Video Overview
Kato Kyi from Sonak village in Tsekhok tells the story of three friends went hunting and one of them met a flesh-eating demon.
གྲོགས་གསུམ་རི་དྭགས་རྔོན་དུ་སོང་བའི་ལམ་ཁ་རུ་དེའི་ནང་གི་གཅིག་ཁེར་རྐྱང་དུ་སོང་བ།ལམ་བར་དུ་སྲིན་པོ་ཞིག་དང་འཕྲད་པའི་གཏམ་རྒྱུད་བརྗོད་ཡོད།
བརྙན་ཐུང་འདིར་སྔོན་གྲོགས་པོ་གསུམ་མཉམ་དུ་རི་དྭགས་རྔོན་དུ་སོང་བ་དང་། ལམ་བར་དུ་གྲོགས་གཅིག་རིས་སུ་བོར་ནས་རང་གཅིག་བུ་སོང་བ་ཡིན། རི་དྭགས་རྔོན་སྐབས་སྲིན་པོ་ཞིག་དང་འཕྲད་པ་དང་། ཁོ་སྐྲག་ནས་ཅི་བྱེད་འདི་བྱེད་མེད་པར་གྱུར། རེད་ཀྱང་སྲིན་པོ་དེའི་ཁོ་ལ་གནོད་བྱེད་རྒྱུ་ཕར་ཞོག་རོགས་རམ་གང་མང་བྱས་ནས། མཐའ་མར་གྲོགས་གཉིས་ཡོད་པ་དེའི་མདུན་བསྐྱལ་བ་རེད། རྗེས་ནས་ཁོ་ཡ་མཚར་ཏེ་བླ་མ་ཞིག་ལ་ཞུས་པ་དང་།བླ་མས་དེ་ནི་སྔོན་ལ་ཁོའི་མནའ་བཅད་ཞིག་ཡོད་པ་དེ་རེད། ཁྱོད་ཀྱི་དྲིན་ལན་གསོལ་ཆེད་འཇིག་རྟེན་ལ་ཞེན་ཆགས་ནས་འགྲོ་མ་ཐུབ་པ་རེད་ཟེར།
这段视频讲述了三个朋友一起去打猎,其中一位被他们抛弃,在独自打猎时遇到了妖魔的故事。
这段视频讲述了有三个朋友一起去打猎,其中一位被他们抛弃后独自去打猎。在路上他遇到了一个妖魔,本以为会伤害他,没想到却处处帮助他。最后也把他送到两位朋友的旁边。到家后他觉得很好奇去奉告一位活佛,活佛告诉他那个妖魔是你的结拜兄弟,是为了还欠你的债才依恋在人世。
- ཡང་རྔོན་པ་གསུམ་རྔོན་ལ་སོང་།
- རྔོན་པ་གསུམ་རྔོན་ལ་སོང་དུས་ཁོ་ཚོས་ཅི་ཡང་མ་སོད།
- གླ་ཕྲུག་གཅིག་ལས་གསོད་མ་ཐུབ་པ་རེད།
- དེ་ཁྱེར་ནས་སོང་སྟེ་མ་ཐུབ་པར།
- མི་གཉིས་ཁ་འཆམ་ནས།
- རོགས་པ་གཞན་དེའི་རྐྱེན་གྱིས་ངེད་གཉིས་ཀྱིས་མ་སོད་པ་ཡིན་རྒྱུ་རེད།
- གཞན་དེར་རོགས་མ་བྱས་ན་ངེད་གཉིས་ངར་རྒྱུ་རེད་འདོད་ནས།
- རོགས་པ་གཞན་དེ་མ་འདོད་པ་རེད།
