Skip to main content Skip to search
01 Sep 2018
2 min 43 sec
Video Overview
Creators: 
Monika Subba, Kencho Wangmo

The woman in the audio is named Som Maya Tamang and she is 81 years old. She is from Zhentsho, Tursa and has three sons. She is staying with her three granddaughters who are attending school in classes 10, 8 and 5. Due to her old age she can no longer work on the farm so instead she is helping to raise the granddaughters.

བསམ་རྩེ་རྫོང་ཁག་ ལ་ཆུང་ཐང་ལས་ སོམ་མ་ཡ་ཏ་མང་གིས་ ང་བཅས་ར་འབྲུག་རྒྱལ་ཁབ་ནང་ ཁ་སྐད་ལེ་ཤ་ཅིག་ཡོད་པའི་ནང་ལས་ ཏ་མང་གི་ཁ་སྐད་ཐོག་ལས་བཤད་དོ་ཡོད་མི་འདི་ ང་བཅས་རའི་རྒྱལ་ཁབ་ནང་ ཁ་སྐད་ཀྱིས་ཕྱུག་པའི་ངོ་རྟགས་ཅིག་སྟོནམ་ཨིན་པས། སོམ་མ་ཡ་ཏ་མང་འདི་ སྐྱེས་ལོ་ ༨༡ ལངས་ཏེ་ཡོདཔ་ད་ མོ་ར་ གཡུས་གཞན་ ཚོགས་ཏུར་ས་ལས་ཨིན་མས། མོ་ལུ་ཨ་ལོ་བུ་གསུམ་ཡོདཔ་ད་ མོ་ར་ལོ་ན་ཚོད་རྒས་ནི་འདི་གིས་ གཞན་ལཱ་དང་གཡོག་འབད་མ་ཚུགས་ཏེ་འབད་རུང་ མོ་རའི་བུ་གི་བུམོ་གསུམ་ སློབ་གྲྭ་ནང་འགྱོ་མི་ཚུ་བདག་འཛིན་འཐབ་སྟེ་སྡོད་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • སོམ་མ་ཡ་གཏང་མང Som Maya Tamang
    ང་ན་ང་རང་གི་ཚམོ་ཚུ་གི་ཤེས་ཡོན་གྱི་དོན་ལུ་སྡོདཔ་ཨིན་ ཁོང་ན་སློབ་གྲྭ་ནང་དཔེ་ཆ་ལྷབ་དོ།
    I am staying here for my grand children for their education. Childrens are at school.
  • སོམ་མ་ཡ་གཏང་མང Som Maya Tamang
    ཨ་ལོ་གསུམ་ན་སྡོད་འབད་དཔེ་ཆ་ལྷབ་དོ་ དཀའ་ངལ་སྦོམ་འབད་རང་ཡོད།
    Three of them. Stayed here for childrens education. What to do. It is diffcult.
  • སོམ་མ་ཡ་གཏང་མང Som Maya Tamang
    སྦོམ་ཤོས་འདི་སློབ་རིམ་བཅུ་ཐམ་ནང་ཡོད་ དེ་ལས་བར་ན་སྐོརམ་འདི་སློབ་རིམ་བརྒྱད་པ་ནང་ དང་ཆུང་ཤོས་འདི་སློབ་རིམ་ལྔ་པ་ནང་ཨིན།
    Eldest one is in class ten, middle one is in class eight and the youngest one is in class five.
  • སོམ་མ་ཡ་གཏང་མང Som Maya Tamang
    ང་རང་འདི་འབྱོན་མཆོ ཏུར་ས་ལས་ཨིན་ ང་གི་མིང་སོམ་བ་ཡ་ཏ་མང་ཨིན། ང་ལུ་ཨཔ་དང་ཨའི་གཉིས་ཆ་རང་མེད།
    I am from Zhentsho, Tursha. My name is Som Maya Tamang. My parents (Mother and father) are no more.
