Skip to main content Skip to search
27 Jan 2016
3 min 3 sec
Video Overview
Creators: 
Sonam Chophel, Khandu, Enchung Lhamo, Jamyang Lhamo

Everything in Bhutanese culture is in some respect influenced by Buddhism. Before eating or drinking anything, a short prayer is said, and a small morsel is placed on the floor as an offering to the local spirits and deities. Gods may not be visible or directly eating those offerings, but the Bhutanese believe that making offerings before eating or drinking will result in good fortune.

 

ང་བཅས་ར་ སྐྱབས་ནང་པ་དཀོན་མཆོག་གསུམ་ལུ་ བསྟེན་མི་ཆ་ཁྱབ་ག་ར་གིས་ ལྟོ་ཅིག་ཟ་རུང་ ཇ་ཅིག་འཐུང་རུང་ ཐ་ན་ ཆུ་ཅིག་ལས་མ་འཐུང་རུང་ དཀོན་མཆོག་ལུ་མཆོད་ཞིན་ན་ལས་རྐྱངམ་ཅིག་ ཟ་འཐུང་ལུ་ལོངས་སྤྱོད་དོ་ཡོདཔ་ཨིན། དེ་སྦེ་འབད་དགོ་མི་དེ་ཡང་ དཀོན་མཆོག་ཟེར་མི་འདི་ མ་གཞི་ སོ་སོ་སྐྱེ་བོ་ཐ་མལ་པ་རང་བཟུམ་ཅིག་གིས་ དངོས་སུ་སྦེ་མཇལ་ཚུགས་པའི་དངོས་ཅན་ཅིག་རྩ་ལས་མེད་རུང་ རང་གི་སེམས་ཀྱི་གདིང་ལས་རང་ དད་པ་དང་ བསྐྱེད་དེ་ ལྟོ་ཕུད་དང་ཇ་ཕུད་ ཆང་ཕུད་ལ་སོགས་པ་ག་ཅི་ར་ཨིན་རུང་ ཕུད་བཅད་དེ་དྲངས་པ་ཅིན་ རང་བསོད་ནམས་གསག་ནི་གི་གཞི་ཅིག་ཨིནམ་ལས་ ད་ལྟོ་ སྤུ་ན་ཁ་ནོརཔ་སྒང་ལས་མགོན་པོ་གིས་ མཆོད་བཤམས་ནང་ཕུལ་མི་འདི་ ཇ་ཕུད་བཅད་དེ་ཕུལཝ་ཨིན་པས།

 

