Skip to main content Skip to search
06 Jun 2018
29 min 22 sec
Video Overview
Creators: 
Dawa Tshering

This is a story of the Tibetan King, Thruel pai Chogyel and the Byelzam, who didn't have an heir. The king was told by an astrologer to send the boy to find Thongtse Gara, who would find the predestained wife who would give birth to an heir to rule the country. Hence, the intellegent boy managed to find a destined wife for the king, and she gave birth to the crown prince. Though the previous wife, Byezam deceived the second wife but the crown revealed the truth and punished her. 

སྲུང་འདི་ ཕམ་རྒན་ཤོས་ཚུ་གི་ ན་གཞོན་ཚུ་ལུ་བཤད་དེ་ཡོད་པའི་འཁྲུངས་རབས་ཀྱི་སྐོར་ལས་ཨིན་མས། སྲུང་འདི་ བོད་ཀྱི་རྒྱལཔོ་འཕྲུལ་པའི་ཆོས་རྒྱལ་དང་ བོད་བཟངམ་ལུ་ རྒྱལ་ཁབ་སྐྱོང་ནིའི་དོན་ལུ་ ཤུལ་འཛིན་པ་ཕོ་མེད་པའི་སྐོར་ལས་ཨིན་མས། རྩིས་ནང་ལས་ རྒྱལཔོ་འདི་ བུ་བློ་རིག་ཅན་ མཐོང་ཚེ་ག་ར་འདི་འཚོལ་དགོཔ་འབད་ལུང་བརྟེན་ཡོདཔ་མ་ཚད་ བུ་འདི་གིས་ ཤུལ་འཛིན་པ་སྐྱེས་ཚུགས་པའི་ ལས་གིས་བསྐོས་པའི་གཉེན་གྲོགས་འཚོལ་འཐོབ་ཟེར་འཐོན་ནུག དེ་ལས་བུ་འདི་གི་ ལས་ཀྱི་བསྐོས་པའི་གཉེན་གྲོགས་འཚོལ་འཐོབ་སྟེ་ རྒྱལ་སྲས་འཁྲུངས་ནུག ཤུལ་ལས་ ཧེ་མའི་ཨམ་སྲུ་བོད་བཟངམོ་གི་ ཨམ་སྲུ་གཉིས་པམ་ལུ་ མགུ་བསྐོར་རྐྱབ་ནུག ཨིན་རུང་རྒྱལཔོ་གི་ཤེས་ཏེ་ ཉེས་ཁྲིམས་བཀལ་ནུག 

Transcript search
No results found for this search
0 of 0
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ད་རེས་ སྲུང་ག་ཅི་གི་སྐོར་ལས་གཏང་ནི་ཟེར་བ་ཅིན་ ད་ཡར་ བོད་སྤྲུལ་པའི་ཆོས་རྒྱལ་གྱི་སྐོར་ལས་ བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)འ་ནཱི་གཉིས་ཀྱི་སྐོར་ལས་འབད་སྲུང་གཏང་ནི་ད་རེས། ཏེ་ད་འདི་ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ དང་ཕུ་ལུ་ ཏེ་ང་བཅས་འབྲུག་གི་བསྟན་པ་དར་དགོ་ཟེར་ བོད་སྤྲུལ་པའི་ཆོས་རྒྱལ་གྱིས་ དང་པ་ར་ཁོ་ར་ལུ་ ཏེ་ཨ་ནཱི་བུམོ་བོད་བཟའམོ་ཟེར་མི་ཅིག་འཚོལ་འཚོལཝ་མས་ འ་ནཱི་བོད་བཟའམོ་ཟེར་མི་འདི་འཚོལ་སྦེ་སྡོདཔ་ད་ལུ་ ཏེ་འདི་དང་རང་སྡོད་ ཏེ་དེ་ལས་ཁོ་ཨ་ནཱི་སྦེ་སྡོདཔ་ད་ སྤུ་ལས་ར་སྲས་དང་སྲསམོ་ ཏེ་མ་པ་ལས་ར་འཁྲུངས་ནི་མེད་པར་ ཨ་ནཱི་སྦེ་ལུས་སོངམ་མས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཏེ་དེ་ལས་ཨ་ནཱི་སྦེ་ལུས་སྦེ་ ཏེ་ག་དེ་སྦེ་ཨིན་ན་ཟེར་མནོ་འབདཝ་ད་ལུ་ ཏེ་དེ་ལས་ སྲས་དང་སྲསམོ་ཅིག་འཁྲུངས་ནི་མེད་ དེ་ལས་མར་ལས་ཁོ་ར་ མོ་བཏབ་རྩིས་བསྐོར་སྦེ་ དེ་ལས་ཨ་ནཱི་སྦེ་བལྟཝ་ད་ལུ་ ཏེ་དེ་ལས་ ཏེ་མོ་བཏབ་རྩིས་བསྐོར་མི་འདི་གིས་ ཏེ་སླབ་སླབ་མས། རྩིས་བསྐོར་མི་དེ་གིས་ ཏེ་ཁྱོད་ར་ ད་སྲས་དང་སྲསམོ་འཁྲུངས་ ཏེ་ང་བཅས་བོད་ཀྱི་བསྟནམ་དར་དགོཔ་བཟུམ་ཅིག་འབད་བ་ཅིན་ ཁྱོད་ར་མར་ལས་རྒྱ་ལས་སྒྲ་འཛིནམོ་(རྒྱ་བཟའམོ་)བཏོན་དགོ་པས་ཟེར་ སྒྲ་འཛིནམོ་(རྒྱ་བཟའམོ་)ཟེར་མི་འདི་བཏོན་དགོ་པས་ཟེར་ འ་ནཱི་སྦེ་ཞུ་ཞུཝ་མས། ཏེ་དེ་ལས་འ་ནཱི་སྦེ་ཞུ་སྟེ་གིས་འབདཝ་ད་ ཏེ་དེ་ལས་ཁོ་ དབའེ་ཏེ་ད་སྒྲ་འཛིནམོ་(རྒྱ་བཟའམོ་)ཟེར་མི་འདི་ ཏེ་དེ་སྦེ་བཏོན་མི་ཚུགསཔ་ ད་འདི་ཐབས་དང་གནས་སྐབས་ཅིག་ག་དེ་སྦེ་འོང་ག་སྨོ་ཟེར་ འ་ནཱི་སྦེ་མོ་བཏབ་མི་རྩིས་བསྐོར་མི་དེ་ལུ་འ་ནཱི་སྦེ་གསུངས་གསུངསམ་མས་ བོད་སྤྲུལ་པའི་ཆོས་རྒྱལ་གིས་ ཏེ་ཨ་ནཱི་སྦེ་ཞུ་ གསུངམ་ད་ལུ་ ཏེ་དེ་ལས་ཏེ་རྩིས་བསྐོར་མི་དེ་གིས་རྩིས་བསྐོར་མོ་བཏབ་རྩིས་ལེགས་ཤོམ་སྦེ་བལྟཝ་ད་ལུ་ ཏེ་རྒྱ་ཡི་སྟོང་བཙན་མགར་བ་ཟེར་མི་ཅིག་ཡོད་ཁྱོད་ར་ འ་ནཱི་གིས་བཏོན་དགོ་ཟེར་ ཏེ་འ་ནཱི་སྦེ་ཞུ་ཞུཝ་མས། ཏེ་ཨ་ལོ་རྒྱ་ཡི་སྟོང་བཙན་མགར་བ་ཟེར་མི་ཅིག་ཡོད་ འ་ནཱི་གིས་བཏོན་དགོ་ཟེར་ ཏེ་ཨ་ནཱི་སྦེ་སླབ་སྦེ་ དབའེ་ཏེ་ད་ རྒྱ་ཡི་སྟོང་བཙན་མགར་བ་ཟེར་མི་འདི་ ག་ཏེ་ཡོད་ག་སྨོ་ ག་ཏེ་ལས་ཐོབ་ག་ཟེར་ འ་ནཱི་སྦེ་སླབ་སླབ་མས། ཏེ་དེ་ལས་ ད་ག་ཏེ་ར་ཡོད་རུང་ ཁྱོད་ར་ཨ་ནཱི་ཨ་ལོ་འདི་ཡོད་ ང་བཅས་ཀྱི་འབྲུག་ལུ་ ཏེ་ང་བཅས་ནཱ་ འ་ནཱི་སྦེ་འཕྱད་འོང་ཁྱོད་ར་ བོད་དེ་ཚུ་ཕར་དང་ཚུར་བསྡུ་ཁ་བཀྲམ་ འ་ནཱི་སྦེ་འཚོལ་ ཨ་ནཱི་སྦེ་འབད་ཟེར་ མོ་བཏབ་མི་དེ་གིས་ཨ་ནཱི་སྦེ་ཞུ་ཞུཝ་མས། ཏེ་ཞུ་ ཏེ་དེ་ལས་ བོད་སྤྲུལ་པའི་ཆོས་རྒྱལ་གྱིས་ ཏེ་ཁོ་ར་གི་བོད་འདི་ཚུ་ག་ར་ཕར་དང་ཚུར་འ་ནཱི་སྦེ་བཀྲམ་ ཏེ་གཡུས་ཚན་བདའ་བདའ་ ཕར་དང་ཚུར་ལས་ཕར་བཤལ་ ཏེ་ཁག་བཀྲམ་སྟེ་འཚོལ་བཅུག་བཅུགཔ་མས་ཨ་ལོ་འདི་ ཏེ་རྒྱ་ཡི་སྟོང་བཙན་མགར་བ་ཟེར་མི་འདི་འཚོལ་བཅུགཔ་ད་ལུ་ ཏེ་དེ་ལས་བོད་ཚུ་ཁ་བཀྲམ་འཚོལ་ནུག འཚོལཝ་ད་ལུ་ ཏེ་ག་དེ་ཅིག་འཚོལ་ ཕར་དང་ཚུར་ག་དེམ་ཅིག་གཡུས་བཤལ་ ག་དེ་སྦེ་འབད་རུང་རང་ ཏེ་དེ་ལས་འ་ནཱི་རྒྱ་ཡི་སྟོང་བཙན་མགར་བ་འདི་འཕྱད་མ་ཚུགས་པས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཧ་ལམ་ཅིག་འཕྱད་མ་ཚུགས་པས། ཟླཝ་ཀ་ཀོ་ཅིག་འཚོལ་འཚོལཝ་མས་ ཏེ་འཕྱད་མ་ཚུགས་པས། ཏེ་དེ་ལས་ཡུདཔ་ཅིག་ལས་ འཚོལ་མ་ཐོབ་པར་ ག་དེ་སྦེ་འབདན་ན་ཟེར་མནོ་ ཏེ་ད་རུང་འ་ནཱི་སྦེ་ར་བཤལ་ཡི་བཤལ་ཡི་བཤལ་ཡི་ ཏེ་དེ་ལས་ འ་ནཱི་སྦེ་འགྱོཝ་ད་ཚར་ཅིག་གི་ཚེ་བོད་ཅིག་གིས་ ཨཔ་ཅིག་དང་ཨམ་ཅིག་གི་སྒོ་ཁར་ལྷོད་ལྷོདཔ་མས། ཨཔ་ཅིག་དང་ཨམ་ ཏེ་གནམ་མེད་ས་མེད་འ་ནཱི་སྦེ་ ཟ་ནི་འཐུང་ནི་བཀབ་ནི་གྱོན་ནི་ཡང་ ཏེ་གནམ་མེད་ས་མེད་མེདཔ་ཅིག་ཨིན་པས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཏེ་འ་ནཱི་གི་སྒོ་ཁར་ལྷོད་སྦེ་ བོད་ཅིག་ལྷོད་སྦེ་འབདཝ་ད་ ཏེ་ཨ་ལོ་ཅིག་ཨ་ལོ་བུ་ཚུ་ཅིག་འ་ནཱི་སྦེ་ ཐལ་གོ་རིལ་རི་ཚར་ཅིག་སྦེ་ འ་ནེམ་ཅིག་འདུག་ལོ་ ཏེ་འ་ནཱི་འདི་ ཏེ་དབའེ་ཨ་ལོ་ཁྱོད་ ཏེ་ཨ་པ་ག་ཏེ་སྨོ? ཁྱོད་ཨའི་ག་ཏེ་སྨོ? ཏེ་ཁྱོད་ར་རྐྱངམ་ཅིག་ར་ཨིན་ན་ཟེར་ ཏེ་བོད་འདི་གིས་ འ་ནཱི་སྦེ་ཨ་ལོ་འདི་ལུ་དེ་སྦེ་སླབ་སླབ་མས། ཏེ་སླབ་ད་ལུ་ དེ་ལས་སླབ་ནུག་ཨ་ལོ་འདི་གིས་ ཏེ་ངེའི་ཨ་པ་འདི་མིག་ཏོ་འཚོལ་བར་ཡར་སོ་ཡི་ཟེར་ཞུ་ནུག ཏེ་དེ་ལས་ ཁྱོད་ཨའི་ག་ཏེ་སྨོ་ཟེརཝ་ད་ ཨའི་འདི་ ཏེ་བློ་འཚོལ་བར་ཡར་སོ་ཡི་ཟེར་འ་ནཱི་སྦེ་ ཏེ་ཞུ་ཞུཝ་མས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཏེ་དབའེ་ ཏེ་ཨ་ལོ་འདི་གིས་ ཏེ་ག་དེ་སྦེ་ཨིན་ན་མ་ཤེས་ ཏེ་ད་ཨ་ལོ་འདི་གིས་བློ་འ་ནཱི་སྦེ་སླབ་ཨིན་པས། ད་ཨའི་འདི་བློ་འཚོལ་བར་ཨིན་ལོ་ ཨཔ་མིག་ཏོ་འཚོལ་བར་ཨིན་ལོ་ ག་ཅི་ཅིག་ཨིན་ན་མནོ་ བློ་འདི་ཏེ་ཁོ་ དེ་ལས་འ་ནཱི་གི་སྒོ་ཁར་དེ་སྦེ་ར་ ཏེ་ཨ་ཙི་ཙི་བསྒུགས་ཏེ་དེ་སྦེ་ར་སྡོད་ནུག ག་ཅི་ཅིག་ཨིན་ན་ ག་ཅི་འབག་འོང་ནི་ཨིན་ན་ཟེར་མནོ་སྟེ་ ཁོ་འ་ནཱི་བལྟ་སྟེ་སྡོད་ནུག ཏེ་སྡོད་པ་ད་ལུ་ དེ་ལས་ཕྱི་རུ་གནམ་བསྲོ་ཁམས་ཅིག་ཁར་གནམ་མ་བསྲོཔ་ཅིག་ཁ་ལུ་ ཏེ་ཨའི་འདི་གིས་ཆང་གི་ཁུར་ཆ་ཅིག་འབག་སྦེ་ ཆང་གི་རྒྱ་རྫི་གཅིག་འབག་སྦེ་འོང་དེས་ལོ། ཏེ་དེ་ལས་ ཨཔ་འདི་གིས་ཡུདཔ་ཅིག་ལས་ མེ་ཆས་འ་ནཱི་ཤིང་མེ་ཆས་ཁུར་ཆ་གཅིག་འབག་སྦེ་འོང་འོངམ་མས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཏེ་འོང་སྦེ་ ཏེ་དེ་ལས་ ཨ་ལོ་འདི་ལུ་སླབ་སླབ་མས། ཏེ་ཁྱོད་ག་དེ་སྦེ་སྨོ་ཏེ་ ཁྱོད་ཨའི་འདི་ཆང་གི་རྒྱ་རྫི་ཅིག་འབག་འོང་དེས་ ཏེ་ཨ་པ་འདི་ ཏེ་མེ་ཆས་ཁུར་ཆ་ཅིག་འབག་སྦེ་འོངམ་མས་ཏེ་ འདི་ག་དེ་སྦེ་སྨོ་ ཟེར་ཟེརཝ་མས་ དེ་ལས་ཨ་ལོ་འདི་གིས་སླབ་ནུག ཏེ་འ་ནཱི་མེ་ཆས་འདི་ཕྱི་རུ་ འ་ནཱི་མེ་ཆས་འདི་མེད་པ་ཅིན་ ང་བཅས་མིག་ཏོ་མེད་ཟེར་ནུག་ གནག་དུང་འབད་ ཏེ་མིག་ཏོ་མི་འཐོང་ཟེར་ནུག མེ་འདི་མ་བཏེགས་པའི་བསྒང་ལས་ མིག་ཏོ་མེད་ཟེར་
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཏེ་དེ་ལས་ ག་དེ་སྦེ་སྨོ་ཏེ་ ཨའི་འདི་ཆང་གི་རྒྱ་རྫི་ཅིག་འབག་སྦེ་འོངམ་མས་བ་ཡ་ཏེ་ འདི་བློ་ག་དེ་སྦེ་སྨོ་ཟེར་དྲིཝ་ད་ ཏེ་དེ་ལས་ཨ་ལོ་འདི་གིས་སླབ་ནུག ཏེ་ཆང་འ་ནཱི་འདི་མར་འཐུང་ མར་ལས་ཡར་བློ་འཐོནམ་ཨིན་ཟེར་ཟེརཝ་མས། ད་འ་ནཱི་སྦེ་ཨིན་ཟེར་ནུག ཏེ་དེ་ལས་ དབའེ་ ཏེ་ཨིན་པས་སྨ་རེད་ ཨ་ལོ་འདི་གི་བློ་འདི་མ་འདྲཝ་ཅིག་ཨིན་པས། རྒྱ་ཡི་སྟོང་བཙན་མགར་བ་ཟེར་མི་འདི་ ཁོ་ར་རང་འོང་ནི་ཨིན་མས་ཟེར་མནོ་སྦེ་ དེ་ལས་བོད་འདི་གིས་ཏེ་ འ་ནཱི་སྦེ་ཨ་ལོ་ཅིག་འ་ནཱི་སྦེ་འཕྱད་ཅི་ ད་རེས་འ་ནཱི་སྦེ་ཨིན་པས། ད་ག་ཅི་ར་ཨིན་རུང་གསུམ་ ད་ནངས་པར་ ཨ་ལོ་ཆ་ཁྱབ་ག་ར་ བཀུག་ཞིནམ་ད་ ཨ་ལོ་ཡོད་ཚད་ཅིགཔ་བཀུག་ཞིནམ་ད་སྦེ་ ཏེ་དེ་ལས་ང་བཅས་འ་ནཱི་འདི་ ཚར་གཅིག་འ་ནཱི་སྦེ་འབད་གེ་ནོ་ འཛོམས་འདུ་རྐྱབ་ ཨ་ལོ་རེ་རེ་གི་ཁ་ལས་བློ་ག་ཅི་བཟུམ་ཅིག་སླབ་ནི་ཨིན་ན་ བློ་ག་ཅི་དང་ག་ཅི་འཐེན་ནི་ཨིན་ན་ འ་ནཱི་བལྟ་དགོ་པས། ཏེ་ཡང་ཅིན་ ད་རྒྱ་ཡི་སྟོང་བཙན་མགར་བ་འདི་ཁོ་ར་རང་འོང་ནི་མས་ཟེར་ མནོ་སྦེ་དོགས་པ་འཆར་ ཏེ་ཨ་ལོ་འཛོམས་འདུ་བཀུག་བཀུགཔ་མས་དེ་ལས་ ག་ར་གི་ཨ་ལོ་ [གེགས་ཏོ་?] ཁོ་བཟུམ་གྱི་གྲངས་ལས་ག་ར་བཀུག་ཞིནམ་ད་སྦེ་ ཏེ་བློ་དྲི་དྲིསཝ་མས་དེ་ལས་འ་ནཱི་སྦེ་ meeting རྐྱབ་དོ་བཟུམ་སྦེ་ ད་རེས་མི་གིས་འབད་བ་ཅིན་ meeting ཟེར་སླབ་མས་ རང་གིས་འབད་བ་ཅིན་ ཏེ་འཛོམས་འདུ་ཟེར་ འཛོམས་འདུ་རྐྱབ་འ་ནཱི་སྦེ་དྲི་དྲིསཝ་མས་ ཨ་ལོ་ཆ་ཁྱབ་སྤུངས་སྦེ་ གྱལ་མནར་འ་ནཱི་སྦེ་བཟོ་བཞག་སྦེ་ དབའེ་ཟེར་ གོ་རིམ་བཞིན་དུ་འབད་དྲི་དྲིསཝ་མས་ཨ་ལོ་རེ་རེ་དང་རེ་རེ་འབད།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཏེ་ད་ང་བཅས་ག་དེ་འབད་སྨོ་ཟེར་ ཏེ་ཨ་ནཱི་སྦེ་ ཏེ་ཨ་ལོ་ཁོ་གིས་ཁ་ལས་འ་ནཱི་བཟུམ་སླབ་ནི་འདུག་ ཏེ་ད་ཁྱོད་འབད་བ་ཅིན་ བགོ་ག་ཅི་དང་ག་ཅི་དྲོ་འོང་ཟེར་ དེ་ལས་ཟས་ག་ཅི་དང་ག་ཅི་འབད་བ་ཅིན་ཞིམ་ ཟེར་སླབ་ནུག ཏེ་དེ་ལས་ཨ་ལོ་ལ་ལོ་གིས་སླབ་སླབ་མས། ཟས་ཏེ་ལ་ལོ་གིས་གུ་རམ་ཞིམ་ལོ་ ཡར་བོད་ལས་ཕྱེ་མར་ཁམས་གསུམ་ཞིམ་ལོ་ རྒྱ་ལས་གུ་རམ་གུང་ཆ་འ་ནཱི་ཚུ་ཞིམ་ལོ་ ཟེར་སླབ་སླབ་མས། དེ་ལས་ལ་ལོ་གིས་ཕག་ཤ་ཞིམ་ལོ་ ལ་ལོ་གིས་དར་ཚིས་ཞིམ་ལོ་ ལ་ལོ་གིས་ ཏེ་ཤ་མར་འ་ནཱི་ཚུ་ཞིམ་ཟེར་ཟེརཝ་མས། ཏེ་དེ་ལས་ཨ་ལོ་རེ་རེ་བཞིན་དུ་ག་ར་ འ་ནཱི་སྦེ་དྲིསཝ་ད་ལུ་ ཨ་ལོ་ག་ར་གིས་རང་འ་ནཱི་སྦེ་སླབ་སླབ་མས། ཏེ་ཨ་ལོ་ག་ར་གིས་རང་འ་ནཱི་སྦེ་ སླབ་ དེ་ལས་མཇུག་ཁར་མཇུག་ཁར་ དེ་ལས་ད་རུང་ ཨ་ལོ་འ་ནཱི་ལུ་དྲི་དྲིསཝ་མས་ བོད་འདི་གིས། ཏེ་ཁྱོད་འབད་བ་ཅིན་ ཏེ་རོགས་ག་ར་གིས་འ་ནཱི་སྦེ་སླབ་དེས་ ད་ཁྱོད་འབད་བ་ཅིན་ ག་ཅི་དང་ག་ཅི་ཞིམ་ནི་སྨོ་ ཟས་ག་ཅི་དང་ག་ཅི་ཞིམ་ནི་སྨོ་ ཟེར་ཟེརཝ་མས། ཏེ་ད་ང་འབད་བ་ཅིན་འདི་མ་པ་ ཏེ་ཟས་ག་ར་མི་ཞིམ་ཟེར་འདི་ཞུ་ནི་མེད་ ཟས་འདི་ག་ར་ཞིམ་ ཤ་ཡང་ཞིམ་མར་ཡང་ཞིམ་ ཏེ་རྒྱ་ལས་གུ་རམ་གུང་ཆ་ལོ་ བོད་ལས་ཕྱེ་མར་ཁམས་གསུམ་ལོ་ ག་ར་ཞིམ་ཟེར་ཟེརཝ་མས། ཏེ་འ་ནཱི་ཞིམ་ཟེར་ མི་ཞིམ་ཟེར་ཞུ་ནི་མེད་ཟེར་ དེ་ར་འབད་རུང་ ཟས་ག་ར་ཞིམ་རུང་ར་ ད་ང་བཅས་འ་ནཱི་ཚྭ་འདི་འ་ནཱི་བླུག་ནི་མེད་པ་ཅིན་ ཟས་འདི་ཚུ་ཞིམ་རུང་ཡང་ ཁུངས་མེད་ཟེར་ཟེརཝ་མས། ཟས་འདི་ཚུ་ཞིམ་རུང་ཡང་དོན་དག་མེད་ ཚྭ་འདི་དགོ་ཟེར་ཟེརཝ་མས། ཏེ་དེ་ལས་འ་ནཱི་སྦེ་ བཅུད་བསྡུ་སྟེ་མནོ་བསམ་བཏང་བལྟཝ་ད་ལུ་ ཏེ་ཨིན་པས་ཟེརཝ་མས་ལོ།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ག་ཅི་ར་འབད་རུང་འབད་ ཏེ་ཚྭ་འདི་མ་བླུག་པ་ཅིན་ ཏེ་ཁུངས་ག་ཅི་ཡང་མིན་ནུག་ཟེརཝ་མས་ལོ། དེ་ལས་ ཏེ་ད་གོ་ག་ཅི་དང་ག་ཅི་དྲོཝ་ཟེར་ ཏེ་ག་ར་ལུ་རང་འ་ནཱི་སྦེ་སླབ་སླབ་མས། ལ་ལུ་གིས་ ཏེ་རྒྱ་ཆེན་འདི་ཚུ་དྲོཝ་ལོ་ དེ་ལས་ཡར་བོད་པའི་གི་ དེམ་ག་ཅི་ལོ་འབྱོགཔ་གི་འ་ནཱི་འཐག་ནི་འདུག་བ་འ་ནཱི་དེམ་ ཕྱྭ་རུ་འ་ནཱི་འདི་ཚུ་དྲོཝ་ལོ་ རྒྱ་ཆེན་གོ་ཆེན་འ་ནཱི་འདི་ཚུ་དྲོ་ལོ་ ཟེར་སླབ་སླབ་མས། ད་འ་ནཱི་སྦེ་སླབ་ ཏེ་དེ་ལས་ད་ག་ར་ ད་འ་ནཱི་རེ་རེ་བཞིན་དུ་ག་ར་འ་ནཱི་སྦེ་ ཏེ་དྲིས་ དེ་ལས་ཨ་ལོ་ཚུ་ག་ར་གིས་ར་ འ་ནཱི་སྦེ་སླབ་མས་ལོ་འ་ནཱི་དང་འ་ནཱི་འདི་འ་ནེམ་ཅིག་དྲོ་ འ་ནཱི་དྲོ་ཟེར་སླབ་མས་ལོ། ཏེ་དེ་ལས་མཇུག་ཁར་ད་རུང་ར་ཁོ་ལུ་དྲི་དྲིསཝ་མས་ ཏེ་རོགས་ག་ར་གིས་ར་སླབ་ཚར་ཡི་ ཁྱོད་འབད་བ་ཅིན་ག་ཅི་ར་དྲོཝ་ གོ་འདི་ཚུ་གི་གྲལ་ལས་ག་ཅི་ར་དྲོཝ་ ཟེར་ཁོ་ལུ་སླབ་ནུག
