05 Jan 2016
3 min 6 sec
Video Overview
Creators:
Tibetan & Himalayan Library, Dudul Dorjee
This is a video of Tsethar Bum from Yonru Village in Chentsa singing a song called "The Suffering of Old Age." This song is part of a collection of folk songs from the Rebgong cultural area.
འདི་ནི་ཨ་མདོ་རེབ་གོང་ས་ཁུལ་གྱི་རྨོངས་གླུའི་རིགས་ཤིག་སྟེ། གཙོ་བོར་རྒས་པའི་སྡུག་བསྔལ་བརྗོད་ཡོད།
གླུ་འདིའི་ནང་དུ་རྒས་པའི་སྡུག་བསྔལ་བརྗོད་ཡོད་པ་དང་། དེ་ཡང་དང་པོ་བྱ་རྒས་ན་དགུང་ཨ་སྔོན་དབྱིངས་ནས་འདར་ར་ར་བྱེད་པ་དང་། འབྲོང་རྒས་ན་ཁྱུ་ལས་བྲལ་ཏེ་རྫ་ཁྲ་ཡག་དཀྱིལ་ན་འདར་ར་ར་བྱེད་པ། ཡང་མི་རྒས་རྣ་དབང་ཉམས་པས་བཟའ་མིའི་སྐད་ཆ་མི་གོ་བ་དང་། ཁྱིམ་གོ་ཁའི་བར་ན་འདར་ར་ར་བྱེད་པའི་སྡུག་བསྔལ་བརྗོད་ཡོད།
- ཡེ་་ལེན་་་་་་་ངས་ཡ་རེ་ལེན། །
- བྱ་རྒས་ནས་རྒས་ཏེ་དགུང་ལ་འཕུར། །
- དགུང་ཨ་སྔོན་དཀྱིལ་ན་འདར་ར་ར། །
- ནང་བྱ་བརྒྱར་གཤོག་རྩེད་མི་ཐུབ་ཀི །
- སྙིང་རྗེ་ན་རྗེ་རྒྱུ་གན་ལ་ཡོད། །
- འབྲོང་རྒས་ནས་རྒས་ཏེ་རྫ་མགོ་མྱུལ། །
- རྫ་ཁྲ་ཡག་དཀྱིལ་ན་འདར་ར་ར། །
- ནང་འབྲོང་བརྒྱར་རྭ་རྩེད་མི་ནུས་པས། །
- སྙིང་རྗེ་ན་རྗེ་རྒྱུ་གན་ལ་ཡོད། །
- ཡེ་་ལེན་་་་་་་ངས་ཡ་རེ་ལེན། །
- མི་རྒས་ནས་རྒས་ཏེ་གོ་ཁར་ལྷུང་། །
- ཁྱིམ་གོ་ཁའི་བར་ན་འདར་ར་ར། །
- ཁྱིམ་བཟའ་བའི་ནང་གཏམ་མི་གོ་བས། །
- སྙིང་རྗེ་ན་རྗེ་རྒྱུ་གན་ལ་ཡོད། །