- དེ་ནས་ཁོ་མི་འདོད་པ་ཤེས་ནས།
- ང་ཚོ་ཁ་ཁར་འགྲོ་ཞེས་བཤད་དུས།
- ཁོ་གཉིས་དགའ་ནས་ཡ་ཟེར།
- ང་ཚོ་འགྲོགས་ནས་སོང་ན་དཀའ་བ་རེད།
- ཡ་ཟེར་ནས་ཁ་ཁར་སོང་།
- གཞན་གཉིས་འགྲོགས་ནས་སོང་།
- ཁོ་གཅིག་པུ་སོང་།
- སོང་བས་ཕྱི་དྲོ་ཞིག་ལ་ནགས་མཐའ་ཞིག་ལ་སོང་ནས།
- ནགས་འདབས་ཤིག་ལ་སོང་ནས་མེ་བུས་ནས་ཟ་མ་སྐོལ་དུས།
- ཁོའི་རྩིབ་ལ་མི་གཅེར་བུ་ཞིག་ཐོན་ཡོད།
- མི་གཅེར་བུ་ཐོད་པ་ན་མིག་གཅིག་ལས་མེད་པ་ཞིག
- དེ་འདྲ་ཞིག་ཁོའི་རྩིབ་ཏུ་ཐོན་ནས།
- ཁོ་སྐྲག་ནས་འགྲོ་མ་ཐུབ་པར་ཆུ་སྐྱོགས་མགོར་གྱོན་ནས་མགོ་བཏུམ།
- བཏུམ་པས་འདྲེ་ཡིས་ཆུ་སྐྱོགས་ཀྱི་གོང་ནས་བལྟས་རྗེས་ཕྱིར་བཏུམ།
- རིག་ས་ནས་ནགས་བཏུས།
- ནགས་བཏུས་ནས་མེ་བུས་ཏེ་ང་བསྲེག་ནས་ཟ་རྒྱུ་རེད་འདོད་ནས།
- ཁོ་སྐྲག་ནས་བསྡད་པས།
- འདྲེ་ཡིས་ནགས་བཏུས་ཏེ་ནགས་ཁུར་བོ་གསུམ་བཏུས།
- ཁུརབོ་གསུམ་པོ་བརྩེགས་ནས་འོག་ལ་མེ་བཞག
- གན་གྱིས་ང་མེ་ཐོག་ལ་ཅི་ལྟར་འཇོག་རྒྱུ་ཡིན་ནམ་བསམ་ནས།
- མེ་བཞག་ནས་བ་རྡོ་བཙུག
- དེའི་མགོར་ཟ་མ་སྐོལ་བྱེད་ཀྱི་བ་མ་བཞག་ནས།
- དེའི་ནང་དུ་ཆུ་བླུགས་ནས་འདྲེ་ཡིས་ཟ་སྐོལ།
- ཇ་ཁོལ་རྗེས་འདྲེ་ཡིས་ཇ་འཐུང་ཟེར།
- དེ་ནས་ཁོ་སྐྲག་ནས་ངས་ཇ་མི་འཐུང་ཟེར།
- འདྲེ་ཡིས་རང་ཉིད་མེ་ལ་ལྡེ་ནས།
- དགོང་མོ་ཅི་ཞིག་ཡིན་ནམ་འདོད་དེ།
- ཆུ་སྐྱོགས་ཀྱི་ཕྲ་ཡི་ནང་ནས་ཆུ་ཨེ་ཡོང་བལྟས་ནས་བསྡད།
- ཁོ་འཁོར་ཚུར་འཁོར་ནས་མེ་ལ་ལྡེ་ནས་བསྡད་དུས།
- བར་ཞིག་ལ་སྐད་ངན་ཞིག་བརྒྱབ་ནས།
- འདྲེ་ཡིས་ཕར་ལ་བལྟས་ཏེ་རྒྱུགས་ནས་སོང་།
- མཆན་འོག་ནས་དངོས་པོ་ཞིག་བླངས་ཏེ་བརྒྱབ་ནས་བུད་སོང་།
