Video Overview
most of our great parents used to offer sur when people gets sick and when the animals were sick.since App tingchula from pang village finds that it is very important to learn the sur offering which was done by our grand parents,so he learned this from his grandfather.evil spirit harms both animal and as well as people when they gets hungry.so it was beleived that when this evil spirit smells the sur than their stomach will be full.this shows the sur offering is also one of the important culture.so we have preserve that.
༉ བསུར་གཏང་ནི་དེ་ སྨན་བཅོས་རིམ་གྲོ་གི་སླ་ལས་གཅིག་ཨིན། དེ་ཡང་ བཀྲ་ཤིས་གཡང་རྩེ་སྤང་ལས་ རྟིག་ཅུང་ལ་གིས་བཤད་མི་དང་འཁྲིལ་བ་ཅིན་ དང་ཕུ་མི་ཅིག་ན་སྟེ་ སྨན་བཅོས་རིམ་གྲོ་སོ་སོ་ག་ཅི་བཟུམ་འབད་དེ་ལྟ་རུང་དྲག་མ་བཏུབ་པར་ བསུར་བཏང་སྟེ་ནདཔ་དྲག་ཞིནམ་ལས་ཚུར་དར་ཏེ་ཡོདཔ་ཨིན་པས། ང་བཅས་ར་མི་སྡེ་ནང་གདོན་བཅོས་རིམ་གྲོ་གི་གྲལ་ལས་ འཇམ་ཤོས་ཅིག་ཨིན་མི་བསུར་བཏང་ཐངས་དེ་ གཡུས་སྒོ་རང་སོའི་འགྲོ་ལུགས་དང་བསྟུན་ཏེ་ མི་གནགཔ་ཚུ་གིས་གཡུས་སྐད་ཐོག་ ཁ་ལས་ཁ་བཟང་བཏང་སྟེ་བཏང་སྲོལ་གཅིག་དང་ ཆོསཔ་གིས་འབད་བ་ཅིན་ དཔེ་ཆ་འདོན་ཏེ་ཡང་ དཀར་བསུར་དང་དམར་བསུར་ཟེར་བཏང་སྲོལ་ལྷམ་པ་གཉིས་སྦེ་ཡོད་པའི་ནང་ལས་ རྟིག་ཅུང་ལ་གིས་འབད་བ་ཅིན་ མི་གནགཔ་གི་ལུགས་སྲོལ་འབད་དེ་གཏང་དོ་ཡོདཔ་ཨིན་མས།
- Pang
- རྟིག་ཅུང་ལ/ Tikchunglaདང་པོ་དང་པོ་ནི་་མི་ན་སྟེ་ གནམ་མེད་ས་མེད་ཀྱི་ ཨ་ནཱ་ ན་ཏེ་སྡོད་སྡོཔ་ཨིན་མས་ཏེ། ན་ཏེ་སྡོདཔ་ད་ལུ་ ག་ཏེ་སྨན་ཁང་ཡང་འབག ག་ཏེ་འབག་རུང་ མ་རཔ་ལས་རང་ མི་དྲག་དོ་ཨིན་མས་ཏེ། སྨན་ཁང་ལས་ ལོག་སྟེ་ང་བཅས་རའི་ཁྱིམ་ནང་ སྨན་བཅོས་རིམ་འགྲོ་ ཚེས་བཅུ་མཆོད་པ་ ག་ཅི་བཟུམ་ཅིག་འབད་རུང་ མི་དྲག་དོ་ཨིན་མས།