Transcript search
No results found for this search
0 of 0
  • མགོན་པོ། Goenpo
    ཇ་ཕུད་ ཕུལ་དགོ་པས།
    we have to offer tea
  • མགོན་པོ། Goenpo
    མ་པ་ང་བཅས་རའི་ ཏེ་ལྷ་འདྲེ་་་ལྷ་འདྲེ་མི་གསུམ་ སྤྱོད་ལམ་གཅིག་ཟེར་ལགས།
    actually we the people,god and demons have the same conduct
  • མགོན་པོ། Goenpo
    ང་བཅས་ར་ ག་ཅི་ར་བཟའ་རུང་ ག་ཅི་ར་འཐུང་རུང་ ག་ཅི་ར་དེམ་འབད་དགོ་རུང་ཡང་ ཏེ་ད་ ཆང་ཅིག་ལས་མ་འཐུང་རུང་ ཇ་ཅིག་ལས་མ་འཐུང་རུང་ ཏེ་བཞེས་སྒོ་ག་ཅི་ཅིག་ལས་མ་བཟའ་རུང་
    so what ever we do like even if we drink tea,alcohol and eat food
  • མགོན་པོ། Goenpo
    ཏེ་ད་ བླམ་དཀོན་མཆོག་གསུམ་འདི་ གནམ་མེད་ས་མེད་གལ་ཆེ་ཏོག་ཏོ་ ང་བཅས་ཀྱི་ཏེ་ སྐྱབས་དང་མགོན་མཛད་མི་དེ་
    tripple gem should be remembered, since they protect us.
  • མགོན་པོ། Goenpo
    ང་བཅས་ཀྱི་ བྱ་བ་ལས་འགྲོས་ ག་ཅི་ར་ལེགས་ཤོམ་འགྱོ་དགོ་རུང་ ཏེ་ང་བཅས་ཀྱི་ བླམ་དཀོན་མཆོག་གསུམ་དེ་ ཏེ་གཅིག་གཅིག་ ང་བཅས་ར་གི་ དྲིན་ཅན་ཕམ་བ་ལྷག་པའ
    if we want our worldly affairs to go smoothly, the the tripple gem should be revered more than our parents
  • མགོན་པོ། Goenpo
    བླམ་དཀོན་མཆོག་གསུམ་ཟེར་མི་འདི་ ཏེ་ད་ ང་བཅས་ འཇིག་རྟེན་འཛམ་གླིང་ནང་ལས་ཕར་ ཏེ་དངམ་ཅིག་ ག་ཏེ་ཡང་མིན་འདུག་ལགས།
    tripple gem is not found in this world
  • མགོན་པོ། Goenpo
    ང་བཅས་ཀྱིས་ཏེ་ བཟའ་རུང་ཡང་ ཁོང་ལུ་ ཧེ་མ་ང་བཅས་ར་ མ་བཟའཝ་ལས་ ཁོང་ལུ་ཕུད་བཅད་ ཕུད་འདི་ཁོང་ལུ་དྲངས་ འདི་ལས་ འདི་ལས་བརྟེན་དེ་གིས་སྦེ་ བྱིན་རླབས་འདི་ ང་བཅས་ར་ཞུ།
    what ever we eat we have to offer first to the triple gem, and receive the blessings
  • མགོན་པོ། Goenpo
    ཏེ་ དེ་ལས་ ད་ ང་བཅས་ར་ ཆང་ཅིག་མ་འཐུང་རུང་ར་ ཕུད་དེ་ ང་བཅས་ར་ བླམ་དཀོན་མཆོག་གསུམ་ལུ་ཏེ་ དྲང་དགོ་ཟེར་ ཞུ་ནི་ལགས།
    even if we drink alcohol also have to offer first to our tripple gem
  • མགོན་པོ། Goenpo
    དེ་ལས་ བླམ་དཀོན་མཆོག་གསུམ་དྲངས་ད་ཞིནམ་ལས་ ཏེ་འདི་ལས་ འདིའི་བྱིན་བརླབས་འདི་ ང་བཅས་ར་ཞུ།
    after offering to the tripple gem then have to receive the blessings
  • མགོན་པོ། Goenpo
    ཏེ་ བཞེས་སྒོ་ཅིག་ར་མ་བཟའ་རུང་ འདི་ལས་ཤིང་འབྲས་ ག་ཅི་གི་ ང་བཅས་གི་ ཁ་ལས་མར་ལུ་ ང་བཅས་འགྲོ་བ་མི་གིས་ མ་བཟའན་མ་ཤེས་ མ་འཐུངན་མ་ཤེས་ ག་ཅི་འབད་ཚེ་གཅིགཔ་འདི་
    even if we eat also and all the eatable and drinkabe things that we people eat and drinks
  • མགོན་པོ། Goenpo
    ཏེ་ ང་བཅས་ར་གི་ བླམ་དཀོན་མཆོག་གསུམ་འདི་ ཏེ་དཔང་བཙུགས་སྦེ་ དེམ་སྦེ་མཛད་ད་པ་ཅིན་ ཏེ་ང་བཅས་ར་ བྱ་བ་ལམ་འགྲོས་འདི་ ག་ཅི་ར་འབད་ས་ཅིག་རུ་ ལས་འབྲས་སླུ་བ་མི་སྲིད་པས།
    if we entrust our tripple gem then what ever steps we take in our life will be taken care of
  • མགོན་པོ། Goenpo
    ལཱ་འདི་ ག་ཅི་ར་འབད་ས་ཅིག་རུང་ ཏེ་ལེགས་ཤོམ་སྦེ་ འགྱོ་བཏུབ་པའི་ རྒྱབ་སྐྱོར་ཅིག་ཏེ་ གཞན་ག་ཅི་ཡང་མེད། བླམ་དཀོན་མཆོག་གསུམ་རྐྱངམ་ཅིག་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
    So whatever you do in life, entrust the tripple gem and no other shall be able to guide you like he does.