- ཁོ་གཉིས་ཀྱི་ཐོག་ལ་སྟག་ཅིག་མཆོང་རྒྱུ་ཡིན་པ་འདྲེ་ཡིས་ཤེས་སོང་།
- མཆན་རྡོ་ཞེས་མཆན་འོག་ན་ལེན་རྒྱུ་ཞིག་ཡོད་པ་རེད།
- འདྲེ་ཡིས་དེ་བླངས་ནས་བརྒྱབ་པས་སྟག་བསད་པ་ཡིན།
- སྟག་འཁུར་ནས་ཡོང་།
- སྟག་རོ་དེ་འཁུར་ནས་ཡོང་བ་ཡིན།
- མི་ཡི་མཐའ་ལ་འཕངས་ནས་འདྲེ་ཡིས་དེ་བཤས་ཏེ་ཤ་ཟོ་ཟེར།
- མི་ཟ་ཟེར།
- སྟག་པགས་དེ་མཉེས་ནས་གྲ་སྒྲིག་བྱས་ཏེ།
- སང་ཉིན་ནང་མོར་འདྲེ་ཡིས་ཇ་སྐོལ་ཏེ།
- ཁྱོད་ལོངས་དང་ཇ་འཐུང་ཟེར།
- དེ་ནས་ཁོས་འདིས་ངན་བཅའ་རྒྱུ་མ་རེད་འདོད་ནས།
- ཇ་འཐུང་ནས་ཁྱོད་ཀྱིས་ཀྱང་ཇ་འཐུང་ཟེར་ནས།
- ང་འཐུང་ས་མེད།
- ང་ལ་ཁྱོད་ཀྱིས་མེ་ཡི་སྟེང་ལ་རྩམ་པ་བླུགས་ཞེས་རྣམ་འགྱུར་བསྟན།
- དེ་བས་ཁོས་ཚ་གསུར་ཕུལ།
- དེ་ནས་དོ་དམ་བྱས་ཏེ་བསྡུས་རྗེས་འདྲེ་ཡིས་ངེད་གཉིས་འགྲོ་ཟེར།
- བོའུ་ཁུར་དང་ངེད་གཉིས་འགྲོ་ཟེར།
- དེ་ནས་སླེ་བོ་འཁུར་ནས་ཁོ་གཉིས་འདྲེ་ཡི་རྗེས་དེད་ནས་སོང་།
- འདིས་ང་ཁོའི་འདྲེ་ཁང་ནང་དུ་ཁྲིད་ནས་འགྲོ་བ་ཡིན་རྒྱུ་རེད་འདོད་ནས་སོང་བས།
- མཐའ་ཞིག་གམ་བྲག་མགོ་ཡོད་ས་ཞིག་ལ་སོང་ནས།
- ཁྱོད་འདི་ནས་སྡོད་དང་ངས་གླ་མར་ལ་དེད་ནས་ཡོང་ཟེར།
- དེ་ནས་ཁོས་མཐའ་རྩ་ནས་བལྟས་ནས་བསྡད་པས།
- འདྲེ་ཡིས་ལ་ལུང་ཞིག་ནས་གླ་མང་པོ་ཞིག་མཐའ་རྩར་དེད་ཡོང་།
- ཚང་མ་མཐའ་རྩར་ཐོན་དུས་ཤི་འདུག
- དེ་ནས་ཡོང་བས་གླ་མང་པོ་འདྲེ་ཡིས་འཁུར་ནས།
- དེ་ནས་ཕྱིར་ཁོ་གཉིས་ཀྱི་སྔོན་གྱི་གནས་དེར་སོང་།
- འདི་ཅི་ཞིག་ཡིན་འདོད་ནས།
- དེ་ནས་ནགས་བཏུས་ནས་མེ་བུས།
- མེ་ལ་ལྡེ་ནས།
- གླ་ཚང་མ་བཤས་ནས་གླ་རྩི་དོ་དམ་བྱས།
- གླ་ཤ་བཙོས་ནས་ཟོ་ཟེར།
- འདྲེ་ཡིས་དེ་ལྟར་བྱས།
