Video Overview
བླ་མ་དང་དཔོན་པོ། ན་ཟླ་གསུམ་པོ་རྒྱུན་དུ་གླུ་དང་རྩེད་རིག་གི་ནང་དུ་བཞག་ནས་ལེན། འདིར་ཉི་མ་དང་ཟླ་བ། སྐར་མ་གསུམ་དཔེ་བྱས་ནས་བརྗོད་ཡོད།
An extended metaphor, this tserig describes Lamas, leaders, and friends as celestial bodies.
这首“则柔”将喇嘛比喻成天上的太阳,如阳光般温暖;把领袖比喻成十五的月亮,如月光般温;把兄弟比喻成天空中最明亮的星星,如晚上的星辰般指引自己的人生路。
བླ་མ་དང་དཔོན་པོ། ན་ཟླ་གསུམ་པོ་རྒྱུན་དུ་གླུ་དང་རྩེད་རིག་གི་ནང་དུ་བཞག་ནས་ལེན། བླ་མ་ཞིག་ཡོད་པ་ནི་ཉི་མ་འདྲ་བ་ཞིག་ཡིན་པ་དང་། དཔོན་པོ་ཞིག་ཡོད་པ་ནི་ཟླ་བ་འདྲ་ཞིག་ཡིན་པ། ན་ཟླ་ཞིག་ཡོད་པ་ནི་སྐར་ཆེན་འདྲ་ཞིག་ཡིན་ཞེས་བླ་མ་དང་དཔོན་པོ། ན་ཟླ་གསུམ་ལ་དཔེ་ཉི་མ་དང་ཟླ་བ། སྐར་མ་གསུམ་སྦྱར་ཡོད། རྩེད་རིག་འདི་བླ་མ་དང་དཔོན་པོ་ལ་བླངས་ན་ཡག་ལ། ན་ཟླ་འཚོག་སར་བླངས་ནའང་འཚམས།
在安多地区,很多时候人们会把自己的父母、兄弟写进歌词来唱诵父母的恩情和兄弟的手足之情。这首“则柔”将喇嘛比喻成天上的太阳,如阳光般温暖;把领袖比喻成十五的月亮,如月光般温;把兄弟比喻成天空中最明亮的星星,如晚上的星辰般指引自己的人生路,以此表达他们在自己心中重要性。
- ཨ་བྱེད།
- མཁར་གོང་མ་གན་ན་༼ཨ་བྱེད་༽་ཉི་མ་ཤར།
- ༼ཨ་བྱེད་༽་གན་ཉི་མ་མ་རེད་༼ཨ་བྱེད་༽་བླ་མ་རེད།
- ༼ཨ་བྱེད་༽་འདི་བླ་མ་ཉི་མ་༼ཨ་བྱེད་༽་ཤར་འདྲ་རེད།
- ཨ་བྱེད།
- ཁའི་བར་མ་གན་ན་ཟླ་བ་ཤར།
- ༼ཨ་བྱེད་༽་གན་ཟླ་བ་མ་རེད་༼ཨ་བྱེད་༽་དཔོན་པོ་རེད།
- ༼ཨ་བྱེད་༽་འདི་དཔོན་པོ་ཟླ་བ་༼ཨ་བྱེད་༽་ཤར་འདྲ་རེད།
- ཨ་བྱེད།
- ཁའི་ཞོལ་མ་གན་ན་སྐར་ཆེན་ཤར།
- ༼ཨ་བྱེད་༽་འདི་ན་ཟླ་སྐར་ཆེན་༼ཨ་བྱེད་༽་བུད་འདྲ་རེད།