Skip to main content Skip to search
25 Jan 2016
4 min 6 sec
Video Overview
Creators: 
Sonam Chophel, Dawa Tshering, Dawa Tshering

གཞུང་སྒྲ་དང་ བོད་སྒྲ་ རིག་གསར་གི་གླུ་གཞས་ཚུ་གི་གྲས་ཁར་མ་ཚུད་པའི་ གཞས་ཟེར་སླབ་སྲོལ་ཡོད་པའི་ནང་ལས་ ཝང་གཞས་ འོ་ཆུ་པའི་གཞས་ ནུ་སྦི་གི་གཞས་ལ་སོགས་པ་ཚུ་ཡོད་པའི་ནང་གསེས་ ཝང་གཞས་ ཤར་ཕི་ལས་ཤར་བའི་ཁྲི་གདུགས་ནམ་ཡང་ཤར། ཟེར་མི་དེ་ཡང་ སྤུ་ན་ཁ་རི་རྩ་ལས་ རྣམ་རྒྱས་ཀྱིས་འབད་འཐེནམ་ཨིན་མས། གཞས་ཀྱི་ཚིག་ཚུ་ མ་འདྲཝ་ག་ཅི་བཟུམ་རང་འཐེན་རུང་ ཤར་ཕྱོགས་པའི་ཨ་ལོ་བཟུམ་སྦེ་ར་ གདངས་དབྱངས་གཅིག་མ་གཏོགས་ སོ་སོ་སྦེ་འཐེན་ནི་མིན་འདུག།

 

The lyrics of every zhey are different, but when it comes to tune or the rhythm, it’s same for all. Even if it is Nub zhey, Wang zhey, Woochupai zhey, or Goen zhey, they are all sung with the same tune.

 

Transcript search
No results found for this search
0 of 0
  • རྣམ་རྒྱས། Namgay ཤར་ཕི་ལས་ཁྲི་གདུགས་ནམ་ཡང་ཤར་དབའི། །ཤར་ཕི་ལས་ཁྲི་གདུགས་ནམ་ཡང་ཤར་དབའེ། །
    sun always rise from east as sun always rise from east.
  • རྣམ་རྒྱས། Namgay ད་རེས་ཤར་བའི་ཁྲི་གདུགས་ལུས་དྲོ་བས། །ད་རེས་ཤར་བའི་ཁྲི་གདུགས་ལུས་དྲོ་བས། །
    but todays sunshine is warming body as sunshine warms body
  • རྣམ་རྒྱས། Namgay ནོར་བུ་ཕི་ལས་ཤར་ཤར་ནམ་ཡང་ཐོན། །ནོར་བུ་ཕི་ལས་ཤར་ཤར་ནམ་ཡང་ཚེས་དབའེ། །
    gem always appears in continution as gem always appears in continution.
  • རྣམ་རྒྱས། Namgay ད་རེས་ཐོན་པའི་ཤར་ཤར་མདངས་དཀར་བས། །ད་རེས་ཐོན་པའི་ཤར་ཤར་མདངས་དཀར་བས། །
    but todays emerging gem was so bright as todays emerging gem was so bright.
  • རྣམ་རྒྱས། Namgay ས་རྒྱ་ལས་མཚན་ལྡན་ནམ་ཡང་འབྱོན་། །ས་རྒྱ་ལས་མཚན་ལྡན་ནམ་ཡང་འབྱོན་དབའེ། །
    genuine always come from India asgenuine always come from India.
  • རྣམ་རྒྱས། Namgay ད་རེས་བྱོན་པའི་མཚན་ལྡན་བྱིན་བརླབས་རང་ཆེ། །ད་རེས་བྱོན་པའི་མཚན་ལྡན་བྱིན་བརླབས་རང་ཆེ།
    but todays genuine was so blessing boon as todays genuine was so blessing boon.
  • རྣམ་རྒྱས། Namgay ས་མགྲོན་གྱོང་དཔའ་རྩལ་ནམ་ཡང་འཛོམས། །ས་མགྲོན་གྱོང་དཔའ་རྩལ་ནམ་ཡང་འཛོམས་དབའེ།
    all the intelligent singer meet at this place as al the intelligent singer meet at place
  • རྣམ་རྒྱས། Namgay ད་རེས་འཛོམས་པའི་དཔའ་རྩལ་གླུ་གཞས་རང་མཁས། །ད་རེས་འཛོམས་པའི་དཔའ་རྩལ་གླུ་གཞས་རང་མཁས། །
    but todays meeting was with full compitation of songs as todays meeting was full of compitation of songs.