  • སོམ་མ་ཡ་གཏང་མང Som Maya Tamang
    ང་གི་རྨགཔ་ཡང་མེད་ ང་ན་དཀའཝ་བཅད་སྡོད་མི་འདི་ཨལོ་ཚུ་གི་ཡོན་རྟེན་གྱི་དོན་ལུ་ཨིན།
    My husband is also no more and now I am struggling here for my grand children.
  • སོམ་མ་ཡ་གཏང་མང Som Maya Tamang
    ང་གི་ཚམོ་ག་རང་བུམོ་ཨིན་ འདི་འབད་ནི་འདི་གི་བུམོ་ཚུ་འདི་ཉེན་ཁག་ཅན་ཅིན་ཨིན་མས། འདི་འབད་ནི་འདི་གི་ང་ཁོང་དང་ཆ་སྡོད་དོ་ ཏེ་ང་རང་ཡང་ལོ་བརྒྱད་བཅུ་ཡར་སོང་ཡི།
    All of my grand children are females. Therefore females are more vulnerable, so I am staying with them for their safety. I am 80 years old.
  • སོམ་མ་ཡ་གཏང་མང Som Maya Tamang
    ང་རང་མིང་སོམ་མ་ཡ་ཏ་མང་ཨིན་ ང་གི་ཕམ་ཚུ་ག་ཡང་མེད། དེ་ལས་ང་རའི་རྨགཔ་ཡང་མེད།
    My name is Som Maya Tamang and my parents are no more. My husband has also passed.
  • སོམ་མ་ཡ་གཏང་མང Som Maya Tamang
    ང་ལུ་བུ་སྥུན་ཆ་གསུམ་ཡོད་ ཁོང་ག་རང་རང་ར་སོ་སོ་སྡོདཔ་ཨིན། ང་ནང་སྡོད་མི་འདི་ཡང་བུ་སྦོམ་ཤོས་ཀྱི་ཨ་ལོ་ཚུ་གི་དོན་ལུ་ཁོང་གི་ཤེས་ཡོན་གྱི་དོན་ལུ་ཨིན། འདི་ཡང་བུ་སྦོམ་ཤོས་ཀྱི་ཨ་ལོ་ག་རང་བུམོ་འབད་ནི་འདི་གི་ ང་ཁོང་དང་ཆ་སྡོད་དོ་ ག་ཅི་འབད་ཟེར་བ་ཅིན་ཁོ་ཉེན་ཁ་ཡོད་ནི་འདི་གི་སྲུང་རྒྱབ་འབད་སྡོད་དོ།
    I have three sons. They all seprately. Eldest son's childrens are with whom I am staying for their education. Eldest son's children are all girls and thus I am staying with them to safe guard.
  • སོམ་མ་ཡ་གཏང་མང Som Maya Tamang
    ལོ་བརྒྱད་བཅུ་ང་བཟུམ་མི་གི་འདི་གཡུས་ཁ་ལུ་ལཱ་དང་གཡོག་གཞན་འདི་ག་ནི་ཡང་འབད་མི་ཚུགས་འབད། འདི་བ་འདི་ཨལོ་ཚུ་བདག་འཛིན་འབད་སྡོདཔ་དྲག་འབད། ཏེ་ང་གི་ལཱ་གན་ཟེར་རུང་ཨལོ་བལྟ་སྡོད་ནི་ཅིག་རང་ཨིན་ ཏེ་ལཱ་གཞན་འདི་འབད་ཡང་མི་ཚུ་འབད་ ཨལོ་བལྟ་སྡོད་ནི་འདི་རང་འཇམ་མས་ ག་ཅིག་འབད་ཟེར་བ་ཅིན་ལཱ་གཞན་བཟམ་ལ་ཁག་མི་འདུག
    Eighty years old people won't have much energy and thus they won't be able to work in villages. So, therefore it's better we take care of our grand childrens. Thus my work is only to look after my grand children. I only look after them. This is more comfortable and easy, I don't have to work hard.