Skip to main content Skip to search
26 Apr 2019
3 min 25 sec
Video Overview
Creators: 
Dradul Dorjay, Tsegona

This song praises the teacher, but it also emphasizes the relationship between teacher and student, as inseparable as water and fish.

གཞས་འདི་ནི་དགེ་རྒན་ལ་བསྟོད་པའི་གཞས་ཤིག་ཡིན་པ་དང་། དགེ་སློབ་བར་གྱི་འབྲེལ་བ་ནི་ཆུ་དང་གསེར་ཉ་ཇི་བཞིན་བྲལ་དུ་མེད་པའི་གནས་ལུགས་ཀྱང་མཚོན་ཡོད།

这是一首颂扬老师之歌,也体现了师生之间的关系是似水如鱼不可分离的。

འགྲོ་བ་མིའི་རིགས་ལ་མཚོན་ན་དགེ་རྒན་ནི་ལམ་སྟོན་གྱི་སྒྲོན་མེ་དང་བློ་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན་ལ། གནའ་དེང་གང་གི་ཆ་ལའང་དགེ་རྒན་ལ་གུས་པར་བྱ་བ་དང་བཀའ་དྲིན་རྗེས་སུ་དྲན་པའི་སྤྱོད་བཟང་དཔེ་ལེགས་ཡོད་པ་དེ་དར་སྤེལ་བྱེད་བཞིན་ཡོད། རང་རའི་བོད་ལ་མཚོན་ནའང་དགེ་རྒན་ལ་གུས་པར་བྱ་བའི་སྲོལ་རྒྱུན་བཟང་པོ་ནམ་ཡང་དོར་མེད་པ་ནི་གཞས་འདིའི་གཞས་ཚིག་ལས། དགེ་རྒན་ལགས། ཁྱེད་ནི་དྭངས་ཤིང་གསལ་བའི་ཆུ་བོ་ཡིན། དགེ་རྒན་ལགས། ང་ནི་ཁྱེད་ལ་དུངས་པའི་གསེར་ཉ་ཡིན། དགེ་རྒན་ལགས། ཁྱེད་ནི་མཛེས་ཤིང་སྡུག་པའི་ཨུད་པལ་ཡིན། ང་ནི་ཁྱེད་ལ་དགའ་བའི་རྐང་དྲུག་ཡིན་ཟེར་བ་སོགས་ནས་ཤེས་ཐུབ་བོ། ། 

对于人类而言,老师是指明道路的灯塔,开启智慧的钥匙,如此自古就有尊师重教的优良传统,藏地自然也是如此,正如这首歌里所言:“老师,您如纯净而透明的水,我如爱水的金鱼

老师,您如美丽而优雅的青莲花,我如爱你的蜜蜂