Video Overview
Sangay Dorji narrates a story about two cow herders and a dog that barked all night, preventing them from sleeping. One of the cow herders told the other one that his dog was too noisy and needed to be sent back home. The owner of the dog strived to explain to his friend that his dog would never bark without a reason, but he failed to do so. He finally left to take his dog home. The other cow herder stayed behind with his infant. That night a yeti invaded their campground, and when the dog owner arrived the next day he found his friend dead. The dog was barking because he saw the yeti; he was either trying to chase the yeti away or to warn his owner.
མནོ་མེད་སེམས་ཅན་ཅིག་ཨིན་རུང་ མནོ་ཅན་མི་ལས་ལྷག་པའི་ཆ་རོགས་འབད་བཏུབ་དོ་ཡོདཔ་ཨིན་མས། དེ་ཡང་ བཀྲ་ཤིས་གཡང་རྩེ་རི་བྱུང་ལས་ སངས་རྒྱས་རྡོ་རྗེ་གིས་གཏང་མི་སྲུང་འདི་ནང་ ཧེ་མ་ ནོར་གྱི་བྱང་ས་ལུ་ནོར་རྫིཔ་གཉིས་དང་མཉམ་ རོ་ཁྱི་ཅིག་ཡོད་མི་དེ་གིས་ ནམ་ནུབ་མོ་ཧབ་ཧབ་ས་སྡོད་དེ་ཞག་ཉལ་མ་བཅུག་པར་ ཆ་རོགས་དེ་གིས་ ཁྱོད་ཀྱི་རོ་ཁྱི་དེ་གིས་ནུབ་མོ་ཉམས་འཚེར་ཁག་ཁ་འབདཝ་མས་ ལོག་སྐྱེལ་ད་ཟེར་སླབ་སྟེ་ རོ་ཁྱི་ཧབ་མི་འདི་ དོན་དག་མེདཔ་མི་འོང་ས་ ཟེར་ག་དེ་སྦེ་བཤད་སླབ་རུང་ཉན་མ་བཏུབ་པར་སྐྱེལ་བའི་ཕྱི་རུ་འབདཝ་ད་ ཆ་རོགས་ཡང་ལོག་མ་ལྷོད་ རོ་ཁྱི་ཧབ་མི་ཡང་མེད་ ཁོ་དང་ཨ་ལོ་ཆུང་ཀུ་ཅིག་སྦེ་སྡོདཔ་ད་ མི་རྒོད་ཅིག་འོང་སྟེ་ནུབམོ་ཅིག་ མཉམ་གཅིག་སྡོད་དེ་འགྱོ་མ་བཏུབ་པའི་ནངས་པར་འབདཝ་ད་ ཁོ་ར་ཤི་སོངཔ་ཨིན་པས། དེ་འབད་ནི་འདི་གིས་ སེམས་ཅན་རོ་ཁྱི་ཅིག་གིས་ཡང་ མི་ལས་ལྷག་པའི་ཆ་རོགས་འབད་དོ་ཡོདཔ་ལས་ སེམས་ཅན་ཨིན་ཟེར་ སྣང་མེད་འབད་མ་བཞག་པར་ དགའ་ཚོར་བསྐྱེད་དགོཔ་ཨིན་པས།
- Jamkhar
- སངས་རྒྱས་རྡོ་རྗ Sangay Dorjiའུམ་ ཨ་ནཱི་ཨིན་མས་ལགས། མོང་སྒར་ཤེར་མུ་ཧཱུཾ་ཟེར་སའི་གངས་ཅིག་གུ་ ནོར་རྫིཔ་ཅིག་སྡོད་སྡོདཔ་ཨིན་པས་ལགས། ཏེ་ ཨ་ནཱི་ནོར་རྫིཔ་ ཁོང་གཉིས་ཡོདཔ་ཨིན་པས། ཏེ་ ནོར་རྫིཔ་གཉིས་དང་གཅིག་ཁར་རོ་ཁྱི་ཅིག་ཡོདཔ་ཨིན་པས།ummm! this is the one. In the village of mongar shermong there is a mountain where there lived two herder and a dog,
- སངས་རྒྱས་རྡོ་རྗ Sangay Dorjiཨ་ནཱི་ རོ་ཁྱི་གིས་ཉིན་ནུབ་མེད་པར་ ཕྱི་རུ་སོངམ་ད་ར་ ཏེ་ གནམ་མེད་ས་མེད་ ཧབ་ཧབ་ཨིན་མས། ཧབ་ཅི་ཧབ་ཅི་ར་སྡོད་དོ་ཡོདཔ་མས། ཧབ་ཅི་ར་སྡོདཔ་ད་ལུ་ འ་ནཱི་ཆ་རོགས་གཅིག་དེ་གིས་སླབ་སླབ་མས།The dog was barking all the time, evening time the dog was barking so much and there was a friend he said,
- གྲུབ་ཐོབ་བཟང་མོ Dupthop Zangmoཁྱོད་ཀྱི་ རོ་ཁྱི་འདི་ ད་ ཧབ་ནི་དྲགས་ར་དྲགས་པས། ད་ ཁྱོད་ཀྱི་རོ་ཁྱི་ལོག་སྟེ་ ཁྱིམ་ནང་བསྐྱེལ་ད་ ང་བཅས་ན་ཉམས་ཚེརཝ་མས། ང་བཅས་ ཁྱོད་ཀྱི་ རོ་ཁྱི་མིན་དགོ་པས། ཁྱོད་ཀྱི་རོ་ཁྱི་ལོག་ཁྱིམ་ནང་ བསྐྱེལ་ཟེར་སླབ་སླབ་མས།Your dog is barking alot, we are getting distrubed, we don't want your dog sent him back to the home.
