Video Overview
འདྲ་རྫ་ལ་སྒང་ནི་ཁམས་རྟའུ་རྫོང་གྱི་མངའ་ཁུངས་སུ་གཏོགས་པའི་གནས་མཆོག་ཅིག་ཡིན།
- བསོད་ནམས་དཔལ་མོ།བཀྲིིས་བདེ་ལེགས། ངའི་མིང་ལ་བསོད་ནམས་དཔལ་མོ་ཟེར།
- ང་ནི་འདྲ་རྫ་ལ་སྒང་ནས་སྐྱེས་པའི་བུད་མེད་ཅིག་ཡིན།
- དེ་ནས་ང་ནི་འབྲོག་ཡུལ་ནས་སྐྱེས་པའི་བུད་མེད་ཅིག་ཡིན།
- ངེད་འབྲོག་རྫ་ལ་སྒང་ལ་དུད་ཚང་བདུན་ཅུ་ལྷག་ཡོད་པ་རེད།
- ང་ལ་མཚོན་ན་ལོ་ངོ་བཅུ་བཞི་ལ་འབྲོག་ལས་བྱས་ནས་བསྡད།
- དེའི་རྗེས་ནས་སློབ་གྲྭར་ལོར་ཉེར་ལྔའི་རིང་ལ་སོང་བ་ཡིན།
- ད་སྐབས་ཡང་ཕྱིར་ཕ་ཡུལ་དུ་ལོག་ནས་འབྲོག་ལས་གཉེར་བཞིན་ཡོད།
- ལོ་ངོ་བཅུ་བཞིའི་ཡར་སྔོན་སློབ་གྲྭར་མ་ཕྱིན་པའི་གོང་དུ།
- ནོར་གནག་དང་ལྷན་དུ་འཚོ་སྡོད་བྱེད་པ་དེ་སྤྲོ་སྣང་ཆེན་པོ་འདུག
- དེའི་རྗེས་ནས་སློབ་གྲྭ་དང་གྲོང་ཁྱེར་གང་མང་ལ་སོང་ནས།
- སླར་རང་ཡུལ་དུ་ལོག་ནས་སྔར་ལྟར་འབྲོག་ལས་ལ།
- གཉེར་རུང་སྤྲོ་སྣང་མ་གཏོགས་སྡུག་སྣང་མི་འདུག
- ད་སྐབས་ང་ཚོ་ཡོད་ས་ནི་བཞོ་ངུ་ཟེར་ས་དེ་རེད།
- ང་ཚོ་དབྱར་གྱི་སྐབས་སུ་ག་ས་གང་དུ།
- འབྲོག་ཁྱིམ་དུད་ཚང་གསུམ་བཞི་རེ་ཙམ་ལྷན་དུ་སྡོད་པ་རེད།
- སྤྱིར་འབྲོག་པ་ལ་མཚོན་ན་ལས་ཀ་ནི།
- སྔ་མོར་ཡར་ལངས་ཏེ་མེ་བུས་ནས།
- དེ་རྗེས་སྔ་ཇ་འཐུང་ནས་བཞོ་མཁན་རྣམས་འབྲི་བཞོ་རུ་ཆས།
- སྐྱེས་པ་རྣམས་ནོར་ཐམས་ཅད་སྐོར་དུ་འགྲོ་བ་རེད།
- འབྲི་མོ་བཞོས་ཚར་རྗེས།
- ལྕི་བ་འཕེན་པ་རེད།
- དེའི་རྗེས་གོང་ཇ་འཐུང་ནས།
- འོ་མ་བཤིགས་ཏེ་དེའི་རྗེས་ཆུར་བ་ལས་པ་རེད།
- དེ་ནས་ཅུང་ཙམ་ངལ་གསོས་ནས་འདུག་པ་རེད།
- དུས་ཚོད་བཞི་ལྔ་ཡས་མས་སུ་ནོར་རྣམས་འདེད་སར་འགྲོ་བ་རེད།
- དེ་ནས་བེའུ་རྣམས་འདོགས་པ་རེད།
- བེའུ་ཡར་རྒྱུགས་མ་རྒྱུགས་བྱས་ནས་དཀའ་ཁག་ཅུང་ཙམ་འདུག