- རྟིག་ཅུང་ལ/ Tikchunglaདེ་ཨ་ནི་ བཅོས་འཐབ་སྨན་བཅོས་འབད་དེ་ མི་དྲག་དོ་ཨིན་མས། མ་པ་ སྨན་ཅིག་གི་ཡང་ མི་དྲག་པས་ཟེར་ སྟེ་ད་ ང་བཅས་ར་མེན་པས་ཟེར་ དང་པོ་དེ་ གནམ་མེད་ས་མེད་སྟེ་ མི་སྦོམ་གིས་ མི་སྦོམ་འདི་ཚུ་གི་གཏམ་ མཁས་དྲག་ཡོདཔ་ཨིན་མས་ཏེ། མ་པ་ ག་ནི་ཡང་མ་ཤེས་རུང་ སླབ་ནི་གི་ག་ཅི་ཡང་མེད་རུང་ བྱིན་ནི་གི་ག་ནི་ཡང་མེད་རུང་ དྲངས་ནི་གི་ག་ནི་ཡང་མེད་རུང་ ཁོ་སྟེ་གནམ་མེད་ས་མེད་ཀྱི་ ཨ་ནཱ་ལུ་ བརྩེགས་༼ཕུལ༽ཏེ་ ང་བཅས་ར་དྲག་ནི་ཨིན་མས་ཟེར་ཏེ།
- རྟིག་ཅུང་ལ/ Tikchunglaདང་པོ་་དང་པོ་་དང་པོ་སྟེ་ མི་སྦོམ་ག་ར་གིས་ ཨ་ནི་བཟུམ་ཅིག་ འབད་སྡོད་ནུག་བ་མེན་ན་སྟེ། ང་བཅས་ར་ མི་ནཝ་ད་ ཨ་ནི་བཟུམ་མེན་པས་ཟེར་ ད་ཨ་ནི་རིམ་འགྲོ་བཏང་བཏངམ་གྱིས་ཡང་ མི་དྲག་ནི་མས་ཟེར་ ག་ཅི་འབད་རུང་མི་དྲག་པས་ཟེར་ མ་དྲགཔ་ད་ལུ་རང་ ང་བཅས་ བཅོས་འཐབ་གཞན་ ག་ཅི་ཡང་མེད་ཟེར་ སྟེ་སྨན་ཁང་ནང་བསྐྱལ་རུང་མི་དྲག་པས་ཟེར་ ད་དྲག་ནི་འདི་ག་ཅི་ཡང་མི་འོང་ནི་མས་ཟེར་ སྟེ་ད་ང་བཅས་ར་མི་གིས་ མི་ནགཔོ་གིས་གཞན་ག་ནི་ཡང་མི་ཤེས་པས། སྟེ་ད་བསུར་ཅིག་བཏང་གེ་ཟེར་སྟེ་ ཨ་ནི་གིས་ བཞག་བཞགཔ་ཨིན་མས།
- རྟིག་ཅུང་ལ/ Tikchunglaད་ཨ་ནི་བསུར་གྱིས་ ད་མི་ཤི་མི་དེ་གིས་ ད་གནོད་དོ་ཨིན་མས་ཟེར་ཏེ་ མི་ཤི་མི་གིས་གནོད་གནོདཔ་མེན་པས་ད། མ་པ་རང་གི་རྒྱལ་པོ་གིས་ ༼ནཏ༽ནཱ་ཏེ་ གནོད་པ་འབད་དེ་ མ་པ་ཆོམས་འཁྲུལ་འབད་དེ་གནོད་དོ་ཨིན་པས། མི་གིས་ཤི་སྟེ་གནོད་པ་ཅིན་ ག་སྟེ་འགྱོ་ནི། ད་བསུར་བཏང་དགོ་ཟེར་ཏེ་ ག་སྟེ་འགྱོ་རུང་ དབའི་་སྤང་གི་རྟིག་ཅུང་ལ་མིན་འདུག་བོ། བསུར་བཏང་དགོ་པས་ མི་ཤི་དོ་ཟེར་ འཚོལ་ཏེ་གནམ་མེད་ས་མེད་ མི་ཉན་པས། ཁོང་གིས་ཏེ་ ཤོག་ཟེར་ཏེ། ཤོག་ཟེར་ད་ལུ་ ང་ཡང་ག་ནི་ཡང་མ་ཤེས་རུང་ བསུར་བཏང་པ་འགྱོ་དགོ་པས་ཟེར།
