Video Overview
Dechen Peldrön, Jangchup Peldrön and Sonam Dema from Lubi village sing "Dering Tsepai Nima," an old boedra song. This song describes the peace and the pleasantness experienced by various animals and birds from all four directions, in their own habitats. It is sung in festivals, celebrations and annual rituals.
༉ ལྷུན་རྩེ་རྫོང་ཁག་ ཁོ་མ་རྒེད་འོག་ ལུ་བི་གཡུས་ཚན་ནང་ལས་ཨིན་མི་ བདེ་ཆེན་དཔལ་སྒྲོན་དང་བྱང་ཆུབ་དཔལ་སྒྲོན་ དེ་ལས་བསོད་ནམས་སྒྲོལ་མ་གསུམ་གྱིས་ ད་རིས་ཚེས་པའི་ཉི་མ་ཟེར་བའི་གླུ་གཞས་འདི་འཐེན་ཡོདཔ་ཨིན། གླུ་གཞས་དེ་ འབྲུག་རྒྱལ་ཁབ་ནང་ཡོངས་གྲགས་ཅན་ཅིག་ཨིནམ་ད་ སྤང་མཁར་སྤྱི་འོག་ནང་ལུ་སྔོན་ཕ་མེས་ཀྱི་དུས་ལས་རང་འཐེན་སྲོལ་ཡོད་པའི་གླུ་གཞས་ཅིག་ཨིན་མས། གླུ་གཞས་དེ་གིས་ དམིགས་བསལ་གྱིས་ཕྱོགས་བཞི་ནང་རང་སོའི་ས་ཁོངས་ལུ་ལོངས་སྤྱོད་ཕུན་སུམ་ཚོགསཔ་སྦེ་གནས་ཏེ་ཡོད་མི་དུད་འགྲོ་དང་ འདབ་ཆགས་ཚུ་ ཞི་བདེ་དང་དགའ་སྐྱིད་ཀྱི་ཐོག་ལས་གནས་ཏེ་ཡོདཔ་སྦེ་བཤད་པ་རྐྱབ་ཨིན་མས། ཡོངས་གྲགས་ཅན་གྱི་འབོད་སྒྲ་དེ་ ཚེས་བཅུ་དང་དུས་སྟོན་ དེ་ལས་ལོ་མཆོད་ཀྱི་སྐབས་ཕམ་རྒན་ཤོས་ཚུ་གིས་འཐེན་ཏེ་ཡོདཔ་མ་ཚད་ དེང་སང་ཡང་ མི་ཉམས་རྒྱུན་སྐྱོང་འབད་དེ་ལེགས་ཤོམ་སྦེ་ཡོད་མི་འདི་ ག་ནི་བ་སྤྲོ་བ་ཆེ་ཤོས་ཅིག་ཨིན་པས།
- Pangkhar
- Khoma
- Lhuntse
- Dechen Peldon, Jangchub Peldon, Sonam Dema: དེ་རིང་ཚེས་པའི་ཉི་མ་ཤར་ཕྱོགས་ན། །སྤང་སྟོད་འདི་ལ་རྩྭ་ཁ་འདི་ལས་བཟང་། །སྤང་སྟོད་འདི་ལ་རྩྭ་ཁ་འདི་ལས་བཟང་། །འདི་ལ་ཤ་བ་གཅིག་གིས་སྒྲུབ་པར་མཛད། །ཤ་བ་སྤང་ལ་སྐྱིད་ཉམས་བྱེད་རྒྱུ་ཡོད། །ཤ་བ་སྤང་ལ་སྐྱིད་ཉམས་བྱེད་རྒྱུ་ཡོད། །བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
- Dechen Peldon, Jangchub Peldon, Sonam Dema: དེ་རིང་ཚེས་པའི་ཉི་མ་ལྷོ་ཕྱོགས་ན། །ཤིང་ཆེན་གཅིག་ལ་འབྲས་བུ་འདི་ལས་བཟང་། །ཤིང་ཆེན་གཅིག་ལ་འབྲས་བུ་འདི་ལས་བཟང་། །འདི་ལ་བྱིའུ་ཅུང་གཅིག་གིས་སྒྲུབ་པར་མཛད། །བྱིའུ་ཅུང་ཤིང་ལ་སྐྱིད་ཉམས་བྱེད་རྒྱུ་ཡོད། །བྱིའུ་ཅུང་ཤིང་ལ་སྐྱིད་ཉམས་བྱེད་རྒྱུ་ཡོད། །བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
- Dechen Peldon, Jangchub Peldon, Sonam Dema: དེ་རིང་ཚེས་པའི་ཉི་མ་ནུབ་ཕྱོགས་ན། །མཚོ་ཆེན་གཅིག་ལ་སྦལ་པོ་འདི་ལས་བཟང་། །མཚོ་ཆེན་གཅིག་ལ་སྦལ་པོ་འདི་ལས་བཟང་། །འདི་ལ་ཉ་མོ་གཅིག་གིས་སྒྲུབ་པར་མཛད། །ཉ་མོ་མཚོ་ལ་སྐྱིད་ཉམས་བྱེད་རྒྱུ་ཡོད། །ཉ་མོ་མཚོ་ལ་སྐྱིད་ཉམས་བྱེད་རྒྱུ་ཡོད། །བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
- Dechen Peldon, Jangchub Peldon, Sonam Dema: དེ་རིང་ཚེས་པའི་ཉི་མ་བྱང་ཕྱོགས་ན། །བྲག་ཆེན་གཅིག་ལ་བྲག་དམར་འདི་ལས་བཟང་། །བྲག་ཆེན་གཅིག་ལ་བྲག་དམར་འདི་ལས་བཟང་། །འདི་ལ་རྒོད་མོ་གཅིག་གིས་སྒྲུབ་པར་མཛོད། །རྒོད་མོ་བྲག་ལ་སྐྱིད་ཉམས་བྱེད་རྒྱུ་ཡོད། །རྒོད་མོ་བྲག་ལ་སྐྱིད་ཉམས་བྱེད་རྒྱུ་ཡོད། །ལགས་སོ་ལགས།། །།བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།