས་ཀྱི་ཚིག་ཚུ་ གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་ཀྱི་ཚིག་ འཇམ་ཏོང་ཏོ་ སེམས་ཁར་བཞག་དགོ་བདེ་ཏོག་ཏོ་འབདཝ་ལས་ ཁོང་ག་ར་གིས་ དུ་རུ་རུ་སྦེ་འཐེནམ་ཨིན་མས།

 

Transcript search
No results found for this search
0 of 0
  • གསང་སྐྱིད་རིའི་ཨམ་ཚུ
    སླབ་མས། ང་བཅས་ན་སངས་སྐྱིད་རི་ནང་གི་ཨམ་ཚུ་གིས་ཁ་ཐུག་ལས་ཏེ་ ཞབས་ཁྲ་བོད་སྒྲ་ དགུང་ས་མཐོན་མོ་གཡས་ལས་ཆོས་གནང་དོ་ཟེར་ ཕུལ་ནི་འབད་དོ་ལགས།
  • གསང་སྐྱིད་རིའི་ཨམ་ཚུ
    ད་ཨིན་ན?
  • གསང་སྐྱིད་རིའི་ཨམ་ཚུ
    དགུང་ས་མཐོན་མོ་གཡས་ལས་ཆོས་གནང་དོ་ གཡས་ལས་ཆོས་གནང་། །
  • གསང་སྐྱིད་རིའི་ཨམ་ཚུ
    ཁྲི་གདུགས་ཉི་མ་གཡས་ལས་ཆོས་ཞུ་ གཡས་ལས་ཆོས་ཞུ། །
  • གསང་སྐྱིད་རིའི་ཨམ་ཚུ
    དཔའ་བོའི་གེ་སར་རྒྱལ་པོ་གྲ་ལྷ་གཅིག་ཆགས་ གྲ་ལྷ་གཉིས་ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    བུ་མོའི་༼མོ་༽ཤེས་ལྕམ་སྒྲོལ་མ་གྲོ་ལྷ་གཅིག་ཆགས་ གྲོ་ལྷ་གཉིས་ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    གངས་སྟོད་མཐོན་མོ་གཡས་ལས་ཆོས་གནང་དོ་ གཡས་ལས་ཆོས་གནང་། །
  • གསང་སྐྱིད་རིའི་ཨམ་ཚུ
    གངས་སེང་དཀར་མོ་གཡས་ལས་ཆོས་ཞུ་ གཡས་ལས་ཆོས་ཞུ། །
  • གསང་སྐྱིད་རིའི་ཨམ་ཚུ
    དཔའ་བོའི་གེ་སར་རྒྱལ་པོ་གྲོ་ལྷ་གཅིག་ཆགས་ གྲོ་ལྷ་གཉིས་ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    བུ་མོའི་ཤེས་ལྕམ་སྒྲོལ་མ་གྲོ་ལྷ་གཅིག་ཆགས་ གྲོ་ལྷ་གཉིས་ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    ནགས་སྟོད་མཐོན་མོ་གཡས་ལས་ཆོས་གནང་ གཡས་ལས་ཆོས་གནང་། །
  • གསང་སྐྱིད་རིའི་ཨམ་ཚུ
    སྟག་མོའི་རིས་མཛེས་གཡས་ལས་ཆོས་ཞུ་ གཡས་ལས་ཆོས་ཞུ། །
  • གསང་སྐྱིད་རིའི་ཨམ་ཚུ
    དཔའ་བོའི་གེ་སར་རྒྱལ་པོ་གྲོ་ལྷ་གཅིག་ཆགས་ གྲོ་ལྷ་གཉིས་ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    བུ་མོའི་ཤེས་ལྕམ་སྒྲོལ་མ་གྲོ་ལྷ་གཅིག་ཆགས་ གྲོ་ལྷ་གཉིས་ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    སྤང་གཤོང་བདེ་མོ་གཡས་ལས་ཆོས་གནང་དོ་ གཡས་ལས་ཆོས་གནང་། །
  • གསང་སྐྱིད་རིའི་ཨམ་ཚུ
    ཤྭཝ་རྒས་རྭ་བཅུ་གཡས་ལས་ཆོས་ཞུ་ གཡས་ལས་ཆོས་ཞུ། །
  • གསང་སྐྱིད་རིའི་ཨམ་ཚུ
    དཔའ་བོའི་གེ་སར་རྒྱལ་པོ་གྲོ་ལྷ་གཅིག་ཆགས་ གྲོ་ལྷ་གཉིས་ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    བུ་མོའི་ཤེས་ལྕམ་སྒྲོལ་མ་གྲོ་ལྷ་གཅིག་ཆགས་ གྲོ་ལྷ་གཉིས་ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    དགོན་བཟང་མཐོན་མོ་གཡས་ལས་ཆོས་གནང་ གཡས་ལས་ཆོས་གནང་། །
  • གསང་སྐྱིད་རིའི་ཨམ་ཚུ
    སེམས་ཀྱི་ལྷ་མོ་གཡས་ལས་ཆོས་ཞུ་ གཡས་ལས་ཆོས་ཞུ། །
  • གསང་སྐྱིད་རིའི་ཨམ་ཚུ
    དཔའ་བོའི་གེ་སར་རྒྱལ་པོ་གྲོ་ལྷ་གཅིག་ཆགས་ གྲོ་ལྷ་གཉིས་ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    བུ་མོའི་ཤེས་ལྕམ་སྒྲོལ་མ་གྲོ་ལྷ་གཅིག་ཆགས་ གྲོ་ལྷ་གཉིས་ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    རྫོང་ཆེན་མཐོན་མོ་གཡས་ལས་ཆོས་གནང་ གཡས་ལས་ཆོས་གནང་། །
  • གསང་སྐྱིད་རིའི་ཨམ་ཚུ
    དབང་ཆེན་དཔོན་མ་གཡས་ལས་ཆོས་ཞུ་ གཡས་ལས་ཆོས་ཞུ། །
  • གསང་སྐྱིད་རིའི་ཨམ་ཚུ
    དཔའ་བོའི་གེ་སར་རྒྱལ་པོ་གྲོ་ལྷ་གཅིག་ཆགས་ གྲོ་ལྷ་གཉིས་ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    བུ་མོའི་ཤེས་ལྕམ་སྒྲོལ་མ་གྲོ་ལྷ་གཅིག་ཆགས་ གྲོ་ལྷ་གཉིས་ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    གཡུས་བཟང་མཐོན་མོ་གཡས་ལས་ཆོས་གནང་ གཡས་ལས་ཆོས་གནང་། །
  • གསང་སྐྱིད་རིའི་ཨམ་ཚུ
    ཡབ་ཡུམ་གཉིས་ཀུ་གཡས་ལས་ཆོས་ཞུ་ གཡས་ལས་ཆོས་ཞུ། །
  • གསང་སྐྱིད་རིའི་ཨམ་ཚུ
    དཔའ་བོའི་གེ་སར་རྒྱལ་པོ་གྲོ་ལྷ་གཅིག་ཆགས་ གྲོ་ལྷ་གཅིག་༼གཉིས་༽ཆགས། །
  • གསང་སྐྱིད་རིའི་ཨམ་ཚུ
    བུ་མོའི་ཤེས་ལྕམ་སྒྲོལ་མ་གྲོ་ལྷ་གཅིག་ཆགས་ གྲ་ལྷ་གཉིས་ཆགས། །ལགས་སོ།