Skip to main content Skip to search
22 Jun 2018
10 min 20 sec
Video Overview
Creators: 
Duptho, Sonam Chophel

Pema Lhadon narrates the story of the Tibetan king Songtsen Gompo sending his Minister Khepa Baru Tsana to seek the hand of the Chinese princess Azhi Jazam. The Chinese imperial family was reluctant to give her up but at last, the Tibetan minister convinced the emperor to offer his daughter to his king. On the way out, the minister stole some imperial sheep as he returned to Tibet with the princess. On the way to Tibet, the princess spat. Her spittle turned into lake, and most of the sheep drowned in the water Only the black and white sheep were left. She called out “ten thousand white, one thousand black” (’kar thri nag tong’). It is said that this is the origin of white and black sheep.

༉  བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཕིམ་སོང་ལས་པདྨ་ལྷ་སྒྲོན་གྱིས་ ཨ་ཞེ་རྒྱ་བཟའ་གི་སྲུང་འདི་གཏངམ་ཨིན་པས། མོ་གིས་གཏང་མི་སྲུང་དེ་ནང་ བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གི་བློན་པོ་མཁས་པ་བཻ་རོ་ཙ་ན་དེ་ རྒྱ་ནག་རྒྱལ་པོའི་སྲསམོ་ ཨ་ཞེ་རྒྱ་བཟའ་དེ་བཙུན་མོ་འབད་ལེན་པར་གཏང་བའི་སྐོར་ལས་ཨིན་མས། དེ་འབདཝ་ད་ བློན་པོ་མཁས་པ་བཻ་རོ་ཙ་ན་ཨིན་ན་མེན་ན་འདི་ བརྟག་དཔྱད་འབད་དགོཔ་འདུག ག་དེ་སྦེ་ཨིན་རུང་ ཨ་ཞེ་རྒྱ་བཟའམོ་དེ་ འཇམ་ཏོག་ཏོ་སྦེ་འཐོབ་མ་ཚུགས་པར་ལཱ་ཁག་བཏང་སྟེ་འབད་རུང་ མཐའན་མཇུག་ལུ་ ཐོབ་ཚུགས་པའི་སྐོར་ལས་བཤད་ནི་ཡོདཔ་ད་ སྲུང་འདི་གིས་ ད་ལྟོ་ང་བཅས་ར་མོ་བཏབ་རྩིས་བཏབ་འབད་ནི་ཡོད་མི་རྩིས་ཀྱི་འབྱུང་ཁུངས་དེ་ཡང་ རྒྱ་ནག་ལས་ཨིནམ་སྦེ་སྟོན་པ་གིས་མ་ཚད་ ད་རེས་ནངས་པར་ ལུག་དཀརཔོ་དང་ནགཔོ་གཉིས་ལས་གཞན་མ་མཐོང་མི་དེ་ཡང་ གཞན་དལ་གཞི་ ལུག་གི་མདོག་དེ་ དཀར་སེར་དམར་ལྗང་ག་ར་ཚངམ་སྦེ་ཡོད་དོཝ་མས་ ཨིན་རུང་ རྒྱ་བཟམོ་གི་ཨའི་གི་སྨོན་ལམ་ལོག་པ་ལས་བརྟེན་ གཞན་མི་ག་ར་མཚོ་ནང་ཐིམ་སྟེ་ ད་ལྟོ་མདོག་དཀརཔོ་དང་ནགཔོ་གཉིས་ལས་མཐོང་ནི་མེད་དེ་ རྒྱུ་མཚན་དེ་ལས་བརྟེན་ཏེ་ཨིན་པས།

Transcript search
No results found for this search
0 of 0
  • པད་མ་ལྷ་སྒྲོན་
    Pema Lhadon: བོད་ཀྱི་རྒྱལཔོ་གིས་ རྒྱ་བཟའམོ་ མནའམ་ལྷང་འབག་འོང་ནི་ཟེར། ཏེ་མནའམ་ལྷང་འབག་འོང་ནི་ཟེར་ བོད་ཀྱི་རྒྱལཔོ་གི་མཚན་ སྤྲུལ་པའི་ཆོས་རྒྱལ་ཟེར་སླབ་འོང་ཧེ་མ། སློབ་གྲྭའི་ཀི་དེབ་ནང་ ག་དེམ་ཅིག་ཡང་འོང་བ་ཏེ་ བོད་ཀྱི་རྒྱལཔོ་འདི་ བོད་སྤྲུལ་པའི་ཆོས་རྒྱལ་ཟེར་ རྒྱ་ནག་རྒྱལ་པོའི་སྲསམོ་ མནའམ་ལྷང་འབག་འོང་གནང་ང་ལུ་ཟེར་ ཏེ་མནའམ་ལྷང་འབག་འོང་གནང་སྨེ་ང་ལུ་ཟེར་ ཏེ་ དེ་ལས་ བར་ན་ལུ་འདི་ མཁས་པ་བེ་རོ་ཙ་ན་བཏང་ཡི་ལོ་ རྒྱ་ནག་རྒྱལཔོ་གི་སྲསམོ་མནའམ་ལྷང་འབག་འོང་གནང་ཟེར་ ཏེ་མཁས་པ་བེ་རོ་ཙ་ན་ བོད་སྤྲུལ་པའི་ཆོས་རྒྱལ་ རྒྱལཔོ་གིས་མཁས་པ་བེ་རོ་ཙ་ན་བཏང་སྟེ་ མར་མནའམ་ལྷང་བར་འགྱོ་ཡི་ལོ།
  • པད་མ་ལྷ་སྒྲོན་
    Pema Lhadon: དེ་ལས་ ངེའི་བུམོ་ ཐག་ཆོད་ རྒྱ་ནག་རྒྱལཔོ་གིས་ ངེའི་བུམོ་ ཐག་ཆོད་མནའམ་སྦེ་མི་བྱིན་ཁྱེད་ལུ་ ངེའི་བུམོ་ མནའམ་ཐག་ཆོད་རྦད་ཆོད་ ཁྱེད་ལུ་མནའམ་སྦེ་མི་བྱིན་ཟེར་ རྒྱ་ནག་རྒྱལཔོ་གིས་ བོད་ཀྱི་རྒྱལཔོ་ལུ་ མནའམ་མ་གནང་ཟེར་ ཏེ་མཁས་པ་བེ་རོ་ཙ་ན་འདི་ཐུགས་དོགས་ཏེ་ ཡ་བླ་མ་མཁྱེན་ནོ་ང་ཟེར་ བོད་ཀྱི་རྒྱལཔོ་གིས་གསད་འོང་ང་ཟེར་ ད་འབདན་ དགོངསམ་ཁྲེལ་ཏེ་ ག་དེ་སྦེ་འགྱོན་ན་སྨོ་ང་ཟེར་ ད་འབདན་ མནའམ་མི་བྱིན་ཟེར་གསུངསམ་མས། ག་དེ་སྦེ་འགྱོན་ན་ང་ཟེར་ དབུགས་འགམ་ ཐུགས་དོགས་ཏེ་ སྔུ་སག་ས་སྦེ་ གདོང་ཡང་རྔམ་སི་སི་བཟོ་སྟེ།
