Skip to main content Skip to search
15 Dec 2011
29 min 40 sec
Rating
0
No votes yet
Video Overview
Creators: 
Charles Ramble, Martino Nicoletti
  • ༄། །ཕྱག་ལ་གསུམ་ཅིག་མི་འབུལ། །ཕྱག་ལ་གསུམ་ཅིག་འབུལ་ལོ། །རྩ་བའི་བླ་མ་མཇལ་བའི་ཕྱག་ལ་གསུམ་ཅིག་འབུལ་ལོ། །ཕྱི་མའི་ཡར་འདྲེན་མཇལ་བའི་ཕྱག་ལ་གསུམ་ཅིག་འབུལ། །
  • ཕྱག་ལ་གསུམ་ཅིག་མི་འབུལ། །ཕྱག་ལ་གསུམ་ཅིག་འབུལ་ལོ། །འགོ་འདྲེན་དཔོན་པོ་མཇལ་བའི་ཕྱག་ལ་གསུམ་ཅིག་འབུལ། །ཁམས་གསུམ་དབང་འདུས་མཇལ་བའི་ཕྱག་ལ་གསུམ་ཅིག་འབུལ། །
  • ཕྱག་ལ་གསུམ་ཅིག་མི་འབུལ། །ཕྱག་ལ་གསུམ་ཅིག་འབུལ་ལོ༎དྲིན་ཆེན་ཕ་མ་མཇལ་བའི་ཕྱག་ལ་གསུམ་ཅིག་འབུལ། །བསོད་བདེའི་རྒྱབ་བརྟེན་མཇལ་བའི་ཕྱག་ལ་གསུམ་ཅིག་འབུལ། །
  • གངས་སྟོད་མཐོ་ལ་པོ། །གངས་སྨད་ཀྱི་དམའ་མོ་འདྲ་ཅིག་བྱས༎དེ་འདྲའི་ཕྱོགས་ཡ་ལ་དར་སེང་ངས་བློ་གཏད་བཅོལ་ལ་ཡོད་དོ་ཞུ། །དེ་འདྲའི་ཕྱོགས་ཡ་ལ་གཡུ་རལ་ངས་བློ་གཏད་ཅིག་བཅོལ་ལ་ཡོད་དོ་ཞུའོ། །
  • གངས་སྟོད་མཐོ་ལ་པོ། །གངས་སྨད་ཀྱི་དམའ་མོ་འདྲ་ཅིག་བྱས༎དེ་འདྲའི་ཕྱོགས་ཡ་ལ་དར་སེང་ངས་བློ་གཏད་བཅོལ་ལ་ཡོད་དོ་ཞུ། །དེ་འདྲའི་ཕྱོགས་ཡ་ལ་གཡུ་རལ་ངས་བློ་གཏད་ཅིག་བཅོལ་ལ་ཡོད་དོ་ཞུའོ། །
  • རྫ་སྟོད་མཐོ་ལ་པོ། །རྫའི་སྨད་དམའ་མོ་འདྲ་ཅིག་བྱས། །དེ་འདྲའི་ཕྱོགས་ཡ་ལ་འབྲོང་ཆུང་ངས་བློ་གཏད་ཅིག་བཅོལ་ལ་ཡོད་དོ་ཞུའོ། །དེ་འདྲའི་ཕྱོགས་ཡ་ལ་རྭ་རྩེ་ངས་བློ་གཏད་ཅིག་བཅོལ་ལ་ཡོད་དོ་ཞུའོ། །
  • རྫ་སྟོད་མཐོ་ལ་པོ། །རྫའི་སྨད་དམའ་མོ་འདྲ་ཅིག་བྱས། །དེ་འདྲའི་ཕྱོགས་ཡ་ལ་འབྲོང་ཆུང་ངས་བློ་གཏད་ཅིག་བཅོལ་ལ་ཡོད་དོ་ཞུའོ། །དེ་འདྲའི་ཕྱོགས་ཡ་ལ་རྭ་རྩེ་ངས་བློ་གཏད་ཅིག་བཅོལ་ལ་ཡོད་དོ་ཞུའོ། །
  • ཕོ་བྲང་དམར་པོའི་གྲིབ་ལ་སོ། །སོའོ་ཡ་ལ་སོའོ། །ལྕང་བསེབ་ཤར་ལ་བཀབ་ལ་སོང་སྨུག་བཀྲ་ཤིག །ལྕང་བསེབ་ཤར་ལ་བཀབ་ལ་ སོང་སྨུག་བཀྲ་ལེ་ཤིག །
  • ཕོ་བྲང་དམར་པོའི་གྲིབ་ལ་སོ། །སོའོ་ཡ་ལ་སོའོ། །ལྕང་བསེབ་ཤར་ལ་བཀབ་ལ་སོང་སྨུག་བཀྲ་ཤིག །ལྕང་བསེབ་ཤར་ལ་བཀབ་ལ་ སོང་སྨུག་བཀྲ་ལེ་ཤིག །
  • ད་ལོ་ལྕང་བསེབ་ཤར་ལ་ནི། །སོའོ་ཡ་སོའོ། །ཡར་སྐྱེད་ཡོང་བ་ཡོད་ལ་དོ་སྨུག་བཀྲ་ལེ་ཤིག །ཡར་སྐྱེད་ཡོང་བ་ཡོད་ལ་དོ་སྨུག་བཀྲ་ལེ་ཤིག །