- གླ་ཤ་དོ་དམ་བྱས་ནས་ཁུར་བོ་བཅོས།
- ནངས་མོར་སྔ་མོར་ལངས་ནས་ཇ་སྐོལ་དེ་བླུད།
- ནངས་མོར་ཚ་གསུར་བྱེད་དགོས་པ་ཁོས་ཤེས་ཡོད།
- ནངས་མོར་ཚ་གསིར་ཕུད།
- ཐམས་ཅད་ཁུར་བོ་བཅོས་ནས་དོ་དམ་བྱས་ཏེ་འདྲེ་ཡིས་འཁུར་ནས་འགྲོ་ཟེར།
- འདིས་ཁོའི་འདྲེ་ཁང་ནང་ལ་ཁྲིད་པ་ཡིན་འདོད་ནས།
- མི་འགྲོ་ཟེར་ན་མི་ཆོག་གི
- དེ་ནས་ཁྲིད་ནས་སོང་མཐར།
- ནགས་གསེང་རྒྱུད་ནས་སོང་པས།
- གན་ཞིག་ན་ཤུར་ཞིག་ཡོད།
- ཤུར་ནང་ན་ཅིག་གིས་མེ་བུས་ནས་བསྡད་ཡོད་པ་མཐོང་།
- དེ་ནས་འདྲེ་ཡིས་ཁྱོད་གན་ན་སོང་ཟེར།
- གན་ཁོའི་རོགས་པ་འདྲེ་ཚང་མིན་ན་ཅ་ཡིན་སྙམ་ནས།
- ཅི་ཞིག་བྱེད་འདོད་ནས།
- མ་སོང་ན་རྗེས་ནས་བལྟས་ཡོད།
- དེ་ནས་སོང་བས་དེ་ཁོའི་རོགས་པ་གཉིས་ཡིན།
- དེའི་རྩིབ་ལ་ཐོན་དུས་ཕྱིར་བལྟས་ཞིག་བྱས་པས།
- འདྲེ་དེ་གར་སོང་ཡང་མ་ཤེས།
- དེ་ནས་དེ་ཁོའི་རོགས་པ་གཉིས་ཡིན།
- དེའི་རྩིབ་ལ་ཐོན་དུས།
- ཁོ་གཉིས་ཀྱིས་ཁོ་ཚོ་གསུམ་པོ་ཡིན་དུས།
- གླ་ཕྲུག་ཅིག་བསད་པ་དེ་ལས་གཅིག་ཀྱང་གསོད་མ་ཐུབ་པར།
- ཟ་རྒྱུ་ཚར་ནས་བསྡད་ཡོད།
- དེ་ནས་དེ་གཉིས་ལ་གླ་ཤ་བྱིན་ནས།
- ཡུལ་ལ་ཡོང་ནས་འདི་འདྲའི་ཡ་མཚན་ཞིག་མེད་གི
- འདྲེ་ཞིག་རེད་ལ་དེ་ཅི་ཞིག་ཡིན་འདོད་ནས།
- བླ་མ་ཞིག་ལ་ཞུས་པས།
- ཁོར་དེང་མ་སྔོན་ལ་མནའ་བཅད་ཅིག་ཡོད།
- མནའ་བཅད་དེར་སྔོན་ན་ཁོས་རྒྱུ་ནོམ་པའི་ཕྱོགས་ནས་ཕན་བཏག་ཡོད།
- ཁ་ལན་དེ་སྤྲད་མེད་པས།
- དེའི་ཞེན་ཆགས་ཀྱིས་ཁོ་འགྲོ་མ་ཐུབ་པར་བསྡད་ཡོད།
- ཁྱོད་ལ་ཁ་ལན་དེ་ཨེ་སོད་འདོད་དེ།
- དེ་སེམས་ལ་ཐོགས་ནས་འགྲོ་མ་ཐུབ་པ་རེད།
- ཁྱོད་ཁ་ལེན་དེ་སྤྲོད་པར་ཐོན་པ་ཡིན།
- ཁྱོད་ཀྱི་མནའ་བཅད་དེ་རེད་ཟེར།