- གྲུབ་ཐོབ་བཟང་མོ Dupthop Zangmoདེ་ལས་ ཏེ་ ཨ་ནཱི་ རོ་ཁྱི་གི་ཇོ་བདག་གིས་སླབ་སླབ་ཨིན་པས། དབའི་ ཁོ་ལུ་ དོན་དག་ཁུངས་ཅིག་འོང་མས། རོ་ཁྱི་ཧབ་མི་ལུ་ དོན་དག་ཅིག་འོང་མས། ཁོ་ལུ་ དོན་དག་མེད་པ་འདི་ མི་ཧབ་ཟེར་སླབ་སླབ་མས།Then the dog owner said may be the dog got some reason of barking, he won't bark without reason.
- གྲུབ་ཐོབ་བཟང་མོ Dupthop Zangmoསླབ་རུང་ར་ ཨ་ འབག་འབག་ ང་ཉམས་ཚེརཝ་མས། ཁྱོད་ལུ་དོན་དག་ ཁུངས་ཡོད་རུང་མེད་རུང་ ཁོ་གིས་སླབ་སྟེ་ ཁོ་ ཡར་ལུ་བདའ་བཏང་བཏངམ་མས་ ཡར་བལྟ་སྟེ་ ཁོ་གིས་ རོ་ཁྱིའི་ཇོ་བདག་མེན་པར་ གཞན་མི་གིས་ཁྱིམ་ཅིག་ལུ་སྤྲོད་པ་འཁྱིད་འཁྱིདཔ་ཨིན་མས།But the friends/neighbour didn't listen, you sent the dog to home, then the owner sent the dog to the home but not at his own home he sent him to his friends place.
- གྲུབ་ཐོབ་བཟང་མོ Dupthop Zangmoཏེ་ སྤྲོདཔ་ད་ལུ་ ཏེ་ ད་རུང་ ཇོ་བདག་གཅིག་གིས་འདི་ཤེས་ཤེསཔ་ཨིན་མས། ཏེ་ ད་ ཡ་ ད་རེས་ རོ་ཁྱི་འཁྱིད་འཁྱིདཔ་མེན། འདྲེ་ཅིག་སྲིན་པོ་ཅིག་འོང་ར་འོང་དོ་འོང་ནི་མས། འདི་མེན་པ་ཅིན་ རོ་ཁྱི་གིས་ཡང་ འ་ནཱི་ཅིག་མི་ཧབ། ཁོ་དོན་དག་མེད་པ་འདི་མི་ཧབ་ནི་འོང་ཟེར།the other owner knew that there is something wrong because the dog won't bark without reason there is something devil spirit or may be demond is coming that's why the dog is barking a lot.