- རྟིག་ཅུང་ལ/ Tikchunglaད་བཏངམ་ད་ལུ་ ག་དེ་སྦེ་ཟེར་བ་ཅིན་ ག་སྟེ་བཏང་ནི་ཟེར་བ་ཅིན་ ད་རུང་བསུར་བཏངམ་ད་ལུ་ ངོ་རེ་ཡང་ཚརཝ་མས་ ཨ་ཙི་རེ། མི་མེད་པའི་ ང་རང་བསུར་བཏང་དོ་ཟེར་ ཡ་ཨ་ནི་སྦེ་ མ་འབད་ཤིག་ཟེར་ཏེ་ ཁྱོད་ཚུ་ ཐམས་ཅད་ར་ ཁྱོད་ཚུ་ བྱོན་བྱོནམ་ཨིན་མས། ཁྱོད་ཚུ་ ༼ན་ཚ་ཁ་ཚ་༽འབད་དེ་ཡོདཔ་ཨིན་ནོ། བསུར་་གཏ་དགོ་པས་ཟེར་ ཁྱོད་ན་ཏེ་མས་ཟེར། ཡ་་དྲག་ནི་འདི་ མི་དྲག་པས་ཟེར་ང་གིས་བཏང་དགོ་པས་ཟེར་ཏེ།
- རྟིག་ཅུང་ལ/ Tikchunglaབསུར་་བསུར་བསུར་་བསུར་བསུར་ད་ད། ཁྱོད་ཚུ་ གསོན་པོ་སྦེ་བཞུགསཔ་ད་ བཞེས་བཞེསཔ་ཨིན་པས་ཟེར་ཏེ། ཇ་བསུར་མར་བསུར་ ང་བཅས་ཀྱིས་ཕུལ་ནི་ཨིན་མས། དྲངས་ནི་ཨིན་མས། ཁྱོད་ཚུ་ག་ར་ ༼ཁ་ཏོང་འབད་དེ་ཡོདཔ་ཨིན་ནོ། ཕྱི་ཏོངམ་འབད་དེ་ཡོདཔ་ཨིན་མས༽
- རྟིག་ཅུང་ལ/ Tikchunglaགསོན་པོ་སྦེ་ བཞུགསཔ་ད་བཞེས་པའི་ ཁ་སྐོམ་སྟེ་འོང་འོངམ་ཨིན་པས་ཟེར། ལྟོ་ཆ་སྟོ་འབད་དེ་ཕུལ་དོ་དགོ་ཟེར། ལྟོ་བཀྱེས་ཏེ་འོང་བའི་ ལྟོ་ཆ་ལྟོ་འབད་དེ་ ཕུལ་དོ་གོ་ཟེར་ལྟ་སྟེ་ ཁ་སྐོམ་དོ་ཟེར་ ཆང་༼ལྕོགས་༽འབད་དེ་ཕུལ་དོ་དགོ་ཟེར། ཡོདཔ་རང་ལས་བཏོན་ཏེ་ མེདཔ་རོགས་ལས་སྐྱིན་ཏེ་བརྙ་སྟེ་ ང་བཅས་ཀྱིས་ཕུལ་ནི་ཨིན་མས། དྲངས་ནི་ཨིན་མས།
- རྟིག་ཅུང་ལ/ Tikchunglaཁྱོད་ར་ག་ར་ ཨ་ནི་སྦེ་ མ་འབད་ཤིག ཨ་རྟག་ར་ ང་གིས་ཕུལ་དོ་མེན་བོ། ཨ་རྟག་ར་ ང་གིས་དྲངས་དོ་མེན་བོ། ང་གིས་ གནམ་ཧོནམ་༼གནའ༽ ༼ས་སེརཔོ་ཀྱི་རློན་ཏེ༽ གཤིན་པོ་ཨིན་ན་ གདོང་ལུ་བལྟ་སྟེ་ གསོན་པོ་ཨིན་ན་ རྒྱབ་ཁར་བལྟ་སྟེ་འགྱོ་བའི་མི་ཅིག་ཨིན། ཁྱོད་ཚུ་ག་ར་བལྟ་སྟེ་ བཟའ་བ་ཅིན་ གནམ་མི་ལང་། འཐུང་པ་ཅིན་ ཁྲག་མེད་མས་ཟེར་ཏེ་ འགྱོ་བ་ཅིན་ ལམ་དགོས་མི་ཆོད་དགོ
