Skip to main content Skip to search
27 Jan 2016
3 min 34 sec
Video Overview
Creators: 
Sherig Dentshog, Sangay Choki

Choezom from Richanglu village sings a tsheringmo song. Tsheringmo songs usually have variant lyrics according to location, but the tunes are generally the same. This version is called “The Sun and the High Sky.”

 

བསམ་ལྗོངས་མཁར་རི་ཆང་ལུ་ལས་ ཆོས་འཛོམས་ཀྱིས་འཐེན་མི་ ཚེ་རིང་མོའི་གླུ་གཞས་འདི་ ཅི་དང་ཡང་མ་འདྲ་བའི་ཚེ་རིང་མོའི་གླུ་གཞས་ཅིག་ཨིན་མས། མ་གཞི་ གདངས་དབྱངས་འདི་བཟུམ་སྦེ་ར་ ཚིག་སོ་སོ་བཙུགས་ཏེ་ ཚེ་རིང་མོའི་གླུ་གཞས་འཐེན་ནི་ ལེ་ཤ་ཅིག་ར་འདུག མོ་གིས་འཐེན་མི་དེ་ཡང་ ཚིག་གི་ཐད་ཁར་ གཞན་དང་མ་པ་ལས་མ་འདྲཝ་ཅིག་འདུག ཚིག་ག་དེ་སྦེ་ར་ཡོད་རུང་ གདངས་དབྱངས་ཀྱི་ཐད་ཁར་ རང་རང་སོ་སོའི་འཁྲུལ་སྐད་ལས་བརྟེན་ཏེ་ རྣམ་ཅོ་ཁ་ལུ་ཧན་མི་ཧན་གྱི་ཁྱད་པར་ཡང་སྦོམ་སྦེ་ར་ཆགས་དོ་ཡོདཔ་བཞིན་དུ་ ཆོས་འཛོམས་ཀྱིས་ཡང་ ག་ནི་བ་ཧན་ཏོང་ཏོ་སྦེ་འཐེན་ཏེ་འདུག།

 

Transcript search
No results found for this search
0 of 0
  • ཆོས་འཛོམས་ Chezom
    ཚེ་རིང་མོ་དགུང་དང་ཁྲི་གདུགས་ཉི་མ་ ཆོས་ཞུཝ་ལས་ཚེ་རིང་།
    Tsheringmo, The sky and the sun, has long life, since she receive Dharma teachings.
  • ཆོས་འཛོམས་ Chezom
    ཚེ་རིང་མོ་གངས་དང་སེང་ཆེན་དཀར་མ་ ཆོས་ཞུཝ་ལས་ཚེ་རིང་།
    Tsheringmo, The mountain and the snow lion, has long life, since she receive Dharma teachings.
  • ཆོས་འཛོམས་ Chezom
    ཚེ་རིང་མོ་སྤང་དང་ཤཝ་བྱ་རུབ་ཅུང་ ཆོས་ཞུཝ་ལས་ཚེ་རིང་།
    Tsheringmo, The meadow and the deer, has long life, since she receive Dharma teachings.
  • ཆོས་འཛོམས་ Chezom
    ཚེ་རིང་མོ་ན་དང་རྟ་མའི་རེ་གསུམ་ ཆོས་ཞུཝ་ལས་ཚེ་རིང་།
    Tsheringmo, , has long life, since she receive Dharma teachings.
  • ཆོས་འཛོམས་ Chezom
    ཚེ་རིང་མོ་མཚོ་དང་ཉའུ་ཅུང་གསེར་མོ་ ཆོས་ཞུཝ་ལས་ཚེ་རིང་།
    Tsheringmo, the lake and the gold fish, has long life, since she receive Dharma teachings.
  • ཆོས་འཛོམས་ Chezom
    ཚེ་རིང་མོ་དབང་ཆེན་དཔོན་པ་ ཆོས་ཞུཝ་ལས་ཚེ་རིང་།
    Tsheringmo, the Powerful king, has long life, since he receive Dharma teachings.
  • ཆོས་འཛོམས་ Chezom
    ཚེ་རིང་མོ་དགོན་དང་མཚན་ལྡན་བླ་མ་ ཆོས་ཞུཝ་ལས་ཚེ་རིང་།
    Tsheringmo, The holy place and precious lama, has long life, since he receive Dharma teachings.
  • ཆོས་འཛོམས་ Chezom
    ཚེ་རིང་མོ་གཡུ་དང་དྲིན་ཅན་ཕ་མ་ ཆོས་ཞུཝ་ལས་ཚེ་རིང་།
    Tsheringmo, The village and the benevolent parents, has long life, since she receive Dharma teachings.