Video Overview
A local lay monk of Gashari village in Pemagatshel district talks about Buddhism in his village. He grew up in this rural village without any education, living with animals, until he and his people first received Buddhist education. He explains what traditions of Buddhism came, explicitly mentioning a lama called Bartsam lama, crediting him for any religious education that has developed in the area. Bartsam lama, a Buddhist priest, was the first person who brought the first education system to the Gashari region.
༉ པདྨ་དགའ་ཚལ་རྫོང་ཁག་ ག་ཤ་རི་གཡུས་ཚན་ལས་ གཡུས་ཁའི་ཨམ་སྲུ་རྒས་ཤོས་ཅིག་ཨིན་མི་ སངས་རྒྱས་ལྷ་འཛོམས་ཀྱིས་འཐེན་མི་གླུ་གཞས་ གསུང་དང་ལ་ཧེ་ཟེར་མི་འདི་ནང་ རྫོང་ཁ་དང་ཚངས་ལའི་ཁ་སྐད་གཉིས་སླ་བསྲེས་ཏེ་འདུག གླུ་གཞས་འདི་ འབྲུག་གི་ས་གནས་གཞན་མི་ཚུ་ནང་གོ་ནི་མེད་པའི་ནང་འཁོད་ཀྱི་གླུ་གཞས་ཅིག་ཨིནམ་ད་ གླུ་གཞས་འདི་གིས་ བཅུད་དོན་འདི་དང་འདི་ཟེརཝ་གསལ་ཏོག་ཏོ་ཅིག་མེདཔ་ཨིན་རུང་ བུམོ་གིས་ རང་ལུ་དགོ་པའི་གྱོན་ཆས་ཚུ་ཞུ་བའི་སྐོར་ལས་ཨིན་པས། གླུ་གཞས་འཐེན་མི་དེ་གིས་ དེ་ཅིག་སྦེ་བཞག་གེ་ བརྗེད་སོ་ནུག་ ཟེར་སླབ་སྟེ་བཞག་སྟེ་ཡོདཔ་ལས་ མ་གཞི་གླུ་གཞས་འདི་རིངམོ་སྦེ་ར་ཡོདཔ་ཨིན་པས།
- Pemagatshel
- སངས་རྒྱས་ལྷ་འཛོམས་/ Sangay Lhazom:གསུང་དང་ལ་ཧེ། ། མགུ་ལ་བཙུགས་པའི་རུམ་ནང་སྟེ་ཡུ་(ཞུ་)གེ །སྐུ་ཅི་སྐུ་ཅི་སྐུ་(སྐུ་ཆེ་སྐུ་ཆེ་)ཨ་མ།
- སངས་རྒྱས་ལྷ་འཛོམས་/ Sangay Lhazom:གསུང་དང་ལ་ཧེ། །ངང་ལ་ ལ་ རྣ་ལ་(རྣམ་ཅོ་ལུ་)བཙུགས་པའི་ཀོང་ར་སྟེ་ཡུ་(ཞུ་)གེ །སྐུ་ཅི་སྐུ་ཅི་(སྐུ་ཆེ་སྐུ་ཆེ་)ཨ་མ།
- སངས་རྒྱས་ལྷ་འཛོམས་/ Sangay Lhazom:གསུང་དང་ལ་ཧེ། །ངང་ལ་(ལྟག་ཀོ་)བཙུགས་པའི་ངང་ཤལ་ཏེ་ཡུ་(ལྟག་ཀོའི་རྒྱན་ཆ་འདི་ཞུ་)གེ །སྐུ་ཅི་སྐུ་ཅི་(སྐུ་ཆེ་སྐུ་ཆེ་)ཨ་མ།
- སངས་རྒྱས་ལྷ་འཛོམས་/ Sangay Lhazom:གསུང་དང་ལ་ཧེ། །ལགཔ་ལ་བཙུགས་པའི་ཚོགས་ལྷམ་ཏེ་ཡུ་(གདོབ་ཅུ་འདི་ཞུ་)གེ །སྐུ་ཅི་སྐུ་ཅི་(སྐུ་ཆེ་སྐུ་ཆེ་)ཨ་མ།
- སངས་རྒྱས་ལྷ་འཛོམས་/ Sangay Lhazom:གསུང་དང་ལ་ཧེ། །ལུས་ལ་གྱོན་པའི་ན་བཟའ་སྟེ་ཡུ་(ཞུ་)གེ །སྐུ་ཅི་སྐུ་ཅི་(སྐུ་ཆེ་སྐུ་ཆེ་)ཨ་མ།
- སངས་རྒྱས་ལྷ་འཛོམས་/ Sangay Lhazom:གསུང་དང་ལ་ཧེ། །རྐངམ་ལ་བཙུགས་པའི་ཇུ་ཏ་སྟེ་ཡུ་(ལྷམ་འདི་ཞུ་)གེ །སྐུ་ཅི་སྐུ་ཅི་(སྐུ་ཆེ་སྐུ་ཆེ་)ཨ་མ།
- སངས་རྒྱས་ལྷ་འཛོམས་/ Sangay Lhazom:མིན་འདུག་ ཚར་ཡི་ དེམ་ཅིག་རང་ བརྗེད་སོ་ནུག ཧེ་ཧེ་ཧེ་་་་་་།། །།