Skip to main content Skip to search
05 Sep 2018
3 min 39 sec
Video Overview
Creators: 
Sonam Tobgye

"Gungdang Thridu Majey" is a Boedra song, here performed by Sonam Youden from Kurtoe Jasibi. The song is one of happiness and joy, recounting the moment when the author met his/her loved one after a long separation. Its lyrics reflect examples from the natural environment such as the meeting of sun and sky, snow lion and snow mountain, meadow and stag, golden fish and the river, and the fort and the great leader.

 

༉  ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ རྒྱ་ས་སྦིས་གཡུས་ཚན་ལས་བསོད་ནམས་གཡུ་སྒྲོན་གྱིས་ བོད་སྒྲའི་གླུ་གཞས་ དགུང་དང་ཁྲི་གདུགས་མ་མཇལ་ཡུན་རིང་སོང་ཟེར་མི་ཅིག་འཐེན་ཏེ་འདུག གླུ་གཞས་འདི་ནང་ རང་དགའ་བའི་མི་དང་ཚར་གཅིག་སོ་སོར་ཁ་འབྱལ་ཏེ་ཡུན་རིངམ་སྦེ་སོང་བའི་མཐའ་མར་ ལོག་སྟེ་གཅིག་ཁར་འཛོམས་པའི་དགའ་ཚོར་བསྐྱེད་དེ་ འཐེན་འཐེནམ་གི་གླུ་གཞས་དགའ་གླུ་ཅིག་ཨིན་མས། གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་འདི་ནང་ གནམ་དང་ཉིམ་ གངས་དང་སེངྒེ་ སྤང་དང་ཤཝ་ ཆུ་དང་ཉ་མོ་ རྫོང་དང་དབང་ཆེན་དཔོནམོ་ཚུ་ལུ་དཔེ་བཀོད་དེ་འདུག

Transcript search
No results found for this search
0 of 0
  • བསོད་ནམས་གཡུ་སྒྲོན་ Sonam Youden
    ཨ་དང་ལས་ཨེ། དགུང་དང་ཁྲི་གདུགས་མ་མཇལ་ཡུན་རིང་སོང་ལ། །གསུང་ཟེར་མོ་ལ། ཁྲི་གདུགས་དགུང་ལ་བསྐོར་བའི་བཀྲིན་བདག་ལ་ཆེ། །གསུང་ཟེར་མོ་ལ། ཁྲི་གདུགས་དགུང་ལ་བསྐོར་བའི་བཀྲིན་བདག་ལ་ཆེ། །
    Oh! It has been long that sun and sky didn’t meet together. Its pleasure, thanks for being sun with sky.
  • བསོད་ནམས་གཡུ་སྒྲོན་ Sonam Youden
    ཨ་དང་ལས་ཨེ། གངས་དང་སེང་གེ་མ་མཇལ་ཡུན་རིང་སོང་ལ། །གསུང་ཟེར་མོ་ལ། སེང་གེ་གངས་ལ་བསྐོར་བའི་བཀྲིན་བདག་ལ་ཆེ། །གསུང་ཟེར་མོ་ལ། སེང་གེ་གངས་ལ་བསྐོར་བའི་བཀྲིན་བདག་ལ་ཆེ། །
    Oh! It has been long time that lion and peak didn’t meet each other. Its pleasure, thanks for being lion with peak.
  • བསོད་ནམས་གཡུ་སྒྲོན་ Sonam Youden
    ཨ་དང་ལས་ཨེ། སྤང་དང་ཤ་བ་མ་མཇལ་ཡུན་རིང་སོང་ལ། །གསུང་ཟེར་མོ་ལ། ཤ་བ་སྤང་ལ་བསྐོར་བའི་བཀྲིན་བདག་ལ་ཆེ། །གསུང་ཟེར་མོ་ལ། ཤ་བ་སྤང་ལ་བསྐོར་བའི་བཀྲིན་བདག་ལ་ཆེ། །
    Oh! It has been long time that reindeer and pastureland didn’t meet each other. Its pleasure, thanks for being reindeer with pastureland.
  • བསོད་ནམས་གཡུ་སྒྲོན་ Sonam Youden
    ཨ་དང་ལས་ཨེ། མཚོ་དང་ཉ་མོ་མ་མཇལ་ཡུན་རིང་སོང་ལ། །གསུང་ཟེར་མོ་ལ། ཉ་མོ་མཚོ་ལ་བསྐོར་བའི་བཀྲིན་བདག་ལ་ཆེ། །གསུང་ཟེར་མོ་ལ། ཉ་མོ་མཚོ་ལ་བསྐོར་བའི་བཀྲིན་བདག་ལ་ཆེ། །
    Oh! It has been long time that fish and lake didn’t meet each other. Its pleasure, thanks for being fish with lake.
  • བསོད་ནམས་གཡུ་སྒྲོན་ Sonam Youden
    ཨ་དང་ལས་ཨེ། རྫོང་དང་དབང་ཆེན་མ་མཇལ་ཡུན་རིང་སོང་ལ། །གསུང་ཟེར་མོ་ལ། དབང་ཆེན་རྫོང་ལ་བསྐོར་བའི་བཀྲིན་བདག་ལ་ཆེ། །གསུང་ཟེར་མོ་ལ། དབང་ཆེན་རྫོང་ལ་བསྐོར་བའི་བཀྲིན་བདག་ལ་ཆེ།། །།
    Oh! It has been long time that king and Dzong didn’t meet each other. Its pleasure, thanks for being King with Dzong.