Skip to main content Skip to search
08 Feb 2016
6 min 58 sec
Rating
0
No votes yet
Video Overview
Creators: 
Penchela, Pema

ཚེ་རིང་མོའི་གླུ་གཞས་དེ་ ལྷམ་པ་ལེ་ཤ་ཡོད་པའི་གྲལ་ལས་ རྩི་རང་དྭངས་རས་སྒང་ལུ་ སྒྲུབ་རྒྱུར་གྱིས་འཐེན་མི་གླུ་གཞས་ཚེ་རིང་མོ་དེ་གི་ཚིག་ལུ་ཉན་བལྟ་བ་ཅིན་ རྒྱའི་རྒྱ་ནག་སྤུན་གསུམ་ཐགས་འཐག་སྟེ་ ཐགས་ཆེ་བ་དར་དང་གོས་ཆེན་འཐག་ ཐགས་ཆུང་བ་རྒྱ་ཆེན་གོས་ཆེན་འཐག་ཚར་རུང་ གེ་སར་བླ་མའི་ན་བཟའ་འཐག་མ་ཤེས་ གེ་སར་བླ་མའི་ན་བཟའ་འཐག་ཤེས་པ་ཅིན་ ཐགས་ཤིང་འདི་ལུ་འོད་ཅིག་ཡང་ཤར་ནི་མས། ཡར་ཡར་བོད་ཀྱི་ཕྱོགས་སུ་བོད་ཀྱི་སྤྲུལ་པ་སྤུན་གསུམ་ཆོས་བཞེངས་ཏེ་ ཆོས་ཆེ་བ་བཀའ་འགྱུར་བསྟན་འགྱུར་བཞེངས་ ཆོས་ཆུང་བ་ཀ་ཁ་ག་ང་བཞེངས་ཏེ་རང་འབད་རུང་ གེ་སར་བླ་མའི་སྨྱུག་བྲི་བཞེངས་མ་ཚུགས་ གེ་སར་བླ་མའི་སྨྱུག་བྲི་བཞེངས་ཚུགས་པ་ཅིན་ ལྷ་ཁང་འདི་ནང་འོད་ཅིག་ཡང་ཤར་ནི་མས། ཕར་ཕར་ལོགས་ཀྱི་ཕྱོགས་སུ་ མགར་བ་སྤུན་གསུམ་སླ་༼ལྕགས་༽བརྡུང་སྟེ་ སླ་༼ལྕགས་༽ཆེ་བ་དཔའ་རྟགས་གྱི་རིང་བརྡུངས། སླ་༼ལྕགས་༽ཆུང་བ་ཨ་ལོའི་གྱི་ཅུང་བརྡུངས་ཚར་རུང་ གེ་སར་བླ་མའི་ཕྱག་གྲི་བརྡུང་མ་ཤེས། གེ་སར་བླ་མའི་ཕྱག་གྲི་བརྡུང་ཤེས་པ་ཅིན་ མགར་ཚང་འདི་ནང་འོད་ཅིག་ཡང་ཤར་ནི་མས། ཟེར་ཨིན་པས།

Show More

  • གྲུབ་འགྱུརེ
    ཚེ་རིང་མོ་མི་གསལ་ལ་གུ་གསལ། །གསལ་བའི་རི་ཡ་ལ་ཚེ་རིང་མོ། །
    ད་དཔའ་རྟགས་ཀྱི་སྐོར་ལས་ ང་བཅས་ ཞབས་བྲོ་ཅིག་ཞུ་གེ་ལགས།
    Now I want to sing the song about the sword. Tshering Mo: the mountain hill which is abandoned with clear and clean fresh air, Tshering Mo.
  • གྲུབ་འགྱུརེ
    Tshering Mo: the mountain ridge which is so high, Tshering Mo.
