Video Overview
During the annual archery event called Lodha, archers go to the archery ground and invite the local deities and dharma protectors from Tibet and Bhutan to accompany them to next range and to the temple. This song praises the local deities and gives them thanks, and calls on them to accept the offerings.
༉ དར་དཀར་ན་རྫོང་ཁག་ བ་ལུང་གཡུས་ཚན་བཟུམ་གྱི་མཐའ་ཟུར་གཡུས་སྒོ་ཚུ་ནང་ གཞས་འཐེན་ནི་ལམ་སྲོལ་འདི་ ཉམས་ནི་གུ་ཐུག་ཡོདཔ་ད་ འདི་ཡང་ དཔེར་ན་བ་ལུང་གཡུས་ཚན་ནང་བཟུམ་ཅིག་འབད་བ་ཅིན་ གཞས་ཤེས་མི་ཨཔ་རྡོ་རྗེ་རྐྱངམ་ཅིག་གུ་ཐུག་ཡོད་རུང་ ན་གཞོན་ཚུ་གིས་ ཕམ་བཟངམ་དང་རྒྱལ་བ་གོངམ་ཚུ་གིས་བརྩམས་གནང་བའི་ གཞས་འདི་ཚུ་ལྷབ་ནི་ལུ་ སྤྲོ་བ་དང་དང་འདོད་མི་བསྐྱེད་དོ་ཡོདཔ་མས། ལོ་མདའི་སྐབས་སུ་ མདའ་རྩེདཔ་ཚུ་ འབའ་ཐང་ནང་འཛོམས་ཏེ་ གཞས་འདི་འཐེན་ཞིནམ་ལས་ གཡུས་ལྷ་དང་ཆོས་སྐྱོང་སྲུང་མ་ཚུ་གདན་འདྲེན་ཞུ་ གསོལཝ་བཏབ་སྟེ་ བཀའ་དྲིན་དགའ་ཚོར་ཚུ་ཞུཝ་ཨིན་མས། ད་ལྟོ་རྡོ་རྗེ་གིས་འཐེན་མི་གཞས་འདི་ ལོ་མདའི་བཀྲ་ཤིས་ལེགས་སོའི་གླུ་གཞས་འདི་འཐེནམ་ཨིན་པས།
- ཨཔ་རྡོེ།Ap Dorji: དེ་ལས་ཡར་ལས་མར་ལོག་སྟེ་འོངམ་ད་ལུ་ ཨ་ལེགས་སོ་ལེགས་སོ། ། དཔལ་ཆགས་པ་ལེགས་སོ། ། བཀྲ་ཤིས་པར་ལེགས་སོ། ། གཡང་ལ་ཆགས་པ་ལེགས་སོ། །
- ཨཔ་རྡོེ།Ap Dorji: ཨ་ལེགས་སོ་ལེགས་སོ། ། ཨ་རྟག་ག་ཞུ་ཕྱོགས་ལུ་འབྱོན་དགོ་དགོ། ད་རིས་ཞུ་བའི་ཕྱོགས་ལུ་འབྱོན་དགོ་དགོ། ཁྱོད་ཐུགས་རུ་ང་དང་ཕྲག་དོག་མ་མཛད་པར། ཞིཝ་བྱང་ཆུབ་ཧ་ལས་བསྒོམ་སྟེ། དཔལ་ཆགས་པ་ལེགས་ཟེར་ ཡར་ལས་མར་ལྟ་འགྱོ་དགོ་ལགས། ཡར་ལས་མར་ལྟ་འོངམ་ད་ལུ་
- ཨཔ་རྡོེ།Ap Dorji: ཨ་ལེགས་སོ་ལེགས་སོ། ། ལོ་ན་ཧིང་ཟེར་ཏེ་་་་ སྤང་གསེར་ཤོག་་་་ སྤང་སྒྲིལ་ཤོག་སྤང་གི་མ་འདི་ཁ་ལུ། ལོ་ལ་ན་ཧིང་ཟེར་ཏེ་ཧ་ལ། ལོ་དུས་ཅི་ཟེར་ཏེ་མ་ཕྱི་དགོ། ལོ་དུས་དང་ཞག་གི་མཆོད་པ་ཕུལ་བ་འོང་དོ་ལ། ཐུགས་རུ་ང་དང་ཕྲག་དོག་མ་མཛད་པར། ཞིཝ་བྱང་ཆུབ་ཧ་ལས་བསྒོམ་སྟེ་ དཔལ་ཆགས་པ་ལེགས། ཏེ་དེ་ལས་མར་གྱི་ ཡར་ལས་མར་གྱི་འདི་ལྷོད།། །།