  • པད་མ་ལྷ་སྒྲོན་
    Pema Lhadon: ཨང་རྒས་ང་བཟུམ་ཅིག་སྡོད་སྡོདཔ་མས། ཨང་རྒས་ཅིག་གིས་སླབ་བྱིན་དེས་ལོ་ཨང་རྒས་གིས། ཏེ་ང་རྒྱ་ནག་རྒྱལཔོ་གིས་མཁྱེན་པ་ཅིན་ ང་གསད་འོང་སྨེ། རྫིབ་རྡོ་གསུམ་བཙུགས་སྦེ་ ཆང་བཙོ་གེ་ཟེར་ རྫིབ་རྡོ་གསུམ་བཙུགས་སྦེ་ ཟངས་ཆེན་སྦོམ་ཅིག་བཀལ་ ཟངས་ཆེན་སྦོམ་ནང་ཆུ་ལྟེམ་ལྟེ་གངམ་སྦེ་བླུགས་ཏེ་ ཨེན་ཏ་ཅིག་ཐིང་སྦེ་སྡོད་དེ་ ཙེའུ་གིས་སྤུབས་ཏེ་ ཨ་ནཱི་ཙེའུ་དོང་ནང་ལས་བཙུགས་སྦེ་གླིངམ་འཕུ་ཏེ་སླབ་བྱིན་དེས་ལོ་ཨང་རྒས་ཀྱིས།
  • པད་མ་ལྷ་སྒྲོན་
    Pema Lhadon: དེ་ལས་ རྒྱ་ནག་རྒྱལཔོ་གིས་ མི་བྱིན་ནི་གི་ཐབས་ཤེས་འབད་དེ་ ངེ་གི་བུམོ་ ཁྱེད་ཚུ་གིས་ མནའམ་ཐག་ཆོག་རྦད་ཆོད་ར་ མནའམ་སྦེ་འབག་ནི་ཟེར་བ་ཅིན་ རྟ་དང་རྟེའུ་ཅུང་ཅོག་ར་འཐདཔ་སྦེ་ཡོད་སྨེ། ཨ་ནཱི་ རྟ་དང་རྟིའུ་ཅུང་ངོ་ཤེས་ཚུགས་པ་ཅིན་ ཁྱོད་ར་འབག་ཟེརཝ་མས་ལོ་རྒྱལཔོ་གིས་ རྒྱ་ནག་རྒྱལཔོ་གིས། དེ་ལས་ མཁས་པ་བེ་རོ་ཙ་ན་འདི་ ཨ་ནཱི་སྦེ་བལྟ་བ་ཅིན་ ཏེ་བླ་མ་ ངོ་མི་ཤེས་པས་ལོ་སོ་སོ།
  • པད་མ་ལྷ་སྒྲོན་
    Pema Lhadon: ཨང་རྒས་ཀྱིས་ གླིངམ་འཕུ་སྦེ་སླབ་བྱིནམ་མས་ལོ་ ཙང་ཙ་འབད་ རྩྭ་ཆག་པ་གཅིག་འབག་སྦེ་ རྒྱ་ནག་རྒྱལཔོ་གིས་ཤེས་པ་ཅིན་ ང་ཡང་གསད་འོང་སྨེ་ ཙང་ཙ་འབད་ རྩྭ་ཆག་པ་གཅིག་ ག་གིས་ཡང་མ་མཐོངམ་འབད་ ཨ་ནཱི་སྦེ་འབད་ཤིག་ རྟ་གི་ཁའི་སྦོ་ལོགས་ཁར་ འུ་ཧུ་ཧུ་ཟེར་མི་འདི་ ཨའི་སྨེ། བཟུང་སྨ་རེད་ ཟེར་སླབ་དེས་ལོ་ ཨ་ནཱི་ཨང་རྒས་ཀྱིས་ སླབ་སྦེ་ མཁས་པ་བེ་རོ་ཙ་ན་གིས་ རྩྭ་ཆག་པ་ཅིག་ཨ་ནཱི་སྦེ་འབཝད་ལུ་ འུ་ཧུ་ཧུ་ཟེརཝ་མས་ལོ། འ་ནི་འདི་ ཨའི་ཨིན་ཟེར་ ངོ་ཕྱེས་སྦེ་འབག་ཡི་ལོ་ རྒྱ་ནག་རྒྱལཔོ་འབད་སར།