- རྟིག་ཅུང་ལ/ Tikchunglaསྡོད་པ་ཅིན་ ༼དེབས་༽དགོ་མི་ཆོད་མས། ༼དུར་ཙུན་མ༽ བྱོན་དགོཔ་ཡོད་མས། ཁང་༼སུང་༽ལུ་ བྱོན་དགོཔ་ཡོདཔ་ཨིན་ནོ། ཁྱོད་ཚུ་ ཨེ་རོ་ རོག་ཤི་ ལྟ་་ལྟོ་ཚང་ག་ར་ཡོད་རུང་བལྟ་སྟེ་ ང་གིས་ བརྟན་ཀྱང་ ང་གིས་ཕུལ་དོ་མེན་བོ། བརྟན་ཀྱང་ང་གིས་ དྲངས་དོ་མེན་བོ།
- རྟིག་ཅུང་ལ/ Tikchunglaཁྱོད་ཆ་ཁྱབ་ཐམས་ཅད་ར་ ཨ་ནཱ་བསྐོར་རྒྱབ་ཅིག་ཡོདཔ་ཨིན་པས། མི་མ་ལྷོད་པའི་ སེམས་ལྷོད་དེ། ཁྱོད་ཆ་ཁྱབ་ བསྐོར་རྒྱབ་བྱོན་ཡོདཔ་ཨིན་པས། ཨ་ནི་སྦེ་ མ་འབད་ཤིག ད་་ཁྱོད་ར་ཚུ་ ༼སྐྱོ་སྐྱོ༽ཨིན་མས་བལྟ་སྟེ་ ད་རིས་ལས་བཟུང་སྟེ་ སྒོང་རྡོ་ཨིན་བ་ཅིན་ སྤགས་ཀོ་༼ཁོ་བ་ལ༽་ལྟ་སྟེ་ ད་ལྟོ་སངས་སངས་ཝང་ཝང་འབད་དེ་ དྲག་སྟེ་བཀྲིན་བསྐྱང་ཤིག
- རྟིག་ཅུང་ལ/ Tikchunglaཁྱོད་ར་ག་ར་ལྟ་སྟེ་ ཉེ་བ་ཐུང་མ་ སྤུན་་སྤུན་ཚན་གྱི་ ཐམས་ཅད་ར་ ཉམས་ཚེརཝ་མས་མེན་ན། ཁྱོད་ག་ར་ ཨ་ནཱ་ལུ་ སྡོད་ནི་ཡ། བཤལ་ཏེ་འགྱོ་སྟེ། ཁ་ལྟོ་བཞག་ནུག ཕྱི་ལྟོ་བཞག་ནུག་ཟེར། ཨ་ནི་བྱིན་ད་ལུ་ ཐམས་ཅད་ར་ ཨ་ནི་གིས་ག་ར་ རྟག་བུ་ན་བུ་ བྱིན་ནི་དེ་གིས་ ཨ་ནི་འབད་དེ།
- རྟིག་ཅུང་ལ/ Tikchunglaམི་འཆམ་ཏོག་ཏོ་ གསོན་པོ་སྦེ་ བཞུགས་པའི་བསྒང་གི་ མི་འཆམ་མི་ཚུ་ལུ་ བསུར་བཏང་རུང་ གནམ་མེད་ས་མེད་ ཉན་བཏུབ་ལོ་མེན་ན། གསོན་པོ་སྦེ་སྡོདཔ་ད་ འཐབ་རྫིང་འབད་བ་ཅིན་ བསུར་བཏང་རུང་ མི་ཉན་པས་ལོ། ཨ་ནི་གཅོད་ཐདཔ་འབད་དེ་ ང་གིས་བསུར་བཏང་ད་ལུ་ མ་ཉནམ་ཡང་མེད་ ཉན་དོ། ད་ཨ་ནི་ཅིག་ ཤོབ་རྐྱབ་སྟེ་ ཨ་ནི་བཏང་དགོ་པས་ལགས། ལ་སོ་་ལགས། བཀྲིན་ཆེ་ལགས།