- གྲུབ་ཐོབ་བཟང་མོ Dupthop Zangmoཨ་ནཱི་ རོ་ཁྱི་ ཡར་ཁྱིམ་ནང་ནང་མ་འཁྱིད་པར་ ལམ་ཁ་ལུ་ལོག་བཞག་བཞག་ཨིན་པས། ལོག་ཏེ་མ་སྤྲོད་པར་ ལམ་ཁ་ལས་ ལོག་སྟེ་འཁྱིད་འོང་འོངམ་ཨིན་པས་ ཁོ་གིས། ཏེ་ འ་ནཱི་འབདཝ་ད་ལུ་ ཨ་ནཱི་བསྒང་ལུ་ ཁོ་གི་ བ་རྒྱ་ཚམོ་དང་ ཡང་ཀུམ་ཡོད་མས་བ།The owner didn't take the dog directky to home but from the middle of the way he brought back the dog with him, so there was a yangkom cattle,
- གྲུབ་ཐོབ་བཟང་མོ Dupthop Zangmoརྒྱ་ཚམོ་ཅིག་བྱང་ཡི་ཟེར་ཨིན་པས། རྒྱ་ཚམོ་བྱང་སྟེ་འབདཝ་ད་ ཕར་འཚོལ་ཚུར་འཚོལ་བལྟ་རུང་ མ་མཐོང་ནུག་མེན་ན། དེ་ལས་ ཏེ་ དབའི་ ད་ ངེ་གི་རྒྱ་ཚམོ་བྱང་བྱངམ་ཨིན་མས། ད་ མི་མཐོང་ནི་ཨིན་པས་ཟེར་ མནོ་བསམ་བཏང་སྟེ་ ཉལ་ཉལ་ཨིན་པས།the mithun cattle was lost so they search every where but didn't find it, now i think i lost my cattle and he slept.
- སངས་རྒྱས་རྡོ་རྗ Sangay Dorjiརོ་ཁྱི་ཡང་མ་འཁྱིདཔ་ཨིན་པས། ཨ་ནཱི་ ལྟོ་ཚང་ཡང་མ་ལྷོདཔ་ཨིན་པས། དེ་ལས་ ཁོ་ ཧ་ལམ་ཅིག་ལས་ ཁོ་ར་ཕུད་རྡོག་གཅིག་རྐྱངམ་ཅིག་སྡོདཔ་ད་ལུ་ ཏེ་ ཨ་ནཱི་བྱང་སའི་ལྟག་ལས་མར་ སོར་སོར་ཟེར་འབདཝ་མས་ལོ་ ཏེ་ དབའི་སོར་སོར་ཅིག་འབདཝ་མས། ངེ་ རྒྱ་ཚམོ་འདི་ལོག་ལྷོད་ལྷོད་ཨིན་པས་ཟེར་ མནོ་བསམ་བཏང་ཡི་བཏང་ཡི་ ལྟག་ཀོ་སེང་སྟེ་བལྟ་བལྟཝ་ཨིན་མས་ ཁོ་གིས།the dog and his friend didn't return back and he was alone then above the herd there was a sound (sor sor) coming and he thought may be his cattle came back, he raise his head and looked outside.
- སངས་རྒྱས་རྡོ་རྗ Sangay Dorjiའ་ནཱེ་འབད་རུང་ ཕྱི་ཁ་འདི་མ་ཐོནམ་ཨིན་པས་ཁོ། ད་རུང་ སོར་སོར་འབདཝ་མས་ལོ་ དེ་འབདཝ་ད་ ཕྱི་ཁར་འདི་ འཐོན་མ་འགྱོ་བས་ ཁོ་གིས། དེ་ལས་ ཏེ་ ཧ་ལམ་ཅིག་ལས་བལྟཝ་ད་ལུ་ ཨ་ནཱ་ལས་ རྡོག་པའི་མཇུག་ལས་ མི་འདྲོག་སི་སི་ བལྟ་ར་མ་ཚུགསཔ་ཅིག་ ལོང་སྡོད་ནུག་ལོ་ ཏེ།he did't see what's outside again there was something different sound coming but he didn't go out side, after sometime he when looked outside he saw a gaint man very scary was standing,
- སངས་རྒྱས་རྡོ་རྗ Sangay Dorjiཨ་ནཱ་ མིག་འཛུམ་ག་ར་ ལགཔ་གི་མཛུབ་མོ་བཟུམ་སྦེ་འདུག་ལོ་རིངམོ། དེ་ལས་ རག་ཀ་རོག་ཀ་སྦེ་འདུག་ལོ་ གཟུགས་ཆ་མཉམ། དེ་ལས་ ཁོ་འདྲོག་འདྲོགཔ་ཨིན་མས་ཏེ། ཁོ་རའི་ ཨ་ལོ་ཆུང་ཀུ་ཅིག་ཡོདཔ་ཨིན་པས་བ། ཆུང་ཀུ་ཅིག་ཡོདཔ་ཨིན་པས་ ཨ་ལོ། ཨ་ནཱི་ ཨ་ལོ་འདི་ བཞག་ཡོདཔ་ཨིན་པས། བཞག་སྟེ་ ཨ་ནཱི་ མི་འདི་གིས་ ཧ་ལམ་ཅིག་ལས་ ནང་ན་ འོང་མས་ལོ་སྟེ།that scary person was so scary that his eye brows were like fingers and on top of that his teeth were unlable so different and messy. then he got scared of it. with him there was a small child he kept the child inside the herd but the scary man slowing coming inside the herd.