  • པད་མ་ལྷ་སྒྲོན་
    Pema Lhadon: དེ་ལས་ བྱམོ་དང་བྱིའུ་ཅུང་ ཅོག་ར་ཐདཔ་ ངོ་ཕྱེ་ཚུགས་པ་ཅིན་ ངེའི་བུམོ་མནའམ་སྦེ་འབག་ཟེརཝ་མས་ལོ། ཡ་ ང་ཟེར་ མིང་འདི་ མཁས་པ་བེ་རོ་ཙ་ན་ཟེརཝ་མ་གཏོགས་ ག་དེ་སྦེ་ཤེས་ནི་ང་གིས་ཟེར་ ངནི་ད་འདི་ བོད་ཀྱི་རྒྱལཔོ་གིས་གསད་འོང་ཟེར་ དབུགས་འགམ་ ད་རུང་སྔུ་ནི་འབདཝ་ཅིག་ ཨང་རྒས་ཀྱིས་ གླིངམ་འཕུ་སྟེ་ ཙང་ཙ་འབད་ ལྟོ་ཕུད་རྡོག་གཉིས་གསུམ་དེ་ཅིག་ གདོང་ཁར་གཏོར་བྱིན། ཀུཊ་ཀུཊ་ཟེར་ སྐད་རྐྱབ་མི་འདི་ བྱམོ་ཨིན་སྨེ་ ཟེར་མས་ལོ། དེ་ལས་ཨ་ཙི་བཀོ་བྱིནམ་ད་ལུ་ ཀུཊ་ཀུཊ་ཟེརཝ་མས་ལོ། དེ་ལས་འ་ནཱི་བཟུང་སྦེ་ བྱམོ་ཨིན་མས་ཟེར་ ཞུ་བ་ཅིན།
  • པད་མ་ལྷ་སྒྲོན་
    Pema Lhadon: དེ་ལས་ ཁོ་གིས་ཡང་དེ་ཅིག་འདི་མི་ཤེས་ཟེར་ རྒྱ་ནག་རྒྱལཔོ་གིས་གསུངསམ་མས་ལོ། དེ་ལས་ བུམོ་བརྒྱ་གཅིག་ཡོད་ ཨ་ནཱི་ བརྒྱ་གཅིག་གི་སྦུག་ལས་ ཁྱོད་ཀྱིས་ངོ་ཤེས་ཚུགས་པ་ཅིན་ འབག་ཟེརཝ་མས་ལོ་ད་རུང་ རྒྱ་ནག་རྒྱལཔོ་གིས་བཏུལ་ནུག་ བཏུལ་ནི་འདི། དེ་ལས་ ཡ་བླ་མ་ ང་མིང་རྐྱངམ་ཅིག་མཁས་པ་བེ་རོ་ཙ་ན་ཟེར་ ག་དེ་སྦེ་ཤེས་ང་གིས་ བུམོ་ཨ་ནཱིམ་ཅིག་གི་སྦུག་ལས་ ག་དེ་སྦེ་ཤེས་ནི་ ངོ་ཤེས་ཚུགས་ནི། ཡ་བླ་མ་མཁྱེན་ནོ་ང་ཟེར་ དབུགས་འགམ་སྟེ་ ཨང་རྒས་ཀྱིས་ གླིངམ་གིས་འབད་ པི་པི་ཟེར་གླིངམ་གིས་སྐད་རྐྱབ་ཏེ་ རྡོ་གཅལ་ལས་ ནར་ར་ར་འཐོན་འོང་སྨེ་ གཅིག་ཁར་ནར་ར་ར་ རྡོ་གཅལ་ལས་འཐོནམ་ད་ལུ་ གཅིག་གཉིས་ གཅིག་བགྱང་གཉིས་བགྱང་རྐྱབ་སྟེ་ མ་འཛོལཝ་སྦེ་ གཅིག་བགྱང་གཉིས་བགྱང་རྐྱབ་སྨེ་ཟེར་ རྒྱལཔོ་གིས་འདི་ བརྒྱ་གཅིག་གི་སྦུག་ལས་ཟེར་ རྐྱངམ་ཅིག་གསུངས་ཡི་ཟེར་ ཨང་རྒས་ཀྱིས་འདི་ ཧེ་མ་བརྒྱ་གཅིག་ ཤུལ་མ་བརྒྱ་གཅིག་ཡོད་སྨེ་ བར་གཞུང་གི་འདི་ རྒྱ་བཟའམོ་ཨིན་ཟེར་ བཟུང་སྨ་རེད་ཟེར་ གསུངས་ཡི་ལོ།
