Skip to main content Skip to search
19 Jun 2018
4 min 49 sec
Video Overview
Creators: 
Sonam Tobgye

Dawa Yangki and Thinley Choden from Serphu village perform a boedra song that praises the preciousness of elements that are necessary for human survival. For instance, the warm sun, the noisy water, the cold wind and the Buddha are essential elements in our lives. These elements are constantly 'encircling' the places, or the world where we live. In the song, one makes a request that they rest whenever it is convenient.

༉  ཡོངས་གྲགས་གནམ་མེད་ས་མེད་མ་འགྱོ་བའི་འབོད་སྒྲ་རྙིང་ཤོས་ཅིག་ཨིན་མི་ ཤར་ལས་ཤར་བའི་ཁྲི་གདུགས་འདི་ ལྷུན་རྩེ་རྫོང་ཁག་ གསེར་ཕུག་གཡུས་ཚན་ལས་ཟླ་བ་དབྱངས་སྐྱིད་དང་འཕྲིན་ལས་ཆོས་སྒྲོན་གཉིས་ཀྱིས་འཐེན་ཏེ་འདུག གླུ་གཞས་འདི་གིས་ ཉིམ་དང་ཆུ་ དེ་ལས་རླུང་མ་ཚུ་ལུ་དཔེ་སྦྱར་ཏེ་ མཐའན་མཇུག་ལུ་ བྱིན་རླབས་ཆེ་བའི་མཚན་ལྡན་བླམ་ཅིག་ལུ་བསྟོད་ཅིང་མོས་པའི་ཚུལ་ཨིན་མས། དེ་ཡང་ ཤར་ལས་ཤར་བའི་ཁྲི་གདུགས་འདི་ནམ་ཡང་ཤར་ནི་ཡོད་ ཨིན་ཏེ་འབད་རུང་ ད་རེས་ཤར་བའི་ཁྲི་གདུགས་འདི་དྲོད་ཉམས་ཆེ་བས། དེ་འབད་ནི་དེ་གིས་ གླིང་བཞི་བསྐོར་ར་རྐྱབ་སྟེ་འགྱོ་བའི་སྐབས་ལུ་ གནམ་དགུང་གི་ཕྱོགས་ལུ་སྐུ་ངལ་གནང་ཟེར་ མཚན་ལྡན་བླམ་འདི་ ཉི་མའི་གཟུགས་སུ་བཀོད་དེ་སླབ་ཨིན་པས། མཇུག་གི་ལིའུ་གི་ཚིག་ཚུ་ མཚན་ལྡན་བླམ་གི་སྐོར་ལས་ཡོདཔ་མམ་ གནས་སྟངས་བསྟུན་ཏེ་ རང་དགའ་བའི་མི་ཅིག་ལུ་འཐེན་རུང་འཐེན་བཏུབ་ནི་ཨིན་མི་དེ་ཡང་ བསྐོར་གཏམ་ཟེར་ ཐད་ཀར་དུ་མ་སླབ་པར་ གཞན་མི་ལས་གསང་བའི་ཚིག་ཚུ་བཙུགས་ཏེ་སླབ་ཨིན་པས། གླུ་གཞས་འདི་གི་འབྱུང་ཁུངས་དང་དོན་དག་ དེ་ལས་དགོས་པ་ཚུ་མ་ཤེས་ཏེ་འབད་རུང་ རྒན་ཤོས་ཚུ་ལས་ལྷབ་ཡོདཔ་མ་ཚད་ ཕམ་རྒན་ཤོས་ཚུ་གིས་རང་འཐེན་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • Thrinlay Choden & Frien: ཤར་ཤར་བའི་ཁྲི་གདུགས་དབའེ་ནམ་ཡང་ཤར། །ད་རེས་ཤར་བའི་ཁྲི་གདུགས་དབའེ་དྲོད་ཉམས་ཆེ། །དྲོད་ཉམས་ཆེ།
    ཕྲིན་ལས་ཆོས་སྒྲོན་དང་ཆ་རོགས་
  • Thrinlay Choden & Frien: ཁྲི་གདུགས་གླིང་བཞི་བསྐོར་སེ་དབའེ་བྱོན་ཟེར་ན། །གནམ་དགུང་གི་ཕྱོགས་ལུ་དབའེ་སྐུ་ངལ་གནང་། །སྐུ་ངལ་གནང་།
    ཕྲིན་ལས་ཆོས་སྒྲོན་དང་ཆ་རོགས་
  • Thrinlay Choden & Frien: བབས་བབས་པའི་ཆུ་མོ་དབའེ་ནམ་ཡང་འབབ། །ད་རེས་འབབ་པའི་ཆུ་མོ་དབའེ་འུར་སྒྲ་ཆེ། །འུར་སྒྲ་ཆེ།
    ཕྲིན་ལས་ཆོས་སྒྲོན་དང་ཆ་རོགས་
  • Thrinlay Choden & Frien: ཆུ་མོ་རྒྱ་ཡུལ་བསྐོར་སེ་དབའེ་བྱོན་ཟེར་ན། །ལམ་སྒང་གཤོང་ས་ལུ་དབའེ་སྐུ་ངལ་གནང་། །སྐུ་ངལ་གནང་།
    ཕྲིན་ལས་ཆོས་སྒྲོན་དང་ཆ་རོགས་
  • Thrinlay Choden & Frien: རོགས་འཕུར་བའི་སྐྱི་སེར་དབའེ་ནམ་ཡང་འཕུར། །ད་རེས་འཕུར་བའི་སྐྱི་སེར་དབའེ་བསིལ་དྲོད་ཆེ། །བསིལ་དྲོད་ཆེ།
    ཕྲིན་ལས་ཆོས་སྒྲོན་དང་ཆ་རོགས་
  • Thrinlay Choden & Frien: སྐྱི་སེར་མི་ཡུལ་བསྐོར་སེ་དབའེ་བྱོན་ཟེར་ན། །ཤིང་མྱུ་གུའི་རྩེ་ལུ་དབའེ་སྐུ་ངལ་གནང་། །སྐུ་ངལ་གནང་།
    ཕྲིན་ལས་ཆོས་སྒྲོན་དང་ཆ་རོགས་
  • Thrinlay Choden & Frien: བྱོན་བྱོན་པའི་མཚན་ལྡན་དབའེ་ནམ་ཡང་བྱོན། །ད་རེས་བྱོན་པའི་མཚན་ལྡན་དབའེ་བྱིན་རླབས་ཆེ། །བྱིན་རླབས་ཆེ།
    ཕྲིན་ལས་ཆོས་སྒྲོན་དང་ཆ་རོགས་
  • Thrinlay Choden & Frien: མཚན་ལྡན་མི་ཡུལ་བསྐོར་སེ་དབའེ་བྱོན་ཟེར་ན། །ཁང་ཁྱིམ་འདི་ཡི་ནང་དུ་དབའེ་སྐུ་ངལ་གནང་། །སྐུ་ངལ་གནང་། ལགས་སོ།། །།
    ཕྲིན་ལས་ཆོས་སྒྲོན་དང་ཆ་རོགས་