- སངས་རྒྱས་རྡོ་རྗ Sangay Dorjiཨ་ནཱ་ ནང་ན་འོངམ་ད་ལུ་ ཏེ་ ཁོ་གིས་ ཤིང་མེ་བཏང་སྟེ་བཞག་ཡོདཔ་ཨིན་མས། བྱང་ས་ལུ་ ཚལ་མ་ནང་གི་སེམས་ཅན་ མེ་བཏང་བཞག་པ་ཅིན་ དྲགས་ནི་མས་ཟེར། ཨ་ནཱི་ མི་གིས་ ད་རིས་ ང་ཅིག་བཟོ་ནི་ཨིན་པས་ཟེར་ ཁོ་གིས་ ཤིང་མེ་བཏག་སྟེ་ མེ་བཏང་བཞགཔ་ད་ལུ་ ཁོ་གིས་ཡང་ ཤིང་མེ་བཏག་མས་ལོ། ཨ་ནཱི་ མི་གིས་ཡང་ ཨ་ནཱི་ མི་གིས་ཡང་ མེ་བཏང་མས་ལོ་ འདྲན་འདྲ་འབད་ར། ཨ་ནཱི་བཏང་ཞིནམ་ལས་ ཏེ་ ཧ་ལམ་ཅིག་ལས་ ཤིང་རྫོགས་འགྱོ་འགྱོཝ་ཨིན་པས།inside the herd the man made the fire already, because he said to the child that today this scary man will do something to us so will make the fire, but the scary man too was buring the fire wood, the scary man was doing same like the man inside the herd then they finish the firewood.
- སངས་རྒྱས་རྡོ་རྗ Sangay Dorjiཤིང་ཧེང་སྐལ་ལོག་བཀལ་ནི་ རང་དབང་མེད་པར་ ཨ་ ཤིང་རྫོགས་ཞིནམ་ལས ཧ་ལམ་ཤིང་ ཨ་ནཱི་ཅིག་རྐྱངམ་ཅིག་ཡོདཔ་ཨིན་པས། འུམ་འུམ་ དེ་ལས་ ཧ་ལམ་ཅིག་ལས་ ཏེ་ ཁོ་གཉིད་ལོག་ལོགཔ་ཨིན་པས་ ཨ་ནཱི་ མི་འདི། ཨ་ནཱི་ འདྲེ་ གཉིད་ལོག་ད་ལུ་ ཁོ་ཡང་ འདྲོག་འདྲོགཔ་ཨིན་པས་ འདྲོག་ནི་འདི། འདྲོག་པའི་ནང་ལས་ གཉིད་འདི་ ཁོ་ཡང་ལོག་དོ་ཡོདཔ་མས། ཁོ་གཉིད་ལོགཔ་ད་ལུ་ ཨ་ནཱི་ ཨ་ལོ་ལྷོང་ནི་སྦེ་ ལགཔ་གིས་ ཨ་ནཱེ་སྦེ་ སེན་མོ་ཅིག་བཏབ་བྱིན་བྱིནམ་ཨིན་པས།there wasn't firewood left. Ahh! fire wood is finished now then the demon was asleep and the man was too scared, when he was about to sleep he pinch the child,
- སངས་རྒྱས་རྡོ་རྗ Sangay Dorjiདབའི་ ཨ་ལོ་གུ་ག་ཅི་སྦེ་ སེན་མོ་བཏབ་སྨོ་ཟེརཝ་མས་ལོ་ ཨ་ནཱེ་མི་གིས། ཤུཏ་ ཨ་ལོ་གུ་ སེན་མོ་བཏབ་ནི་ཨིན་ན་ཁྱོད་ ཟེར་སླབ་མས་ལོ་ ཏེ་ ཨ་ནཱེ་མི་གིས། ཏེ་ དེ་ལས་ ཏེ་ ལོག་ག་ནི་ཡང་འབད་མ་ཚུགས་ལོ་ ཁོ་གིས། དེ་འདབཝ་ལས་ ཨ་ནཱེ་ཅིག་སྦེ་ མེ་འཕུ་ཡི་འཕུ་ཡི་སྡོདཔ་ད་ར་ བྱ་པོད་འབོ་ཡི་ལོ། བྱ་པོད་འབོཔ་ད་ལུ་ ཏེ་ ཁོ་ཙང་བཏང་ཚར་ཅིག་གུ་ ལོང་འགྱོཝ་མས་ལོ།Hey! why are you pinching the child? shuutt! are you going to pinch the child? said the demon. then the man could't do anything and they burn the fire and the cock crows, then the demon slowly went.