- དེའི་རྗེས་ནས་སྦྲ་ནང་དུ་འོང་ནས་ནུབ་ཇ་བསྐོལ་བ་རེད།
- ནུབ་ཟས་ཟོས་རྗེས་འབྲོག་པའི་ཉིན་གཅིག་གི་ལས་ཀ་ཚར་བ་རེད།
- ང་རང་ལ་མཚོན་ན་འབྲོག་པའི་འཚོ་བ་ལ་སྤྲོ་སྣང་ཡོད་པའི་རྒྱུ་མཚན་ནི།
- དབྱར་གྱི་སྐབས་སུ་སྤང་ལ་མེ་ཏོག་སྣ་ཚོགས་བཞད་པ་དང་།
- ག་ས་གང་དུ་སོང་རུང་སྤྲོ་སྣང་ཆེན་པོ་སྟེར་ཐུབ།
- ས་ཆ་གང་སྐྱིད་དག་ནས་སྦྲ྄་ནག་ཕུབ་སྟེ་འདུག་པ་རེད།
- དེ་འདྲ་ཡིན་དུས་སེམས་ལ་དགའ་སྣང་འདུག
- ནོར་གནག་དང་ལྷན་དུ་འཚོ་བར་གོམས་སོང་ན།
- སེམས་ལ་དགའ་སྣང་དང་སྤྲོ་སྣང་མི་དམན་པ་འདུག
- འབྲོག་པའི་ས་ཆ་ཞེས་པ་འདི་ནི།
- ཁོར་ཡུག་ཧ་ཅང་དག་གཙང་ཡིན་པ་དང་།
- ལྷག་པར་དུ་ཆུ་དང་མཁའ་དབུགས་གཙང་མ་ཡིན་ཞིང་།
- འབྲོག་པའི་ཟས་རིགས་ནི་མར་དང་ཆུར་བ། ཞོ་སོགས།
- གཞན་རྫས་ངན་གྱི་རིགས་མི་འདྲེས་པར་གཙང་བ།
- སློབ་གྲྭ་དང་གྲོང་ཁྱེར་སོགས་འགྲིམ་ནས་ཐོན་སྐབས།
- གྲོང་ཁྱེར་གྱི་ཟས་རིགས་ནང་དུ་རྫས་ངན་འདྲེས་འདུག
- འབྲོག་པའི་ཟས་རིགས་ལ་མཚོན་ན།
- རྫས་ངན་གྱི་ལྷད་ཡོད་པ་མ་རེད།
- ཟས་ཐམས་ཅད་གཙང་མ་ཡིན་པ་རེད།
- མར་ཆུར་ནི་ནོར་གནག་ལས་བྱུང་བ་རེད།
- ཕྱི་མཐའ་ལའང་འཚོ་གནས་བརྟན་པོ་ཡིན་པ་རེད།
- འབྲོག་པའི་འཚོ་གནས་ཀྱི།
- སྐྱེ་དངོས་ཐམས་ཅད་སྨན་རྩྭ་ཡིན་པ་རེད།
- ནོར་གནག་ནི་རིན་པོ་ཆེ་ལྟ་བུ་རེད།
- ངལ་རྩོལ་ཅུང་ཙམ་བྱེད་དགོས་རུང་འཚོ་བ་ལ་དཀའ་ཁག་མེད་པས།
- འབྲོག་པའི་འཚོ་བ་བདེ་སྐྱིད་ལྡན་པ་རེད།
- ནོར་རྫི་བྱེད་སྐབས་སེམས་ལ་སྤྲོ་སྣང་འདུག
- ཕྱི་གྲོང་ཁྱེར་སོགས་འགྲིམ་སྐབས་སྤྲོ་སྣང་ཆེར་མི་འདུག
- ནོར་གནག་གི་རྗེས་སུ་སོང་ན་མཛེས་ལྗོངས་སོགས་མང་པོ་མཐོང་ཐུབ།
- དེའི་རྐྱེན་གྱིས་སེམས་ལ་དགའ་སྣང་དང་སྤྲོ་སྣང་ཆེན་པོ་འདུག