Skip to main content Skip to search
05 Feb 2016
5 min 5 sec
Video Overview
Creators: 
Norzin Lhamo
Transcript search
No results found for this search
0 of 0
  • ཚེས་བཅུ།
  • ཚེས་བཅུ། Tsechu
    ཉི་མ་ཤར་ཕྱོགས་གླིང་གི་གླིང་ཕྱོགས་ན། །ང་ལུ་ཕྱི་མ་དྲན་པའི་བླ་མ་ཡོད། །ང་ལུ་ཕྱི་མ་དྲན་པའི་བླ་མ་ཡོད། །
    In a realm in the east of the sun , I have a Lama (Guru) who can guide me after death.
  • ཚེས་བཅུ། Tsechu
    ཕྱག་དང་མཆོད་པ་ཕུལ་རུང་འདི་ལུ་ཕུལ། །དབང་དང་གདམ་ངག་ཞུ་རུང་འདི་ལས་ཞུ། །དབང་དང་གདམ་ངག་ཞུ་རུང་འདི་ལས་ཞུ། །
    I may prostrate and give my offerings to the Lama. Get my blessings and teachings from the Lama. Get my blessings and teachings from the Lama.
  • ཚེས་བཅུ། Tsechu
    ཉི་མ་ལྷོ་ཕྱོགས་གླིང་གི་གླིང་ཕྱོགས་ན། །ང་ལུ་དག་གདུང་བསྐྱེད་པའི་དཔོན་པོ་ཡོད། །ང་ལུ་དག་གདུང་བསྐྱེད་པའི་དཔོན་པོ་ཡོད། །
    In a realm in the south of the sun, there is a King who considers me.
  • ཚེས་བཅུ། Tsechu
    བཀའ་བཞིན་སྤྱི་གཙུག་སྒྲུབ་རུང་འདི་ལུ་སྒྲུབ། །གཏམ་དང་ཚིག་གསུམ་ཞུ་རུང་འདི་ལས་ཞུ། །གཏམ་དང་ཚིག་གསུམ་ཞུ་རུང་འདི་ལས་ཞུ། །
    I shall follow his commands, keeping it above my head. I shall narrate my talks, only to him.
  • ཚེས་བཅུ། Tsechu
    ཉི་མ་ནུབ་ཕྱོགས་གླིང་གི་གླིང་ཕྱོགས་ན། །གཞོན་པ་རང་སེམས་དགའ་བའི་སྨན་ཆུང་ཡོད། །གཞོན་པ་རང་སེམས་དགའ་བའི་སྨན་ཆུང་ཡོད། །
    In a realm, west of the Sun. There is a beautiful lady, which makes my heart happy.
  • ཚེས་བཅུ། Tsechu
    དགའ་སྤྲོའི་གླུ་གཞས་བསྒྱུར་རུང་འདི་དང་བསྒྱུར། །གཏམ་དང་ཚིག་གསུམ་བཞག་རུང་འདི་དང་བཞག །གཏམ་དང་ཚིག་གསུམ་བཞག་རུང་འདི་དང་བཞག །
    I shall sing my love songs to her. I shall keep my secrets with her.
  • ཚེས་བཅུ། Tsechu
    ཞབས་ཏོག་སྙན་བཀུར་ཞུ་རུང་འདི་ལུ་ཞུ། །ཟས་ནོར་ལོངས་སྤྱོད་ཞུ་རུང་འདི་ལས་ཞུ། །ཟས་ནོར་ལོངས་སྤྱོད་ཞུ་རུང་འདི་ལས་ཞུ། །
    I shall repay their kindness. And I shall receive good food and wealth from them.