Video Overview
Kato Kyi from Sonak village in Tsekhok tells the story of how a clever rabbit stole a tantric practitioner's bag.
- གནའ་གནའ་ཞིག་ལ་ཝ་མོ་ཞིག་དང་།
- སྤྱང་ཀི་ཞིག་དང་རི་བོང་ཞིག
- དེ་ཚོ་བསྡད་ནས་བསྡད།
- སྐྱ་མི་ཞིག་རྒྱུགས་ནས་ཡོང་བ་ཡིན།
- དེ་ནས་རི་བོང་གིས་ཨ་རོད་ཚོ།
- སྐྱ་མི་གན་སྔགས་པ་ཞིག་རེད།
- གན་གྲོང་ཆོག་ལ་སོང་ནི་ཡིན་རྒྱུ་རེད།
- གན་གི་ལག་ལ་ལེན་རྒྱུ་ཞིག་ཡོད་གི
- ང་ཚོས་ལེན་ཟེར།
- དེ་ནས་སྤྱང་ཀི་ཡིས་ང་ཚོས་ཅི་ལྟར་ལེན་ཟེར།
- བློ་ཡོད་ནི་རེད་ཟེར།
- རྩིབ་ལ་ཐོན་དུས་ཝ་མོ་ཁྱོད་གན་གི་མཐོང་ས་ནས་ཀྱོ་ནས་སོང་།
- ངེད་གཉིས་གན་ནས་གླེབ་ལ་འདུག
- ཀྱོ་ནས་སོང་དང་འཛིན་ལ་འཛིན་ལ་བྱེད་དུས་ཇེ་མགྱོགས་ལ་ཐོངས།
- དེ་འདྲ་བྱས་ནས་སོང་ན་གན་གིས་རྟ་བཏག་ནས།
- ཁྱོད་འཛིན་རྒྱུ་བྱེད་ནི་རེད།
- དེ་འདྲ་བྱས་ནས་འཛིན་དུ་མ་འཇུག
- མི་མཐོང་ས་ལ་ཁྲིད་ནས་སོང་།
- ཁྲིད་ནས་སོང་ལ་ངེད་གཉིས་ཀྱིས་རྟ་ཡི་རྒྱབ་ཀྱི་ཤ་བདག་ལེན་ཟེར།
- ཡ་ཟེར།
- ཐོན་དུས་ཝ་མོ་དེ་ནས་ཀྱོ་ནས་སོང་།
- ཁོ་ཡིས་མཐོང་ས་ནས་ཀྱོ་ནས་སོང་།
- དེ་ནས་སྔགས་པ་དེ་ཡིས་རྟ་ཞོན་ནས་བདའ།
- འདི་རྐང་ཐང་ལ་བདའ་ན་འཛིན་ཐུབ་འདོད་ནས།
- རྟ་བཏག་སྟེ་བདའ་ནས་སོང་བས།
- འཛིན་ལ་མི་འཛིན་ལ་བྱས་ནས་རི་རྒྱུད་ཅིག་གི་ཕུག་ལ་སོང་།
- དེ་ནས་རི་བོང་དང་སྤྱང་ཀི་གཉིས་ཀྱིས།
- རྟ་ཡི་རྒྱབ་ཀྱི་ཤ་བདག་བླངས་ནས་ཁྱེར་སོང་།
- ཁྱེར་ནས་ཕུག་ཅིག་ལ་སོང་།
- དེ་ནས་ཝ་ཡིས་ཁྱེར་སོང་བ་འདོད་པའི་ཚད་ལ་བྲོས་སོང་།
- སྔགས་པ་ཕྱིར་ཡོང་དུས་ཤ་མེད་ནི་རེད།
- ཝ་དེ་སྤྱང་ཀི་དང་རི་བོང་གཉིས་ཀྱི་རྩིབ་ལ་སོང་དུས།
- ཏ་ལེན་ཞིག་ཡོད་ནི་རེད།
- ཏ་ལེན་དེ་ཁ་ཕྱེ་ཟེར་ནས་བལྟ་དུས།
- ནང་ན་མདའ་རིལ་ཞིག་ཡོད་ནི་རེད།
- རྔ་ཞིག་ཡོད་ནི་རེད།
- ཞུན་ཞིག་ཡོད་ནི་རེད།
- རི་བོང་གིས་ནང་ན་རྔ་ཞིག་ཡོད་གི
- འདི་སྤྱང་ཀི་ཁྱོས་ཁྱེར།
- དེ་ཁྱེར་ནས་སོང་དང་སྤྱང་ཕྲུག་ཚོའི་མགོ་ནས་རྡུང་ལ།