  • པད་མ་ལྷ་སྒྲོན་
    Pema Lhadon: གསེར་གྱི་སེར་སྦྱངམ་གཉིས་ཀྱིས་ རྣམ་ཅོ་ཁར་མཆོད་པ་ཕུལ་མི་ ཨེ་འེང་ཟེར་གཉིས་ཡོད་སྨེ་ ཨ་ནཱི་འདི་ རིགཔ་འགྱིམ་ཏེ་ བཟུང་སྨ་རེད་ཟེར་ ཨང་རྒས་ཀྱིས་སླབ་བྱིན་ཡི་ལོ་ དེ་ལས་ ཨ་ནཱ་ལས་འདི་ གཅིག་གཉིས་ཟེར་ རེ་རེ་གྱངས་ཁ་རྐྱབ་ཏེ་ བར་གཞུང་གི་འདི་བཟུང་ཡི་ལོ་ མཁས་པ་བེ་རོ་ཙ་ན་གིས། བཟུང་པ་ཅིན་ ཏེ་མཁས་པ་བེ་རོ་ཙ་ན་གིས་བཟུང་པ་ཅིན་ ཏེ་བུམོ་འདི་བཟུང་པ་ཅིན་ ཁྱོད་ཀྱིས་ཨ་དེ་ཅིག་ར་འདི་མི་ཤེས། ཁྱོད་ལུ་སྟོན་བྱིན་མི་གཅིག་འདི་ འདུག་རང་འདུག་ཟེར་ དགོངསམ་ཁྲེལ་ཡི་ལོ་སྨེ་དེ་ལས།
  • པད་མ་ལྷ་སྒྲོན་
    Pema Lhadon: དེ་ལས་ རྩིས་ཐང་འབག་འོང་ཏེ་ གདལ་ཡི་ལོ་རྒྱལཔོ་ རྒྱ་ནག་རྒྱལཔོ་གིས། རྩིས་ཐང་འདི་ གནམ་མེད་ས་མེད་རྩིས་ཐང་སྡོད་ཡི་ལོ་སྨེ་ཧེ་མ། གདལ་བལྟ་ རྒྱ་མཚོ་ ཨ་ནཱི་ རི་བོ་གསུམ་འདུག་ཟེར་ འཐོན་མས་ལོ་ཏེ་རྩིས་ཐང་ལས། ཐབ་རྡོ་ཨིན་མས་ ཨང་རྒས་ཀྱིས་ ཐབ་རྡོ་བཙུགས་མ་ཤེས་པ་ཅིན་འདི་ ཨང་རྒས་གསད་ནི་འོང་ནི་མས་བ། རི་བོ་གསུམ་ཡོད་ཟེརཝ་མས་ལོ། རི་བོ་གསུམ་གྱི་ཐོག་ཁར་ རྒྱ་མཚོ་འདུག་ཟེར། རྒྱ་མཚོ་ཐོག་ཁའི་གསེར་གྱི་ཙེའུ་ནང་ལས་ སླབ་བྱིན་ནུག་ཟེར་ འཐོན་མས་ལོ།
  • པད་མ་ལྷ་སྒྲོན་
    Pema Lhadon: དེ་ལས་རྒྱལཔོ་འདི་ ཐུགས་དོགས་ཏེ་ ཁོ་གི་སྲསམོ་འབག་ནི་མས་ཟེར་ སྲསམོ་མི་གནང་ནི་གི་ཐུགས་བཞེད་ཡོདཔ་མས། དེ་ལས་ རི་བོ་གསུམ་གྱི་ཐོག་ཁ་ལས་ རྒྱ་མཚོ་འདི་ག་ཏེ་ལས་འོང་ནི། རྒྱ་མཚོ་གི་ཐོག་ཁར་ ཨ་ནཱི་གསེར་གྱི་ཙེའུ་འདི་ ག་ཏེ་ལས་འོང་ནི་ཟེར་སླབ་སྦེ་ མེ་ནང་བཏང་ད་ཡི་ལོ་རྒྱལཔོ་གིས། དེ་ལས་ ཁོ་གི་སྲསམོ་གིས་ འདི་ཡང་དགོས་པའི་དུས་ཅིག་ཤར་ཟེར་འཐེན་ད་ལུ་ ད་ལྟོ་གི་རྩིས་ཐང་འདི་ ཨ་ནཱིམ་ཅིག་རྐྱངམ་ཅིག་ ཟུར་ཅིག་རྐྱངམ་ཅིག་ཐོབ་ཅི་ལོ་ལགས། ད་ལྟོ་གི་ཟུར་རྐྱངམ་ཅིག་ཐོབ་ཏེ་ དེ་ལས་འ་ནཱི་སྲས་མོ་ཡང་བཟུང་ཐོབ་ཏེ་ དེ་ལས་འདི་ འཁྱིད་ནི་འབད་ ཏེ་སྲསམོ་གིས་ཡང་ ལུང་བསྟན་འབབ་སྟེ་ སྲསམོ་གིས་ཡང་བྱོན་ཏེ་འདུག་ལོ།