- སངས་རྒྱས་རྡོ་རྗ Sangay Dorjiདོན་གོ་ དོན་གོ་ དོན་གོ་ཟེར་འགྱོཝ་མས་ལོ་ ཁོ་ར་གཅིག་སྐད་རྐྱབ་སྟེ། ཏེ་ ཨ་ནཱ་ལས་ ད་རུང་ར་ ཨ་ཙི་ཅིག་ཁར་ལས་ ག་དེ་ཅིག་འགྱོཝ་མས་ག་ བལྟ་གེ་མནོ་ཟེར་ བལྟ་བལྟཝ་ཨིན་མས། ཨ་ནཱེ་སྦེ་ དོན་གོ་གི་ལགཔ་ སྒྲིལ་ཡི་སྒྲིལཝ་ཨིན་པས་ གོ་གི་ལགཔ་སྒྲིལཝ་ད་ ཧ་ལམ་ཅིག་ལས་ ཨ་ནཱ་ ལམ་ལྟག་ལས་ ཁོ་གིས་ བྱང་སའི་ལྟག་ལས་ སྐད་རྐྱབ་མས་ལོ། རྒྱ་ཚམོ་གིས་སྐད་སྦེ་ བང་ བང་ཟེར་ སྐད་རྐྱབ་མས་ལོ།(dengo dengo) shouted and the demond went, the man was watching his move and the demond was moving his way folding his hand. above his herd he heard his cattle's sound (baaa baaa).
- སངས་རྒྱས་རྡོ་རྗ Sangay Dorjiདེ་ལས་ དབའི་ རྒྱ་ཚམོ་ལྷོད་ལྷོདཔ་མས་ཟེར་ ཁོ་ ད་རུང་ཡང་ སེམས་ཕང་སྟེ་ ངེ་གི་ རྒྱ་ཚམོ་ལྷོད་ནུག་ཟེར་ ཐོན་འོང་བཅུག་ཟེར་ མནོ་མནོཝ་མས་ ཁོ། ཁོ་གིས་ ཐོན་མ་འགྱོཝ་ཨིན་པས། ཨ་ནཱི་ ནང་ལས་བལྟ་བལྟཝ་ཨིན་པས། ཨ་ནཱ་ལས་བལྟཝ་ད་ལུ་ ག་ཅི་རྒྱ་ཚམོ་མེན་པར་ སྐད་རྐྱབ་རྐྱབ་མེན་པར་ ཁོ་འདུག་ལོ་ད་རུང་།Then the man thought that may be his cattle came. he didn't move from the herd nad looked but it wasn't his cattle but it was the demond.
- སངས་རྒྱས་རྡོ་རྗ Sangay Dorjiཁོ་སྤུ་སོག་སོག་སྦེ་ ཨ་ནཱ་བསྒུག་སྡོད་ནུག་ལོ་ ཁོ། དེ་ལས་ ཨ་ནཱེ་འབད་ཞིནམ་ལས་ ཏེ་ ཁོ་ཧ་ལམ་ཤརཝ་ཅིན་ ཁོ་ལོང་ཡི་ལོ། ནམ་ལངམ་ད་ལུ་ འགྱོ་ཡི་ལོ་བ། ཏེ་ ནངས་པ་བཟུམ་ཅིག་ ཁོ་ཤི་ཡི་ལོ་སྟེ། སྲོག་བཅད་བཅདཔ་ཨིན་པས་ ཁོ་གིས། ཨ་ནཱི་ མི་གིས་ ཨ་ནཱེ་ཅིག་ཨིན། ངེ་གི་དཔྱེ་གཏམ། ཨ་ནཱི་་སྲུང་འབདཝ་ད།the demond was so messy and scary after sometime he rise up and the man died out shocked. this is the story how man died out of shocked after seeing the demon. Thank you.