Skip to main content Skip to search
26 Apr 2019
6 min 14 sec
Video Overview
Creators: 
Dradul Dorjay

Dokdro is a type of dance that originated in U-Tsang and shows such characteristics ་of U-Tsang dances. 

རྡོག་བྲོ་ནི་དབུས་གཙང་ཡུལ་གྱི་སྟོད་གཞས་ལས་གྱེས་པའི་དབུས་ཕྱོགས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་ཞབས་བྲོའི་བྱེ་བྲག་ཅིག

是由卫藏地区传统的“堆”分化而成的一种舞蹈。(踢踏舞是来自中藏地区堆谐中具有代表性的舞蹈部分。)

རྡོག་བྲོ་ལ་བོད་ལྗོངས་ལྷ་རྩེ་རྫོང་ལྟེ་བ་ཡིན་པའི་བྱང་ལུགས་དང་དིང་རི་རྗོང་ལྟེ་བ་ཡིན་པའི་ལྷོ་ལུགས་བཅས་ལུགས་མི་འདྲ་བ་གཉིས་སུ་གྲུབ། དེ་གཉིས་ཀྱི་འཁྲབ་ལུགས་ལ་གར་གྱི་སྟངས་སྟབས་དང་རོལ་ཆའི་དཀྲོལ་ལུགས་སོགས་ཀྱི་ཆ་ནས་མི་འདྲ་ས་དུ་མ་ཡོད། དཔེར་ན་ལྷོ་ལུགས་ལ་མཚོན་ན་མངའ་རིས་སྒྲ་སྙན་དང་པི་ཝང་རྒྱུད་གསུམ་མ་གཉིས་ཀ་རམ་དཀྲོལ་ཡིན་པ་དང་། བྱང་ལུགས་ནི་མངའ་རིས་སྒྲ་སྙན་རྐྱང་བའི་རམ་དཀྲོལ་ཡིན། གར་ཉམས་ཀྱི་ངོས་ནས་བརྗོད་ན་བྱང་ལུགས་ཀྱི་རྡོག་བྲོ་ནི་སྤྲོ་སྐྱིད་ལྡན་ཞིང་ཤེད་ཤུགས་ལྡན་ལ་མགྱོགས་མྱུར་ཆེ་བའི་ཁྱད་ཆོས་ལྡན། ལྷོ་ལུགས་ལ་མཚོན་ལ་བྲོ་ལ་རང་དབང་ལྡན་ཞིང་ལྷོད་ཆ་དོད་པའི་ཁྱད་ཆོས་ལྡན། ལུགས་གཉིས་ཀའི་ཐུན་མོང་གི་ཁྱད་ཆོས་ནི་རྐང་བ་ཤུགས་ཀྱིས་སར་རྡུང་བ་ལས་འགྲོས་མཉམ་པའི་རྡོག་སྒྲ་ཐོན་པ་ཡིན། 

依据历史传统,则分为以拉孜县为中心的北派和以定日县为中心的南派,两者在舞蹈风格和乐器弹奏方面略有差别。北派如阿里扎念,欢快而有力;南派的风格轻缓随意。两者共同点在于用力蹬脚,舞步统一整齐。