  • པད་མ་ལྷ་སྒྲོན་
    Pema Lhadon: དེ་ལསནི་ ར་དང་ལུག་ ཧེ་མ་འབད་བ་ཅིན་ ཏེ་བགོ་ལ་གི་ཚོན་བཟུམ་སྦེ་ ར་དང་ལུག་ལུ་ཚངམ་སྦེ་སྡོད་ཡི་ལོ་བ། སྣ་དགུ་བཅུ་ཐམ་དེ་ཅིག་སྡོད་ཡི་ལོ། ག་ཅི་འཐག་རུང་ལང་ལངམ་ དམརམོ་དང་ནགཔོ་བཟོ་མ་དགོ་པར། དེ་ལས་ནི་ ཏེ་ཨ་ནཱི་སྲསམོ་གིས་ འབག་ནི་གི་རྩིས་རྐྱབ་སྦེ་ ཁུ་སིམ་སིམ་འབད་ ར་དང་ལུག་ཚུ་ཁྱུ་བཅད་དེ་ ཧེ་མ་བཏང་ནུག་ལོ། དེ་ལསནི་ཏེ་ མོ་གི་ཨ་པ་དང་ཨའི་ཐུགས་དོགས་ཏེ་ བོད་སྤྲུལ་པའི་ཆོས་རྗེ་ཞལ་མ་མཇལ་བར་ ལོ་གསུམ་འགོར་བཅུག་ཅིག་མ་ཟེར་ ཨའི་གིས་སྨོན་ལམ་བཏབ་ཅི་ལོ་ ཨ་པ་དང་ཨའི་གིས། བོད་སྤྲུལ་པའི་ཆོས་རྗེ་ ཞལ་མ་མཇལ་བར་ ལོ་གསུམ་འགོར་བཅུག་ཅིག་མོ་ཟེར་ ལུག་ཡང་མཚོ་ནང་ཐིམ་བཅུག མཚོ་སྡོད་ཡི་ལོ་བ་ཧེ་མ་ ཨ་ནཱི་ད་ལྟོ་ལྷ་ས་འགྱོ་སའི་ལམ་ཁར་ ཨ་ནཱ་ལུ་ཏེ་ ལུག་ཡང་ ཏེ་མཚོ་ནང་ཐིམ་བཅུག་ཅིག་ཟེར་ སྨོན་ལམ་བཏབ་ ད་ལྟོ་ གཉིས་ལུས་མི་ དཀརཔོ་གཅིག་དང་ནགཔོ་གཅིག་རྐྱངམ་ཅིག་ལུས་ཡི་ལོ་བ། མཚོ་ནང་ཐིམ་ཡི་ལོ།
  • པད་མ་ལྷ་སྒྲོན་
    Pema Lhadon: དེ་ལས་ ཨ་ནཱི་སྲསམོ་འདི་ འབག་ཡི་ལོ་ཡར། བདེན་བདེན་ར་ ཏེ་ཨའི་གི་སྨོན་ལམ་ཐེབས་ཏེ་ ཡར་ལུ་ཏེ་ མཁས་པ་བེ་རོ་ཙ་ན་གིས་ རྒྱ་བཟའམོ་འབག་འོང་ཡི་ག་ཟེར་ གསུངས་ཡི་ལོ་རྒྱལཔོ་གིས་ ཕྱག་དབང་འབགཔ་ད་ལུ་ ལྷ་པ་མིན་འདུག་ཟེར་ ཞུ་ཡར་སོང་ཡི་ལོ་ཏེ་ ཨའི་གིས་སྨོན་ལམ་ཐེབས་ཏེ་ ལྷ་པ་སྤུབས་ཏེ་རང་སྡོད་ཡི་ལོ་ཏེ་བུམོ་ ལོ་གསུམ་རྒྱ་ནག་རྒྱལ་པོའི་སྲསམོ་ ལོ་གསུམ་ལྷ་པ་སྤུབས་ཏེ་སྡོད་དེ་ རྒྱལཔོ་གིས་ ལོ་གསུམ་སོང་ཞིནམ་ལས་ རྒྱལཔོ་སྤྲུལ་པའི་ཆོས་རྗེ་གིས་ གསེར་གྱི་མཛུ་དཀྱི་གཅིག་ ཡར་སྒོ་སྒྲིག་ལས་མར་རྩ་བར་ རྡོ་གཅལ་ལུ་བལྟཝ་ད་ལུ་ སོ་སོ་འོད་ཅན་ཅིག་འདུག་ཟེརཝ་མས་ལོ་ཏེ་ཁྲོམ་ཁར་ ལྷ་ས་ཁྲོམ་ཁར། ཨ་ནཱི་སོ་སོ་ཅིག་འདུག་མས་ཟེར་ གསེར་གྱི་མཛུ་དཀྱི་བཀོ་བཏང་སྦེ་ ལྷ་པ་ཕུད་སྦེ་གསེར་གྱི་མཛུ་དཀྱི་འཐུ་འོངམ་དནི་ ལྷ་པ་མཐོང་ཆི་ལོ་ཨ་ནཱ་ལས་ དེ་ལས་རྐྱངམ་ཅིག་ མནའམ་འབག་ཡི་ལོ་ཏེ་མོ།
  • པད་མ་ལྷ་སྒྲོན་
    Pema Lhadon: དེ་ལས་མནའམ་འབག་ དེ་ལས་སྔ་མ་འདི་ བོད་བཟའམོ་སྡོད་སྡོད་མས་བ་ལགས། དེ་ལས་བོད་བཟའམོ་གིས་ངལ་མ་རངསམ་འབད་དེ་ རྒྱ་བཟའམོ་གིས་འདང་ སྲས་འཁྲུངས་ཡི་ལོ། བོད་བཟའམོ་ལུ་འདི་ སྲསམོ་རྐྱངམ་ཅིག་འདུག་ལོ། དེ་ལས་ བོད་བཟའམོ་གིས་ རྒྱ་བཟའམོ་གིས་ ཨ་ནཱི་ལུ་འདི་ སྲས་ཨིན་མས་ བོད་བཟའམོ་ལུ་འདི་ སྲསམོ་རྐྱངམ་ཅིག་འདུག་ལོ། རྒྱ་བཟའམོ་ལུ་འདི་ སྲས་གཉིས་འདུག་ལོ། སྲས་གཉིས་ཀྱིས་ ལྟ་མ་འདིནི་ བོད་བཟའམོ་གིས རྒྱ་བཟའམོ་འདི་ ལེགས་ཤོམ་མ་འབད་བར་ བོད་བཟའམོ་གིས་ ཞིང་གླིང་སྦོམ་ཅིག་ནང་ གཡུ་མ་རྐྱབ་སོང་སྨ་རེད་ཟེར་ བཏང་མས་ལོ་ཏེ་ དེ་ལས་ཨ་ནཱ་སོང་སྦེ་ སེམས་ཕམ་ཡི་སོང་སྟེ་ ས་དོང་ཨ་ཙི་བརྐོ་ ཨེན་ཏ་ཐིང་སྟེ་སྡོད་སྦེ་ གླུ་འཐེན་སྡོད་པ་ཅིན་ རྩྭ་ཨིན་ཟེར་མི་གླིང་ཚན་གྱིས་བཅད་དེ་ གླུ་ཉན་པར་འོང་དེས་ལོ་ཏེ་ ཨ་ནཱི་རྩྭ་གིས། དེ་ལས་ ཨ་ནཱ་ལས་རྩྭ་ཚུ་བསྒྱོམས་སྦེ་ ས་དོང་ནང་བཙུགས་བཞག་སྟེ་ཨེན་ཏ་གིས་སྤུབས་བཞག་ཅི་ལོ་ཏེ། བཞགཔ་ད་ལུ་ ཏེ་རྩྭ་ཨ་ནེམ་ཅིག་ གླིང་ཚན་བཅད་དེ་ ཁྱོད་ཀྱིས་ཀྭ་ལས་ རྫོགས་སོ་ཡི་ག་ ཟེརཝ་མས་ལོ། རྫོགས་སོ་ཡི་ཟེར་བ་ཅིན་ ཁྱོད་ཀྱིས་ཨ་ནེམ་ཅིག་ ག་ཏེ་འབལ་ཚར་ནི་ཟེར་ ད་རུང་ཚོར་བརྡ་བཏངམ་མས་ལོ།
  • པད་མ་ལྷ་སྒྲོན་