  • ད་ལོ་ལྕང་བསེབ་ཤར་ལ་ནི། །སོའོ་ཡ་སོའོ། །ཡར་སྐྱེད་ཡོང་བ་ཡོད་ལ་དོ་སྨུག་བཀྲ་ལེ་ཤིག །ཡར་སྐྱེད་ཡོང་བ་ ཡོད་ལ་དོ་སྨུག་བཀྲ་ལེ་ཤིག །
  • ༄། །འོ་ན་ལེགས་སོ། །འོ་ན་ལེགས་སོ། །སྔོན་མོ་གྲི་ལ་གྲི་བཤད་ཅིག་ཡོད་དང་མེད། །གཞོན་པ་ཚོ་བཤད་རྒྱུ་ཡོད་ན་ཤོད་དང་ལ་བཤད་རྒྱུ་མེད་ན་བཤད་པས་ཆོག་ཉོན། །
  • འོ་ན་ལེགས་སོ། །འོ་ན་ལེགས་སོ། །སྔོན་མོ་གྲི་ལ་གྲི་བཤད་ལོས་ཀྱང་ཡོང་ལ་མཁས་པ་ཚོ་ཞུ་བས་ཆོག་བསན༎
  • འོ་ན་ལེགས་སོ། །འོ་ན་ལེགས་སོ། །དཔའ་དམ་ཆ་ལ་གང་འདྲ་ཅིག་ཞུ། །ཅི་ལ་འདྲ་ཅིག་ཞུ་བ་ལགས་སོ་ཡིན་ནམ་ལ་ཨ་བ་ལགས་སོ་སྙིང་ནི་སངས་སེ་སངས་སྙིང་ལ་སངས་པ་དགྲ་བོ་འདུལ་རྒྱུ་ཡིན། །
  • འོ་ན་ལེགས་སོ། །འོ་ན་ལེགས་སོ། །དཔའ་དམ་ཆ་ལ་མགོན་པོ་ཡི་དྲག་སུམ་ཅིག་ཞུ་བ་ལགས་སོ་མིན་ནམ་ལ་ཨ་བ་ལགས་སོ་སྙིང་ནི་སངས་སེ་སངས་སྙིང་ལ་སངས་པ་དགྲ་བོ་འདུལ་རྒྱུ་ཡིན། །
  • འོ་ན་ལེགས་སོ། །འོ་ན་ལེགས་སོ། །དཔའ་ལུང་ཆ་ལ་ག་འདྲ་ཅིག་ཞུ། །ཅི་ལ་འདྲ་ཅིག་ཞུ་བ་ལགས་སོ་ཡིན་ནམ་ལ་ཨ་བ་ལགས་སོ་སྙིང་ནི་སངས་སེ་སངས་སྙིང་ལ་སངས་པ་དགྲ་བོ་འདུལ་རྒྱུ་ཡིན། །
  • འོ་ན་ལེགས་སོ། །འོ་ན་ལེགས་སོ། །དཔའ་ལུང་ཆ་ལ་དར་མཚོན་གྱི་སྣེ་ལྔ་ཅིག་ཞུ་བ་ལགས་སོ་མིན་ནམ་ལ། །ཨ་བ་ལགས་སོ་སྙིང་ནི་སངས་སེ་སངས་སྙིང་ལ་སངས་པ་དགྲ་བོ་འདུལ་རྒྱུ་ཡིན། །
  • འོ་ན་ལེགས་སོ། །འོ་ན་ལེགས་སོ། །གྲི་ཤུབ་ཆ་ལ་གང་འདྲ་ཅིག་ཞུ། །ཅི་འདྲ་ཅིག་ཞུ་བ་ལགས་སོ་ཡིན་ནམ་ལ་ཨ་བ་ལགས་སོ་སྙིང་ནི་སངས་སེ་སངས་སྙིང་ལ་སངས་པ་དགྲ་བོ་འདུལ་རྒྱུ་ཡིན། །
  • འོ་ན་ལེགས་སོ། །འོ་ན་ལེགས་སོ། །གྲི་ཤུབ་ཆ་ལ་སེང་ལྡེང་གི །ཁ་སྦྱོར་ཅིག་ཞུ་བ་ལགས་སོ་མིན་ནམ་ལ་ཨ་བ་ལགས་སོ་སྙིང་གི་སངས་སེ་སངས་སྙིང་ལ་སངས་པ་དགྲ་བོ་འདུལ་རྒྱུ་ཡིན། །
  • འོ་ན་ལེགས་སོ། །འོ་ན་ལེགས་སོ། །གྲི་ཞགས་ཆ་ལ་གང་འདྲ་ཅིག་ཞུ། །ཅི་ལ་འདྲ་ཅིག་ཞུ་བ་ལགས་སོ་ཡིན་ནམ་ལ། །ཨ་བ་ལགས་སོ་སྙིང་གི་སངས་སེ་སངས་སྙིང་ལ་སངས་པ་དགྲ་བོ་འདུལ་རྒྱུ་ཡིན། །
  • འོ་ན་ལེགས་སོ། །འོ་ན་ལེགས་སོ། །གྲི་ཞགས་ཆ་ལ་ལོ་ལེགས་ཀྱི། །ལྗང་པ་ཅིག་ཞུ་བ་ལགས་སོ་མིན་ནམ་ལ། །ཨ་བ་ ལགས་སོ་སྙིང་གི་སངས་སེ་སངས་སྙིང་ལ་སངས་པ་དགྲ་བོ་འདུལ་རྒྱུ་ཡིན། །