Skip to main content Skip to search
15 Sep 2015
5 min 35 sec
Video Overview
Creators: 
Monika Subba, Kuenzang Wangmo

༉ གླུ་གཞས་གསུང་གི་ཁུ་བྱུག་སྔོན་མོ་འདི་ དང་ཕུགས་ཀྱི་གླུ་གཞས་རྙིང་ཤོས་ གཞུང་སྒྲའི་གླུ་གཞས་ཅིག་ཨིན། གསར་སྤང་ དགེ་ལེགས་ཕུག་ བདེ་སྐྱིད་གླིང་ལུ་ ཨམ་ཚེ་རིང་དང་ཆ་རོགས་ཚུ་གིས་འབད་ རྩ་བ་སྡོད་སྦེ་ གཞུང་སྒྲ་གསུང་གི་ཁུ་བྱུག་སྔོན་མོ་འདི་ འཐེནམ་ཨིནམ་དང་ འ་ནི་བཟུམ་གྱི་གླུ་གཞས་རྙིངམ་ཚུ་ ཁོང་བཟུམ་ལོ་ན་རྒས་ཤོས་ཚུ་གིས་རྐྱངམ་ཅིག་མ་གཏོགས་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ སྤྲོ་བ་བསྐྱེད་སྦེ་འཐེན་མི་ཅིག་མིན་འདུག དེ་འབད་ནི་འདི་གིས་ མ་འོངས་པ་ལུ་ འདི་བཟུམ་གྱི་གླུ་གཞས་ཚུ་ ཉམས་འགྱོ་ནིའི་ཉེན་ཁག་སྦོམ་ཡོདཔ་ལས་ ཉམས་སྲུང་འབད་དགོཔ་ངེས་པར་དུ་འདུག།

Aum Tshering and friends from Dekiling village in Sarpang District sing "Sungi Khuju Ngyenmo," an old zhungdra song.

Transcript search
No results found for this search
0 of 0
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    གསུང་གི་ལ་ཁུ་བྱུག་སྔོན་མོ་ནི། །
    The melodious voice of the blue cuckoo.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    གཙང་གི་སྒམ་པ་ལ་མོ། །
    The profound summit of Tsang.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    དགུང་ལས་མཐོ་རུང་བརྒལ་སོང་། །
    Even its high as sky has passed.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    དཀར་པོ་དུང་གི་རྒྱང་བསྒྲགས་ནི། །ཕུ་ན་ངེད་ཚོ་འགྲོ་སོང་། །ཕུ་ན་ངེད་ཚོ་འགྲོ་སོང་། །
    If the voice of white counch is blown, we will follow.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    བོད་ཀྱི་ཡབ་ཚོ་ཡུམ་ཚོ་ནི། །
    The mother and father in Tibet.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    རྟ་ཕོ་ཉིན་ལམ་བཅོ་བརྒྱད། །
    Even stallion takes eighteen days to reach.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    བརྒལ་ན་བསམ་པ་རྗོགས་སོང་། །
    If we could cross, will be satisfied.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    ཆུ་ལ་ཟམ་པ་མེད་སོང་ནི། །
    There is no bridge in river.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    གྲུ་ཆེན་བཏང་པ་ལོག་འགྲོ། །གྲུ་ཆེན་བཏང་པ་ལོག་འགྲོ། །
    So will go back taking ferry.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    གངས་སྟོད་ལྷ་ཡི་སྟེང་དུ་ནི། །
    At the top of goddess peak.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    མཚན་ལྡན་བླ་མའི་གདན་ས། །
    The seat of authentic lama.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    ཆོས་ཀྱི་དངོས་གྲུབ་ཞུ་སོང་། །
    Get the dharma blessings