Video Overview
Sanga Chozom from Lhuntse district sings a Boedra song called "Wokchu Luley Thoenpai". It is a song of repentance about a devotee of aware of his/her master being a great saint yet failing to pay homage to him. The devotee then prays for the wellbeing of all sentient creatures, through the power of the master. The lyrics express the song's message through the use of metaphors including a precious jewel and milk of the snow lion, both disappearing into the distance. The composer desires to receive the jewel's blessing and the essence of the milk.
༉ བོད་སྒྲའི་གླུ་གཞས་རྙིང་ཤོས་ཅིག་ཨིན་མི་ འོག་ཕྱོགས་ཀླུ་ལས་ཐོན་པའི་ཟེར་མི་འདི་ ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ལས་གསང་སྔགས་ཆོས་འཛོམས་ཀྱིས་འཐེན་ཏེ་འདུག གླུ་གཞས་འདི་ འོག་ཕྱོགས་ཀླུ་ལས་ཐོན་པའི་ནོར་བུ་དགོས་འདོད་དཔུང་འཇོམས་འདི་ ཧེ་མ་ནོར་བུ་ཨིནམ་མ་ཤེས་པས་ ཤུལ་ལས་ཤེས་པའི་བསྒང་ལས་ ནོར་བུ་འདི་ཐག་རིང་སར་ཐལ་སོ་ནུག ཨིན་ཏེ་འབད་རུང་ སྨོན་ལམ་ཡང་ཡང་བཏབ་སྟེ་ ནོར་བུའི་དངོས་གྲུབ་དེ་ཞུཝ་ཨིན་པས། དེ་བཟུམ་སྦེ་ར་ གངས་སེངྒེ་དཀར་མོའི་ཨོམ་དེ་ཡང་ བདུད་རྩི་ཨིན་རུང་ བདུད་རྩི་ཨིནམ་མ་ཤེས་པས་ བདུད་རྩི་ཨིནམ་ཤེས་པའི་བསྒང་ལས་ བདུད་རྩི་གངས་ལུ་ཐལ་སོ་ནུག་ཟེར་ བློ་འགྱོད་བསྐྱེད་དོ་ཡོདཔ་ད་ འ་ནཱི་བཟུམ་སྦེ་ པད་གླིང་ཡབ་སྲས་ཚུ་ཡང་ སངས་རྒྱས་ཨིནམ་མ་ཤེས་པས་ ཤེས་པའི་བསྒང་ལས་ འགྲོ་དོན་མཛད་པར་ཐལ་སོ་ནུག་ཟེར་ གླུ་གཞས་འདི་གི་བཅུད་དོན་ངོ་མ་ར་ པད་གླིང་ཡབ་སྲས་ཚུ་ལུ་བསྟོད་པའི་གླུ་གཞས་ཅིག་ཨིན་པས། ནམ་བརྩམས་ཅི་ག་དང་ ག་གིས་བརྩམས་ཅི་གའི་སྐོར་ལས་ཤེས་མི་ཅིག་མེད་དེ་འབད་རུང་ གླུ་གཞས་འདི་གི་བཅུད་དོན་དེ་ པད་གླིང་ཡབ་སྲས་ཚུ་གི་བསྟོད་པ་འབདཝ་ལས་ པད་མ་གླིང་པའི་སློབ་མ་ཅིག་གིས་བརྩམས་བརྩམས་བཟུམ་ཅིག་འདུག
- Lhuntse
- གསང་བསྔགས་ཆོས་འཛོམས། Sanga Chozomའོག་ཕྱོགས་ཀླུ་ལས་ཐོན་པའི། །ནོར་བུ་དགོས་འདོད་སྤུངས་འཇོམས། །ནོར་བུ་དགོས་འདོད་སྤུངས་འཇོམས། །
- གསང་བསྔགས་ཆོས་འཛོམས། Sanga Chozomལོ་དང་ཟླ་བ་སོང་ཀྱང་(ཡང་)། །ནོར་བུ་ཡིན་པར་མ་ཤེས། །ནོར་བུ་ཡིན་པར་མ་ཤེས། །
- གསང་བསྔགས་ཆོས་འཛོམས། Sanga Chozomནོར་བུ་ཡིན་པར་ཤེས་ཚེ། །ནོར་བུ་རྒྱང་ལ་ཐལ་སོང། །ནོར་བུ་རྒྱང་ལ་ཐལ་སོང། །
- གསང་བསྔགས་ཆོས་འཛོམས། Sanga Chozomསྨོན་ལམ་ཡང་ཡང་བཏབ་ནས། །ནོར་གྱི་དངོས་གྲུབ་ཅིག་ཞུ་གེ །ནོར་གྱི་དངོས་གྲུབ་ཅིག་ཞུ་གེ །
- གསང་བསྔགས་ཆོས་འཛོམས། Sanga Chozomསྟེང་ཕྱོགས་ལྷ་ལས་བབས་པའི། །གངས་ཀྱི་སེང་གེའི་འོ་མ། །གངས་ཀྱི་སེང་གེའི་འོ་མ། །
- གསང་བསྔགས་ཆོས་འཛོམས། Sanga Chozomལོ་དང་ཟླ་བ་སོང་ཀྱང་(ཡང་)། །བདུད་རྩི་ཡིན་པར་མ་ཤེས། །བདུད་རྩི་ཡིན་པར་མ་ཤེས། །
- གསང་བསྔགས་ཆོས་འཛོམས། Sanga Chozomབདུད་རྩི་ཡིན་པར་ཤེས་ཚེ། །བདུད་རྩི་གངས་ལ་ཐལ་སོང་། །བདུད་རྩི་གངས་ལ་ཐལ་སོང་། །
- གསང་བསྔགས་ཆོས་འཛོམས། Sanga Chozomསྨོན་ལམ་ཡང་ཡང་བཏབ་ནས། །ཚེ་ཡི་དངོས་གྲུབ་ཅིག་ཞུ་གེ །ཚེ་ཡི་དངོས་འགྲུབ་ཅིག་ཞུ་གེ །
- གསང་བསྔགས་ཆོས་འཛོམས། Sanga Chozomཔད་གླིང་ཞི་ཁྲོ་ཡབ་སྲས། །སྟེང་ཕྱོགས་ལྷ་ཡི་སྲས་པོ། །སྟེང་ཕྱོགས་ལྷ་ཡི་སྲས་པོ། །
- གསང་བསྔགས་ཆོས་འཛོམས། Sanga Chozomལོ་དང་ཟླ་བ་སོང་ཀྱང་(ཡང་)། །སངས་རྒྱས་ཡིན་པར་མ་ཤེས། །སངས་རྒྱས་ཡིན་པར་མ་ཤེས། །
- གསང་བསྔགས་ཆོས་འཛོམས། Sanga Chozomསངས་རྒྱལ་ཡིན་པར་ཤེས་ཚེ། །འགྲོ་དོན་སྐྱོང་བ་ཐལ་སོང་། །འགྲོ་དོན་སྐྱོང་བ་ཐལ་སོང་། །
- གསང་བསྔགས་ཆོས་འཛོམས། Sanga Chozomསྨོན་ལམ་ཡང་ཡང་བཏབ་ནས། །ཡེ་ཤེས་སྤྱན་གྱིས་གཟིགས་ཤོག །ཡེ་ཤེས་སྤྱན་གྱིས་གཟིགས་ཤོག། ལགས་སོ།། །།