    Pema Lhadon: དེ་ལས་ཤུལ་ལས་ ཨ་ནཱི་ཨའི་མེདཔ་སྦེ་སྡོདཔ་ད་ལུ་ བུཚ་གཉིསནི་ [རྡོས་ཏང་ལུ་?] དོང་ནང་བཙུགས་བཞག་ནུག་ལོ་ ཨ་ནཱི་བོད་བཟའམོ་གིས། དེ་ལས་ཨ་ནཱ་ལས་ཏེ་ དོང་ནང་བཙུགས་བཞག་སྟེ། དེ་ལས་ ཨ་ནཱི་དོང་ནང་ལས་ ངང་ལག་ཤིང་གཉིས་སྐྱེས་ཏེ་འདུག་ལོ། ངང་ལག་ཤིང་གཉིས་ བྱག་གུ་ལས་མར་ བཀོ་བཏང་ བྱག་གུ་ལས་མེ་ཏོག་གཉིས་སྐྱེས་ཏེ་འདུག་ལོ། མེ་ཏོག་གཉིས་ ཨ་ནཱི་ འབལ་ཞིན་ན་ཆུ་ནང་སྐྱེལ་བཏང་ཡི་ལོ་ བོད་བཟའམོ་གིས་ ངལ་མ་རངས་པར། དེ་ལས་ ཆུ་གིས་ཡར་ལྟ་སྟེ་འཕྱག་འབགཔ་མས་ལོ་ མེ་ཏོག་གཉིས་ མོ་གི་སྲས་ཀྱི་ཨ་ནཱི་སྡོད་སྡོདཔ་མས། དེ་ལས་ཨ་ནཱ་ལས་ཏེ་ བུཚ་གཉིས་མཚོ་ནང་ལས་ ཤུལ་ལས་སྦོམ་ཐལ་ཏེ་ དེ་ལས་ཨ་ནཱི་བུཚ་གཉིས་བཤལ་སྦེ་ འབྱོན་བལྟ་བལྟཝ་མས། ཨའི་འདི་ སྔུ་སྦེ་ ཞིང་ཁར་ལཱ་འབད་དེ་ གཡུ་མ་རྐྱབ་སྟེ་སྡོད་ནུག་ལོ་ཁོ་གི་ཨའི།
  • པད་མ་ལྷ་སྒྲོན་
    Pema Lhadon: ཨའི་ཤོག་ ང་བཅས་ད་ལྟོ་རྒྱལཔོ་ལུ་ ཨ་པ་འབད་སར་ ཕྱག་དབང་ལུ་འགྱོ་གེ་ཟེར་ འཁྱིད་འབག་ཡི་ལོ་ཨའི། འབག་པ་ཅིན་ཨ་ནཱི་ བོད་བཟའམོ་གིས་ ཨའི་ལུ་འདི་ ཕོརཔ་རྙིངམ་ར་རྡུགས་ར་རྡུགས་ཆག་ཆགཔ་ཅིག་ནང་བྱིན་མས་ལོ་ཇ། དེ་ལས་ཨ་ནཱི་བུཚ་གཉིས་ བུཚ་ཨིན་ཟེར་མ་སླབ་སླབ་མས་ལོ། དེ་ལས་ཨ་ནཱི་གཉིས་ལུ་འདི་ ཕོརཔ་ [མོག?] ནང་ བྱིན་དེས་ལོ། དེ་ལས་ ཨའི་ག་ཅི་འབད་མར་སྡོདཔ་སྨོ་ ཡར་ཤོག་ཟེར་ ཏེ་ཨ་ནཱི་མོ་གི་སྲས་གིས་ཏེ་ ཡ་ཨ་ནཱི་ ཕོརཔ་ལེགས་ཤོམ་མེན་མི་འདི་ ང་ལུ་འབག་ཤོག་ཟེར་ ང་གི་ལེགས་ཤོམ་ཁྱོད་འཐུང་ཟེར་ ཨའི་ལུ་བྱིན་ཏེ། ཨའི་ལུ་བྱིན་ཏེ་ དེ་ལས་ཨ་ནཱ་ལས་ འགྱོ་ཤིག་ཨ་པ་གི་ཕྱག་དབང་འགྱོ་གེ་འགྱོ་ཤིག་ཟེར་ ཏེ་ཕྱག་དབང་ལུ་ བུ་གཉིས་སོང་སྦེ་ཏེ་ ག་དེམ་ཅིག་སྦེ་འོང་ཡི་ཟེར་ གསུངས་མས་ལོ་རྒྱལཔོ་གིས་ རྒྱ་ནག་་་་ ཨ་ནཱི་བོད་ཀྱི་རྒྱལཔོ་གིས། ཏེ་ག་དེམ་ཅིག་སྦེ་འོང་ཡི་ཟེརཝ་མས་ལོ། ང་བཅས་བུ་གཉིས་ ང་བཅས་གཉིས་ཨིན་ཟེར་སླབ་ད་ལུ་ ཨ་པ་ཡར་གསེར་ཁྲི་ཐོག་ཁར་ དྲན་མེད་བརྒྱལ་སོ་ཡི་ལོ་བ་ཏེ་ ཧ་ལས་ཏེ་ ཧེ་ཧི་ཧི་ཧི་་་་་ ཡ་ རྫོགས་སོ་ཡི་སྨེ་ད་འབདན།། །།