    ཚེ་རིང་མོ་མི་མཐོ་ལ་གུ་མཐོ། །མཐོ་བའི་རི་ཡ་ལ་ཚེ་རིང་མོ། །ཚེ་རིང་མོ་མཐོ་བའི་ལ་རི་ལས། །མར་བལྟ་ཚེ་ཡ་ལ་ཚེ་རིང་མོ། །
  • གྲུབ་འགྱུརེ
    Tshering mo la, the three Ja-za daughters of the India were weaving, Tshering mo. Tshering mo, booth clothe pieces of higher price and lower price item is woven Tshering mo.༉
    ཚེ་རིང་མོ་རྒྱའི་རྒྱ་བཟའ་སྤུན་གསུམ། །ཐགས་འཐག་ནུག་ཡ་ལ་ཚེ་རིང་མོ། །ཚེ་རིང་མོ་ཐགས་ནི་ཆེ་བ་འཐག་ས། །ཆུང་ཡང་འཐག་ཡ་ལ་ཚེ་རིང་མོ། །
  • གྲུབ་འགྱུརེ
    Tshering mo la: woven higher quality items are of scarfs and silk brocade, Tshering mo. Thsering mo La: the lower quality items are woven are those brocade which originate from India, Tshering Mo.
    ཚེ་རིང་མོ་ཐགས་ནི་ཆེ་བ། །དར་དང་གོས་ཆེན་འཐག་ཡ་ཚེ་རིང་མོ། །ཚེ་རིང་མོ་ཐགས་ནི་ཆུང་བ། །རྒྱ་ཆུང་གྱི་ཆུང་འཐག་ཡ་ལ་ཚེ་རིང་མོ། །
  • གྲུབ་འགྱུརེ
    Tshering Mo La: if you don’t know how to weave the clothes for legendary Lama/teacher, Tshering Mo. Tshering Mo: if you know how to weave the wearable items for Gesar(legendary) Lama, Tshering Mo.
    ཚེ་རིང་མ་གེ་སར་བླ་མའི་ནམ་བཟའ། །འཐག་མ་ཤེས་ཡ་ལ་ཚེ་རིང་མོ། །ཚེ་རིང་མོ་གེ་སར་བླ་མའི་གནམ་བཟའ། །འཐག་ཤེས་ན་ཡ་ལ་ཚེ་རིང་མོ། །
  • གྲུབ་འགྱུརེ
    Tshering Mo: rays for good sign were rose from the loom, Tshering Mo. Tshering Mo: let those rays originated from loom directs towards the land of Tibet, Tshering Mo.
    ཚེ་རིང་མོ་ཐགས་ཤིང་དེ་ལ། །འོད་ཅིག་ཤར་ཡ་ལ་ཚེ་རིང་མོ། །ཚེ་རིང་མོ་ཡར་ཡར་་བོད་ཀྱི་ཕྱོགས་སུ། །བལྟ་སོང་གེ་ཡ་ལ་ཚེ་རིང་མོ། །
  • གྲུབ་འགྱུརེ
    Tshering Mo: the naturaly reincarnated teacher of Tibet is preaching his Dharma, Tshering Mo. Thsering Mo: the lama of Tibet preaches both higher vehicle and lesser vehicle of Buddhism, Tshering Mo.
    ཚེ་རིང་མོ་བོད་ཀྱི་སྤྲུལ་པ་སྤུན་གསུམ། །ཆོས་བཞེངས་དོ་ཡ་ལ་ཚེ་རིང་མོ། །ཚེ་རིང་མོ་ཆོས་ནི་ཆེ་བ་བཞེངས་ས། །ཆུང་ཡང་བཞེངས་ཡ་ལ་ཚེ་རིང་མོ། །
  • གྲུབ་འགྱུརེ Drubjor
    Tshering Mo: the higher vehicle, of the dharma taught there are the Ka-jur and Ten-jur, Tshering Mo. Tshering Mo: lower vehicle of dharma taught are ka-Kha-Ga-Nga(Dzongkha alphabets), Tshering Mo.
