29 Dec 2015
1 min 54 sec
Video Overview
Creators:
Tibetan & Himalayan Library
This is a video of Tsethar Bum from Yonru Village in Chentsa singing a song called "The Sun Rises Above the Mountain Pass." This song is part of a series of folk songs from the Rebgong cultural area.
གླུ་འདིའི་ནང་དུ་རང་གི་བླ་མ་དང་ཕ་མ། ཁ་ཡ་ན་ཟླ་སོགས་ལ་བསྟོད་པ་བྱས་ཡོད།
གླུ་འདིས་བོད་མིའི་རིན་ཐང་ལྟ་ཚུལ་དང་དྲིན་གཟོའི་བསམ་བློ་མངོན་ཡོད་པ་དང་། ཐོག་མར་རང་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་མཁན་གྱི་བླ་མར་བསྟོད་ཡོད་པ་དང་། བར་དུ་མི་ལུས་རིན་ཆེན་གནང་བའི་དྲིན་ཅན་ཕ་མ་གཉིས། ཐ་མར་རང་གི་ཆུང་སྐྱེས་ཆུང་འགྲོགས་ཁ་ཡ་ན་ཟླ་ཚོར་བསྟོད་པ་བྱས་ཡོད། བོད་མི་ཞིག་ལ་མཚོན་ན་འཇིག་རྟེན་འདིར་རང་ལ་དྲིན་ཆེ་བ་བླ་མ་དང་ཕ་མ། ཕུ་ནུ་སྤུན་ཟླར་དྲིན་གཟོོ་བྱེད་རྒྱུ་ནི་མི་ཚེའི་རིན་ཐང་ལྟ་ཚུལ་གལ་ཆེན་ཞིག་ཡིན།
- ༼ ཡེ་་་་དུང་ལོ་ལོ་གླུ་ཞིག་ལེན་དགོ།་་་་་་ཞང་ཡ་རེ་འཇོག་ལ་གླུ་ཞིག་ལེན། ༽
- ཁིས་གོང་མ་ནང་ནས༼དུང་ལོ་ལོ༽ཉི་མ་ཤར། །
- གན་ཉི་མ་མ་རེད༼དུང་ལོ་ལོ༽བླ་མ་རེད། །
- ཞྭ་ཕུད་ལ་ཕྱག་གསུམ༼དུང་ལོ་ལོ༽གན་ལ་འཚལ། །
- ཁིས་བར་མའི་ནང་ནས༼དུང་ལོ་ལོ༽ཟླ་བ་ཤར། །
- གན་ཟླ་བ་མ་རེད༼དུང་ལོ་ལོ༽ཕ་ཁུ་རེད། །
- ༼ ཡེ་་་་དུང་ལོ་ལོ་གླུ་ཞིག་ལེན་དགོ། ༽
- ཁིས་ཞོལ་མའི་ནང་ནས༼དུང་ལོ་ལོ༽སྐར་མ་ཤར། །
- གན་སྐར་མ་མ་རེད༼དུང་ལོ་ལོ༽ན་ཟླ་རེད། །
- གླུ་རྩེད་རིགས་ཡོད་ན༼དུང་ལོ་ལོ༽གན་ལ་ལེན། །
- གླུ་ཤེས་ཁུལ་བྱེད་ལ༼དུང་ལོ་ལོ༽དགོད་ཁ་སློངས། །