Skip to main content Skip to search
01 Sep 2018
3 min 59 sec
Video Overview
Creators: 
Unknown

Druba from Samdrupcholing sings a song called "Tashi Labey". It can be traced back to the time of the second king. There are different Tashi Labey songs with different tunes for separate occasions, but always as prayers for auspiciousness. This recorded Tashi Labey is performed when an archery match is finished.

༉  ཨ་ལེགས་པས་ལེགས་པས་ཟེར་མི་གླུ་གཞས་འདི་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ཡོངས་གྲགས་ཅན་གྱི་བཀྲ་ཤིས་ལེགས་སྤེལ་གྱི་གླུ་གཞས་ཅིག་ཨིནམ་ད་ ང་བཅས་ར་གཞུང་འབྲེལ་གྱི་དུས་སྟོན་བརྩི་སྲུང་ག་ཅི་ར་འབད་རུང་ མཇུག་བཀྲ་ཤིས་ལེགས་སྤེལ་གྱིས་འབད་ཞིན་ན་མཇུག་བསྡུ་སྲོལ་ཡོདཔ་ཨིན། དེ་སྦེ་མཇུག་ལུ་བཀྲ་ཤིས་ལེགས་སྤེལ་གྱིས་འབད་མཇུག་བསྡུ་དགོ་མི་དེ་ཡང་ དུས་ཅི་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་འཛོམས་ཡོདཔ་བཟུམ་སྦེ་ར་ སང་ཕོད་ཡང་ནཝ་ཚཝ་རྐྱེན་བར་ཆད་སོགས་ག་ནི་ཡང་འབྱུང་མ་བཅུག་པར་ལོག་སྟེ་ར་མཇལ་ཚུགས་པའི་སྨོན་ལམ་ཚུ་བཏབ་ཨིན་པས། གླུ་གཞས་འདི་ནམ་ལས་བྱུང་བྱུངམ་ཨིན་ན་གཏན་གཏན་ཅིག་མ་ཤེས་ཏེ་འབད་རུང་ འབྲུག་རྒྱལ་གཉིས་པའི་སྐབས་ལས་ར་འཐེན་སྲོལ་དང་རྐྱབ་སྲོལ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • གྲུ་པ། Duba
    ཨ་ལེགས་པས་ལེགས་པས། ལེགས་པས་ས། །ཨ་ལེགས་པས་ཕྱོགས་ལས་ཞུ་ཅིག་གེ་ཞུ་ཆི་གེ །
  • གྲུ་པ། Duba
    དགུང་ལ་མཐོ་བ་ནམ་མཁའི་དཀྱིལ་འཁོར་ན་དབའི། །འོད་ལ་གསལ་ཁྲི་གདུགས་ཉི་མ་བཞུགས་ཉི་མ་བཞུགས། །
  • གྲུ་པ། Duba
    ཡར་དགུང་ཧིང་དབུས་ལ་བཀྲ་ཤིས་པས། །དགུང་ལ་ཁྲི་གདུགས་ཉི་མ་གཡང་ཆགས་པས་གཡང་ཆགས་པས། །
  • གྲུ་པ། Duba
    ད་བཀྲ་ཤིས་གཡང་ཆགས་གཉིས་ཀུ་སྨོ་དབའི། །ངེའི་ཁང་བཟང་ཁྲ་མོ་བྱོན་དགོ་པས་བྱོན་དགོ་པས། །
  • གྲུ་པ། Duba
    ལོ་འདི་དུས་ཅི་དགའ་བ་སང་ཕོད་སྐྱིད་དབའི། །བཀྲ་ཤིས་པའི་མངའ་ཐང་དགུང་ལས་བཞེས་དགུང་ལས་བཞེས། །
  • གྲུ་པ། Duba
    སྐྱེསཔ་རང་གི་འཆམ་པའི་འཆམ་ཚད་གླུ། །རང་ལྷ་དང་དཔལ་གྱི་འཆམ་ན་འཆམ་འཆམ་ན་འཆམ། །
  • གྲུ་པ། Duba
    ཡར་ལྷ་དང་དཔལ་གྱི་དབའི་འཆམ་ན་འཆམ་དབའི། །རོགས་འདྲེ་དང་ངང་པོ་འཆམ་མ་བཅུག་འཆམ་མ་བཅུག། ཟེར་འ་ནེ་སྦེ་ དུམ་དུམ་སྦེ་བཅད་བཞག་ཅི་ང་གིས།