    ཚེ་རིང་མོ་ཆོས་ནི་ཆེ་བ། །བཀའ་འགྱུར་བསྟན་འགྱུར་བཞེངས་ཡ་ལ་ཚེ་རིང་མོ། །ཚེ་རིང་མོ་ཆོས་ནི་ཆུང་བ་ཀ་ཁ་ག་ང་བཞེངས་ཡ་ལ་ཚེ་རིང་མོ། །
  • གྲུབ་འགྱུརེ Drubjor
    Tshering Mo: If you cannot recognize gesar lama’s written scripts, Tshering Mo. Tshering Mo: even if if you identify the Gesar Lama’s written scripts by chance, Tshering Mo.
    ཚེ་རིང་མོ་གེ་སར་བླ་མའི་སྨྱུ་བྲིས། །བཞེངས་མ་ཚུགས་ཡ་ལ་ཚེ་རིང་མོ། །ཚེ་རིང་མོ་གེ་སར་བླ་མའི་སྨྱུ་་བྲིས། །བཞེངས་ཚུགས་ན་ཡ་ལ་ཚེ་རིང་མོ། །
  • གྲུབ་འགྱུརེ Drubjor
    Tshering Mo: single light rays were emerged from that temple (Lhakhang) Tshering Mo. Tshering Mo: let that light rays radiate towards that side’s direction, Tshering Mo.
    ཚེ་རིང་མོ་ལྷ་ཁང་ལ་འདི་ནང་། །འོད་ཅིག་ཤར་ཡ་ལ་ཚེ་རིང་མོ། །ཚེ་རིང་མོ་ཕར་ཕར་ལོག་གི་ཕྱོགས་སུ། །བལྟ་སོང་གེ་ཡ་ལ་ཚེ་རིང་མོ། །
  • གྲུབ་འགྱུརེ Drubjor
    Tshering Mo: the three cousin blacksmiths are molding the metals,Tshering Mo. Tshering Mo: where there are big metals are molded, the small metal are also molded, Tshering Mo.
    ཚེ་རིང་མོ་ལོ་གི་མགར་བ་སྤུན་གསུམ། །ལཱ་(ལྕགས)་རྡུང་དེ་ཡ་ལ་ཚེ་རིང་མོ། །ཚེ་རིང་མོ་ལཱ་(ལྕགས)་འདི་ཆེ་བ་རྡུང་ས། །ཆུང་ཡང་རྡུང་ཡ་ལ་ཚེ་རིང་མོ། །
  • གྲུབ་འགྱུརེ Drubjor
    Tshering Mo: the higher quality products molded out of metal are sword, Tshering Mo. Tshering Mo: the bad quality products molded out of metals are the knife for the children.
    ཚེ་རིང་མོ་ལཱ(ལྕགས)་ནི་ཆེ་བ། །དཔའ་རྟགས་གྱི་རིང་རྡུངས་ཡ་ལ་ཚེ་རིང་མོ། །ཚེ་རིང་མོ་ལཱ(ལྕགས་)ནི་ཆུང་བ། །ཨ་ལོའི་གྱི་ཅུང་རྡུངས་ཡ་ལ་ཚེ་རིང་མོ། །
  • གྲུབ་འགྱུརེ Drubjor
    Tshering Mo: if you cannot identify the the Gesar Lama’s wrought, Tshering Mo. Tshering Mo: if you want to know/see the gesar lama’s hand wrought, Tshering Mo.
    ཚེ་རིང་མོ་གེ་སར་བླ་མའི་ཕྱག་གྲི། །རྡུང་མ་ཤེས་ཡ་ལ་ཚེ་རིང་མོ། །ཚེ་རིང་མོ་གེ་སར་བླ་མའི་ཕྱག་གྲི། །རྡུང་ཤེས་ན་ཡ་ལ་ཚེ་རིང་མོ། །
  • གྲུབ་འགྱུརེ Drubjor
    Tshering Mo: inside that blacksmith’s plant the light rays emits, Tshering Mo.
    ཚེ་རིང་མོ་མགར་ཚང་ལ་དེ་ན། །འོད་ཅིག་ཤར་ཡ་ལ་ཚེ་རིང་མོ། །