- སྤྱང་ཕྲུག་ཚོ་རྩེད་བ་དང་ནར་ཡང་སོན་པ་རེད།
- ཡ་ཟེར།
- མདའ་རིལ་ཞིག་ཡོད་གི
- འདི་ཝ་ཁྱོས་ཁྱེར་ལ་སོང་།
- ཝ་ཕྲུག་ཚོའི་མགོ་ནས་གཡུག་ལ།
- ཝ་ཕྲུག་ཚོ་རྩེད་ཡང་རྩེད་ནི་རེད་ལ་དགའ་ནི་རེད།
- རྡར་ཞིག་ཡོད་གི
- འདི་ངས་གྲི་ཆག་རྡར་བྱེད་ལ་བཟང་གི་ཟེར།
- འདི་ངས་ཁྱེར་ནས་འགྲོ་ཟེར་ནས་ཞུན་ཁོ་ཡིས་ཁྱེར་སོང་།
- ཡང་ཁོ་ཚོར་བགོ་བྱ་བྱས་ནས།
- ཁོ་ཚོ་རང་རང་ས་སོང་།
- སྤྱང་ཀི་སོང་ནས་སྤྱང་ཕྲུག་ཚོའི་མགོ་ནས་གཡུག་དུས།
- སྤྱང་ཕྲུག་ཚོ་སྐྲག་ནས་སྙིང་བཀད་དེ་ཤི་སོང་།
- དེ་ནས་ཝ་ཡིས་མདའ་རིལ་གཡུག་དུས།
- ཝ་ཕྲུག་ཚོ་སྐྲག་ནས་སྙིང་བཀད་ནས་ཤི་སོང་།
- དེ་ནས་ཚང་མ་ཤི་སོང་།
- དེ་ནས་རི་བོང་སོང་ནས་ཞུན་རྒྱག་ཆད་པ་ཞིག་ཟོས་ནས།
- ཁོ་གཉིས་རྒྱལ་རྩོད་དུ་ཡོང་ནི་རེད་འདོད་ནས།
- ཆུ་ནང་ནས་འགུལ་ལོག་བྱས་ནས།
- ཕྱེ་མ་ནང་ནས་འགུལ་ལོག་བྱས་ནས།
- ཁ་ལ་འཇག་མ་ཡིས་བཅད་ནས་ཁྲག་ཡོང་དུ་བཅུག་ནས།
- བྲག་རྩ་ཞིག་ནས་སྒོང་ནས་བསྡད།
- དེ་ནས་སྤྱང་ཀི་ཡོང་ནས་ཝ་ལ།
- མདང་དགོང་ངས་སྤྱང་ཕྲུག་ཚང་མར་འདི་ལྟར་གཡུག་ནས།
- སྤྱང་ཕྲུག་ཚང་མ་གནམ་ན་ལྡིང་ནས།
- ངས་རྩེད་པ་འདོད་ནས་རྗེས་སུ་ཤི་སོང་།
- ཚང་མ་ཤི་ཐལ།
- ཁྱོད་ལ་ཅི་བྱུང་ཟེར་དུས།
- ངའི་ཝ་ཕྲུག་ཚང་མ་ཡང་དེ་ལྟར་ཤི་ཐལ་ཟེར།
- རི་བོང་གིས་ངེད་གཉིས་ལ་མགོ་གཡོག་པ་རེད།
- ངེད་གཉིས་འགྲོ་དང་རི་བོང་ལ་རྒྱལ་རྩོད་ཟེར།
- ཁོ་གཉིས་ཡོང་དུས་རི་བོང་བྲག་རྩ་ཞིག་ན་ཤི་ལ་ཉེ།
- ཁྱོས་ངེད་གཉིས་ཀྱི་མགོ་གཡོག་ནས།
- ངེད་གཉིས་ཀྱིས་ཝ་ཕྲུག་སྤྱང་ཕྲུག་ཚང་མ་ཤི་སོང་ཟེར།
- ངས་ཁྱོད་གཉིས་ཀྱིས་མགོ་གང་ནས་གཡོག་ཟེར།
- ངས་ཀྱང་རྡར་ངན་པ་དེ་ཁྱེར་ཡོང་ནས།
- ང་ལ་ཡང་ན་ཚ་བྱུང་ཐལ།
- སྔགས་པ་དེ་གཉེན་པོ་ཞིག་རེད།
- ང་ཡང་ཤི་ལ་ཉེ་ཟེར་ནས་ཁ་གྲགས་མི་ཐུབ་པ་བཅོས་ནས་བསྡད།
- ཝ་དང་སྤྱང་ཀི་གཉིས་ཀྱིས་རི་བོང་ཁོ་ཡང་ཤི་ལ་ཉེ།
- སྔགས་པ་དེ་གཉེན་པོ་ཞིག་རེད་འདོད་ནས།
- ཁོ་གཉིས་ཕྱིར་ལ་ཡོང་།
- རི་བོང་གིས་ཞུན་ཟོས་ནས་བསྡད།