Video Overview
This short video is a public event of taking back a sacred relic to Gadhen temple from the residence of Tshewang Dema, where it had been kept for three nights (in accordance with a long-held tradition). It is a simple ceremonial procession done by local people, until the relic, a Yedam statue, reaches Gadhen temple. On the way, some people received blessings from the statue to purify their sins. The event is organized annually during the Yakchoe festival in Ura.
གློག་བརྙན་ཐུང་ཀུ་འདི་ ཨམ་ཚེ་དབང་སྒྲོལ་མའི་ཁྱིམ་ནང་ལས་ ཡིད་དམ་གྱི་སྐུ་འདྲ་ལོག་ཞུ་སྟེ་ དགའ་ལྡན་བླམ་གྱི་ ལྷ་ཁང་ནང་ཞུ་བའི་ མི་དམངས་ཀྱི་དུས་སྟོན་ཅིག་ཨིནམ་ད་ ཏེ་ཡི་དམ་གྱི་སྐུ་འདྲ་འདི་ སྔར་གྱི་ལུགས་སྲོལ་ལྟར་དུ་ ཨམ་ཚེ་དབང་སྒྲོལ་མའི་ཁྱིམ་ནང་ དགུང་ཞག་གསུམ་ བཞུགས་སུ་གསོལ་བའི་ཤུལ་ལུ་ སྐུ་འདྲ་འདི་ ལྷ་ཁང་ནང་མ་ཕེབས་ཚོད་ཚོད་ཀྱི་བར་ན་ མི་མང་གིས་ ཆིབས་གྲལ་མདོར་བསྡུས་ཅིག་ བཙར་བའི་མཐོང་སྣང་ཨིན་པས། ཏེ་མི་ལ་ལུ་ཅིག་གིས་ རང་གི་རྒྱུད་ལུ་ཡོད་པའི་ ལས་དང་ སྡིག་སྒྲིབ་ཚུ་དག་ཐབས་ སྐུ་འདྲ་འདི་ལས་དབང་ཞུཝ་ཨིནམ་ད་ དུས་སྟོན་འདི་ ལོ་ལྟར་བཞིན་དུ་ ཨུ་ར་གཡག་མཆོད་ཀྱི་སྐབས་སུ་ འགོ་འདྲེན་འཐབ་ཨིན་པས།
- Ura
- Bumthang
- རོལམོ་གི་སྐད། Sound of a cymbal
- དུང་དཀར་གྱི་སྐད། Sound of a conch shell
- རྒྱ་གླིང་གི་སྐད། Sound of a trumpet
- ཡ་ཁྱོད་ར་བཟེད་ད།
- ང་ད་ཅི་ལས་འཐུང་འཐུངམ་མི་དགོ
- ཨའུ་་་་ཨའུ་་་།
- བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་འགྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡི། །གོང་ནས་གོང་དུ་འཕེལ་བར་ཤོག །་་་་་་་་་་དགྲ་ལྷ་ཡིད་བཞིན་ནོར་བུ་ཁྱོད་རྣམས་ཀྱིས། བཀའ་སྲུང་ཡིད་བཞིན་ནོར་བུ་ཁྱོད་རྣམས་ཀྱིས། དགྲ་ལྷ་ཡིད་བཞིན་་་་ བདག་ཅག་བསམ་དོན་མ་ལུས་འགྲུབ་པར་མཛོད། །དེ་ལས་ཏེ།
- དེ་ལས་ཏེ་ཟེར་ཡ?
- ཕྱག་དབང་ཞུ་གེ་ནོ།
- ཡ་་་་།
- ད་འབདན་ཨའུ་་་་ཨའུ་གཏང་ཤིག་ནཱ་ལས་མར།
- ཡ་ཡ།
- ཡར་འབད་ད་ཡར་ ཁྱོད་ཚུ་ཡར་སྡོད་ད།
- ཡར་སྡོད་ཡ?
- ཨོང་ཧ་ཧ་་་།
- བདའ་མ་ཟུན་ག?
- ཤོག་ཤོག་ཨ་ཞེམོ་གི་རུབ་བྱིན་གེ་ཤོག་
- འབག་འགྱོ་གེ་མེན་ན་རྒྱ་གླིང་?
- ཁྱོད་ཀྱིས་བསྣམས་བྱོན་རུང་བྱོན་ད།
- དུང་དཀར་འཕུ་ཤིག་དུང་དཀར།
- ཨའུ་་་་ཨའུ་་་།
- ཨའུ་་་་ཨེ་འུ་འུ་་་་།
- ཨཱ་ ཨོམ་བཞོ་སྟེ་ཀྲིག་ཀྲི་ཡར་སོང་ཡི།
- ཨའུ་ཧུ་ཧུ་ཧུ་་་་་ ཨའུ་ཧུ་ཧུ་ཧུ་་་་་་་ཨའུ་་་་་།
- ཟ་ཟིང་འགྱོཝ་མས་ས་ཨ་ནཱི།
- བཙུགས་ད་ནཱ་ ཨ་ནཱ་བཙུགས།
- ང་བཅས་ར་ཨ་ནཱི་ལམ་ལུགས་དགོ་ མི་ཚུ་གིས་ལྷ་ཁང་ནང་འགྱོ་བའི་ཚེ་ ཕྲང་ཕྲང་ཕྱག་ མཆོད་བཤམ་ཁ་ཐུག་འཚལ་བཏང་མས་བ་ དེ་སྦེ་འབད་ནི་མི་འོང་།
- མི་འདི་ཚུ་ སྔུ་རང་བཅུག་དགོ་ས་གཞན་ མི་འདི་ཚུ་སྔུ་རང་བཅུག་དགོ་ས་གཞན་ ཨའུ་་་་ཨའུ་འབད་དེ་ སྔུ་ནི་ཡོད་མས་ཨམ་འདི་ཚུ་གིས།
- འ་ནཱི་སྦེ་འབད་ཞིནམ་ལས།
- ག་དེ་སྦེ་འབདན་ན་ད་ རྐང་ཁྲི་མེད་པ་ཅིན་བདའ་མི་ཟུན་ནི་མས།
- ལེགས་པས་གོ། །།