Video Overview
༉ ལྷུན་རྩེ་རྫོང་ཁག་ སྨད་མཚོ་རྒེད་འོག་ནང་ལས་ ཚེ་རིང་དབྱངས་འཛོམས་ཀྱིས་འཐེན་མི་ ངང་པ་རྒྱ་ལུ་ཐལ་སོང་ཟེར་མི་ བོད་སྒྲའི་གླུ་གཞས་འདི་ནང་ བྱ་ངང་པ་འདི་གིས་ མོ་རའི་བྱི་ཅུང་ཚུ་རྒྱ་མཚོ་ནང་བཀོ་བཞག་སྟེ་ རྒྱ་ལུ་སོང་ཞིནམ་ལས་ བྱི་ཅུང་ཚུ་རྒྱ་མཚོ་ནང་ སྡུག་བསྔལ་མྱོང་བཅུག་དོ་ཡོདཔ་ལས་ བྱི་ཅུང་འདི་ཚུ་གིས་ ཁོང་རའི་ཨའི་འདི་ མགྱོགས་པར་ལོག་སྟེ་ ཁོང་གི་སྡུག་བསྔལ་བསལ་བའི་རེ་བ་ཡོད་ ཟེར་བའི་ཁ་འབྲལ་གྱི་འཁྲུལ་སྣང་ཅན་གྱི་གླུ་གཞས་ཅིག་ཨིན་མས། ཏེ་དཔེ་འདི་དང་ཅོག་ར་འཐདཔ་སྦེ་ ཕམ་དང་སྤུན་ཆ་ དེ་ལས་རྒྱུ་ནོར་ལོངས་སྤྱོད་ཟེརཝ་ག་ནི་ཡང་མེད་པའི་བུམོ་ བསོད་ནམས་སྒྲོལ་མའི་སྐོར་ལས་ཨིན་མས།
Tshering Yangzom from Lhuntse Dzongkhag (district) sings a Boedra song called "Ngangpa Jalu Thoesong". This song deals with departure and desire. It uses the example of a mother bird leaving her chicks in the ocean, causing much sadness. The chicks wish for their mother to return. Similarly, the example is then applied to a girl named Sonam Dema who does not know her parents and longs for a home, as she was very poor.
- India
- ཚེ་རིང་དབྱངས་འཛོམས་ Tshering Yangzomངང་པ་རྒྱ་ལ་ཐལ་སོང་། །ངང་ཁྲི་མཚོ་ལ་ལུས་སོང་། །ངང་པ་མེད་པའི་ངང་ཁྲི། །འོ་མའི་མཚོ་ལ་ལུས་སོང་། །ངང་པ་མེད་པའི་ངང་ཁྲི། །འོ་མའི་མཚོ་ལ་ལུས་སོང་། །
- ཚེ་རིང་དབྱངས་འཛོམས་ Tshering Yangzomམཚོ་ཆེན་རྦ་རླབས་འཁྲུགས་ཚེ། །ངང་ཁྲི་སེམས་པ་འཁྲུལ་སོང་། །སྨོན་ལམ་ཡང་ཡང་བཏབ་གེ །ངང་པ་ལོག་འགྲོ་ཟེར་ན། །སྨོན་ལམ་ཡང་ཡང་བཏབ་གེ །ངང་པ་ལོག་འགྲོ་ཟེར་ན། །
- ཚེ་རིང་དབྱངས་འཛོམས་ Tshering Yangzomརྟ་ཕོ་རྟ་ནག་རྟིང་དཀར། ། རོ་གདོང་ལ་མོ་བརྒལ་སོང་། །རྟ་ཕོ་མེད་པའི་རྟིའུ་ཅུང་། །སྤང་གི་ཕྱོགས་ལ་ལུས་སོང་། །རྟ་ཕོ་མེད་པའི་རྟིའུ་ཅུང་། །སྤང་གི་ཕྱོགས་ལ་ལུས་སོང་། །
- ཚེ་རིང་དབྱངས་འཛོམས་ Tshering Yangzomརྩྭ་ཆུ་སྟོན་གྱིས་སྐམ་ཚེ། །རྟིའུ་ཅུང་སེམས་པ་འཁྲུལ་སོང་། །སྨོན་ལམ་ཡང་ཡང་བཏབ་གེ །རྟ་ཕོ་ལོག་འགྲོ་ཟེར་ན། །སྨོན་ལམ་ཡང་ཡང་བཏབ་གེ །རྟ་ཕོ་ལོག་འགྲོ་ཟེར་ན། །
- ཚེ་རིང་དབྱངས་འཛོམས་ Tshering Yangzomཕ་མ་མེད་པའི་སྤྲང་མོ། །སྒོ་ཁྱི་ཁྱི་དང་འདྲ་སོང་། །ཨ་ཞེ་བསོད་ནམས་སྒྲོལ་མ། །མི་སྦུག་སྐྱོ་རང་མ་ཚུགས། །ཨ་ཞེ་བསོད་ནམས་སྒྲོལ་མ། །མི་སྦུག་སྐྱོ་རང་མ་ཚུགས། །
- ཚེ་རིང་དབྱངས་འཛོམས་ Tshering Yangzomའགྲོ་དགོ་འགྲོ་དགོ་བསམ་པ། །རྟ་ཕོ་རང་ལ་མིན་འདུག་སྨོ། །རྐང་ལ་ལྷམ་ཅུང་འབྱུང་ན། །བུ་མོ་རང་གི་རྟ་ཕོ། །རྐང་ལ་ལྷམ་ཅུང་འབྱུང་ན། །བུ་མོ་རང་གི་རྟ་ཕོ། །
- ཚེ་རིང་དབྱངས་འཛོམས་ Tshering Yangzomསྡོད་དགོ་སྡོད་དགོ་བསམ་པ། །ཁང་ཁྱིམ་རང་ལ་མིན་འདུག་སྨོ། །ཆུ་ལ་(དང་)མེ་ཤིང་འབྱུང་ན། །བུ་མོ་རང་གི་ཁང་ཁྱིམ། །ཆུ་ལ་(དང་)མེ་ཤིང་འབྱུང་ན། །བུ་མོ་རང་གི་ཁང་ཁྱིམ། །
- ཚེ་རིང་དབྱངས་འཛོམས་ Tshering Yangzomལགས་སོ་ལགས། བཀྲིན་ཆེ།། །།