  • ཨམ་ཚེ་རིང་ལྷ་མོ
    Tshering lham: དེ་ལས་ཁོ་ལུ་སླབ་ད་ལུ་ ཁོ་གིས་སླབ་ནུག ཁོ་གིས་སླབ་ནུག ཏེ་དེ་ལས་ ཁོ་གིས་ ཏེ་སླབ་སླབ་མས། ཏེ་མ་པ་འདི་ གོ་འདི་ཚུ་ཡང་མི་དྲོ་ཟེར་སླབ་ནི་མེད་ གོ་འདི་ཚུ་ཡང་དྲོ་ཟེར་ཟེརཝ་མས་ གོ་འདི་ཆུ་དྲོ་རུང་ཡང་དགུང་ཁྲི་གདུགས་ཉིམ་མེད་པ་ཅིན་ གོ་འདི་ཚུ་དྲོ་རུང་ཡང་ཁུངས་མེད་ཟེར་ནུག གོ་འདི་ཚུ་དྲོ་རུང་ ཏེ་ཁུངས་མེད་ ཟེར་ཉིནམ་འདི་མེད་པའི་བསྒང་ལས་ ང་བཅས་རང་བཞིན་གྱིས་ ཏེ་གནམ་མེད་ས་མེད་ འ་ནཱི་སྦེ་གྱང་ འ་ནཱི་སྦེ་འོང་དོ་ཟེར་ཟེརཝ་མས། ཨེ་་་་་ ད་དེ་འབད་བ་ཅིན་ཏེ་ད་ ག་ཅི་ལས་ར་རྐྱབ་སྟེ་འབད་རུང་ ཁྱོད་ཁྱོད་ཀྱིས་སླབ་མི་འདི་རང་ཨིན་པས། ཁྱོད་སླབ་མི་འདི་རང་དོན་དག་འདུག་ ཏེ་ད་གཞན་གྱིས་སླབ་མི་འདི་ ཏེ་ཁུངས་ག་ཅི་ཡང་མིན་ནུག ད་ཁུངས་མེདཔ་བཟུམ་ཅིག་སྦེ་ཡར་སོ་ནུག་ཟེར་
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ད་དེ་འབད་བ་ཅིན་ད་ མར་ལས་བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)བཏོན་ནི་གི་གནས་སྐབས་འདི་ ཨིན་ཅིག་མིན་ཅིག་རང་ད་ཁྱོད་ལུ་ཕོགཔ་མས་ ཏེ་ཁྱོད་ཁྱོད་འགྱོ་དགོ་པས་ཟེར་ ད་སྒྲ་འཛིནམོ་(རྒྱ་བཟའམོ་)བཏོན་པར་འགྱོ་ནི་ཟེར་སླབ་ནུག ཏེ་སྒྲ་འཛིནམོ་(རྒྱ་བཟའམོ་) བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)བཏོན་པ་འགྱོ་ནི་ཟེར་སླབ་སྟེ་ དེ་ལས་ ད་ཨ་ལོ་འདི་གིས་སླབ་ནུག་ཏེ་ ང་དེམ་ཅིག་གིས་ ཏེ་ག་དེ་སྦེ་བཏོན་ནིམ་ཟེར་ བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)ཟེརཝ་ད་འཇམ་ཏོང་ཏོ་འབད་ མར་ལས་རྒྱ་ནག་གི་གཡུས་ཁ་ལས་བཏོན་མི་ཚུགས་ཟེར་ ང་གིས་ག་དེ་སྦེ་འབད་ནི་ཟེར་ ཁོ་གིས་ཨ་ཙི་ཁ་མ་བཟེད་པས་ འཇམ་འཇམ་ཁ་བཟེད་མ་བཏུབ་པས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཏེ་ག་དེ་སྦེ་ཨིན་རུང་ཨིན་ གུ་དེ་སྦེ་ཨིན་རུང་ ཏེ་ཁྱོད་བློ་འབད་རུང་ག་ཅི་འབད་རུང་ ཁྱོད་ཀྱི་མགུ་ལས་ལྷག་མི་ཚུགས་པས་ ཁྱོད་རང་ཨ་ཙི་ཙི་ཁྱོད་རང་ ཏེ་རིག་པ་འདི་ ཏེ་ཁྱོད་ལུ་རང་ཨིན་པས་ ཏེ་ཁྱོད་ཀྱིས་རང་གནས་སྐབས་བཏོན་དགོ་པས་ ཁྱོད་ལུ་རང་ཕོགཔ་མས་ ཟེར་སླབ་སླབ་མས་ ད་འགྱོ་དགོ་པས་ཟེར་ ད་ཨིན་ཅིག་མིན་ཅིག་འགྱོ་དགོ་ཟེར་ ཏེ་དེ་ལས་ ཏེ་འགྱོ་ནུག ད་དེ་འབད་བ་ཅིན་ ད་འགྱོ་རང་འགྱོ་དགོ་པ་ཅིན་ ཏེ་ང་བ་རྒསཔ་ཁལ་ལྔ་ དེམ་ཆ་རོགས་དེམ་འབད་ཟེར་ཟེརཝ་མས་ དེ་ལས་ང་བ་ཆུངམ་ཡང་ཁལ་ལྔ་བཟོ་ཟེར་ ཏེ་མར་ལས་སྒྲ་འཛིནམོ་(རྒྱ་བཟའམོ་)བཏོན་པ་ལུ་ ཏེ་དེ་ལས་འ་ནཱི་སྦེ་ ཏེ་ཁོ་རང་སླབ་མི་འདི་རང་བཟོ་སྦེ་ ཆ་རོགས་འ་ནཱི་སྦེ་བཟོ་ འཁྱིད་འགྱོ་འགྱོཝ་མས་ཏེ་ ན་ལས་མར་ ཏེ་གྱལ་མནར་ཏེ་ འགྱོ་ནུག་ཏེ་ དེ་ལས་ན་ལས་མར་ ཏེ་ག་ར་ ཏེ་ཁོ་བ་རྒསཔ་ཁོ་བ་གཞོནམ་འདི་ཚུ་འཁྱིད་ ན་ལས་མར་འགྱོ་ནུག་སྨ་རེད་ མར་འགྱོ།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: དེ་ལས་མར་རྒྱ་ནག་ལུ་ལྷོད་པའི་བསྒང་ལསན་ ཏེ་སྤ་ལས་རང་ ཏེ་བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)ག་ཨིན་ན་གུ་ཨིན་ན་མ་པ་ལས་རྩ་མི་ཆོད་པས་སླབ་མས་ལོ་ ག་ར་ ཏེ་ལེགས་ངོ་ འཇའ་རིསམོ་ གནམ་མེད་ས་མེད་ ཏེ་གཡོགམོ་དང་ག་ར་འཇའ་རིསམོ་ཨིན་མས་སླབ་མས་ལོ་ ཏེ་གནམ་མེད་ས་མེད་ ཏེ་ངོ་རི་ལྷ་བཟུམ་སྦེ་འབད་མི་ཙང་ཙ་ཨིན་མས་ལོ་ཏེ་ ག་ཨིན་ན་མི་ཤེས་པས་ལོ་ དེ་ལས་འདིན་ངོ་སྤྲོད་སྟོན་པནི་ རོགས་ཀྱིས་མར་ལས་མ་པ་ལས་རང་ ངོ་སྤྲོད་སླབ་ནི་མེད་ལོ་ཏེ་ སླབ་ད་པ་ཅིན་ ད་ལྟོ་བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)འདི་ འ་ནཱི་ཟེར་སླབ་ད་པ་ཅིན་ ད་འདི་འཕྲོ་ལས་རང་ འ་ནཱི་སླབ་མི་འདི་ ཏེ་ཨོལ་ལྐོ་བཏོག་སྟེ་ ཏེ་ཁོ་གསད་འོང་ཟེར་ ཏེ་གཅིག་གིས་ཡང་མ་སྟོན་པས་ཏེ་ ད་ཁྱོད་རང་འ་ནཱ་ལས་བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)བཏོན་པ་འབད་བ་ཅིན་ཏེ་ ཁྱོད་ར་ འ་ནཱ་ལས་ཁྱོད་ར་གིས་རང་ ཏེ་ངོ་ཤེས་ཏེ་སྦེ་ ཏེ་བཏོན་འབག་དགོ་ཟེར་ ང་བཅས་ཀྱིས་འདི་ ད་གི་གིས་ཡང་ བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)འདི་ འ་ནཱི་ཨིན་ཟེར་མ་པ་ལས་སླབ་ནི་མེད་སྨ་རེད་ཟེར་
  • ཨམ་ཚེ་རིང་ལྷ་མོ
    Tshering lham: སླབ་མི་ཚུགས་ཟེར་ མར་སྡོད་མི་གིས་ ཏེ་དེ་སྦེ་སླབ་སླབ་མས། ཏེ་དེ་ལས་ཁོ་ ཏེ་རྩ་མ་ཆོད་པ་ཧ་ལམ་ཅིག་འགོར་སོ་ནུག་ཏེ་མར་ མས་ནང་ལུས་ དེ་ལས་ཧ་ལམ་ཅིག་ལུས་བོད་དེ་ཚུ་དབའེ་ ཏེ་ད་གནས་སྐབས་ཅིག་ག་དེ་སྦེ་ བཏོནམ་འཚམས་ག་སྨོ་ ཏེ་བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)འདི་ངོ་མི་ཤེས་པས་ ཏེ་སླབ་པ་ ཏེ་རོགས་ན་སྡོད་མི་གིས་སླབ་པ་ ཏེ་རོགས་འདི་འཕྲོ་ལས་ར་ ཏེ་འ་ནཱི་བཟུམ་སྦེ་གསད་ནི་གི་དུང་ཁ་ཨིན་པས་ ད་ག་དེ་སྦེ་འབད་བ་ཟེར་ ཏེ་དེ་ལས་ད་རུང་ཡང་ཁོ་གིས་ ཏེ་ཁོང་ར་ག་གིས་ཡང་གནས་སྐབས་བཏོན་མ་ཚུགས་པས་ ད་རུང་ཡང་གནས་སྐབས་བཏོན་མ་ཚུགསཔ།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: དེ་ལས་ད་རུང་ཨ་ལོ་འདི་གིས་གནས་སྐབས་བཏོན་བཏོནམ་མས་ཏེ་ཁོ་ ད་རུང་མར་བུམོ་བུམོ་གཅིག་དང་ ཏེ་ཆ་རོགས་འཕྱད་འཕྱདཔ་མས་ཏེ་ ཆ་རོགས་འཕྱད་ ཏེ་བློ་གནས་སྐབས་བཟོ་བཟོ་བཟོ་ གནས་སྐབས་བཟོ་ ཏེ་ཆ་རོགས་འབད་ ཕ་ཡི་ཚུར་ཡི་ཁོང་གི་ལཱ་ག་ཅི་གུ་ཅི་འབད་ས་ནང་ལས་ཕར་ འ་ནཱི་སྦེ་དེམ་འབད་ ཏེ་ཁ་འདི་ཚུ་སླབ་འ་ནཱི་འབད་གནས་སྐབས་བསྒྱིར་ ཁོང་གི་ལཱ་འབད་བྱིནམ་ཨིན་ན་ ག་ཅི་འབད་བྱིནམ་ཨིན་འབད་དེ་གནས་སྐབས་བསྒྱིར་ འབད་ནུག་ཏེ་དེ་ལས་ ཆ་རོགས་བཟོ་ དེ་ལས་འ་ནཱི་འབད་སྡོད་སྦེ་ ཏེ་དེ་ལས་ ཏེ་དེ་ལས་ཡུདཔ་ཅིག་ལས་ ཏེ་སླབ་ནུག་ཏེ་མོ་ཁོ་ཆ་རོགས་བུམོ་ཧིང་ཐུབ་གཅིག་ཆ་རོགས་ཕྱད་ནུག་བ་ ཏེ་དེ་ལས་འ་ནཱི་གིས་ དབའེ་ཟེར་ཏེ་ ཁོ་གིས་སླབ་སླབ་མས་ ག་དེ་སྦེ་ཨིན་རུང་ ཏེ་ང་ལུ་སྟེ་དབའེ་ དོན་དག་ང་བཅས་དོན་དག་འ་ནེམ་ཅིག་སྐོར་ལས་འོང་འོངམ་ཨིན་ ད་ཁྱོད་ཀྱིས་ ག་དེ་སྦེ་ཨིན་རུང་གནས་སྐབས་ཅིག་སྟོན་གནང་ ད་འ་ནཱི་འདི་ ཁྱོད་ཀྱིས་འབད་བཟོ་གནང་ཟེར་ ད་ག་དེ་སྦེ་ ཏེ་མོ་སླབ་ནུག་ཏེ་ ག་དེ་སྦེ་བཟོ་བྱིན་ནིམ་ ང་བཅས་འདི་ཁ་གིས་སླབ་པ་ཅིན་འདི་ ད་ལྟོ་རང་ང་བཅས་ཨོལ་ལྐོ་བཏོག་ཏེ་གསད་འོང་ རྒྱ་ནག་གི་རྩིས་ཆུ་བ་དྭངས་ ཟེར་སླབ་ཨིན་ ཏེ་འ་ནཱི་སྦེ་ཨིན་ཟེར་
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཏེ་དེ་ལས་འ་ནཱི་སྦེ་སླབ་སྦེ་ ཏེ་དབའེ་ ག་དེ་འབདན་ན་ཟེར་ ཏེ་ད་ཁྱོད་ར་སྟོན་རང་སྟོད་དགོཔ་བཟུམ་ཅིག་འབད་བ་ཅིན་ ཁྱོད་ར་ཡར་འ་ནཱི་ སྦེ་ ཁོང་གི་མར་ལས་ཕར་འབད་ བུམོ་ཆ་ཁྱབ་ག་ར་ ཨ་ནཱི་སྦེ་གྱལ་བཙར་ཏེ་འགྱོ་བཅུག་འོང་ དེ་ལས་འ་ནཱི་གི་གྲས་ཁ་ལས་ ཁྱོད་ར་བཙག་ནི་འབད་ དེ་ལས་ང་གིས་ ཏེ་གནས་སྐབས་ཅིག་སྟོན་གེ་ཟེར་ ཁྱོད་ར་ཡར་གངས་མཐོ་ས་ ཨ་ཙི་མིག་མ་མཐོང་ས་ཅིག་ཁར་འབད་ དེ་ལས་ནུབ་མོ་ནུབ་མོ་ལུ་ ཏེ་མར་དོང་བརྐོ་ ས་དོང་བརྐོ་ས་གི་གཏིང་ལུ་ ཨ་ནཱི་ཁྲོ་གི་ཆུ་ཁྲོ་བཙུགས་འ་ནཱ་ལུ་ཆུ་བཀང་ དེ་ལས་ད་རུང་ཁྲོ་དེ་གི་ཁ་ལས་ཁབ་ཏོག་བཅད་ དེ་ལས་འ་ནཱི་གི་མགུ་ལས་ད་རུང་ འ་ནཱི་སྦེ་ས་བླུགས་ དེ་ལས་འདི་ནང་ལུ་ ཏེ་དེ་ལས་འ་ནཱི་གི་མགུ་ལས་ཡར་འབད་ཞིན་ད་ ཨ་ནཱི་ཤིང་ཡོད་རེ་ཡོད་ཚད་ཀྱི་ ཤིང་གི་ཤིང་སྣ་བསྡུ་བསྡུཝ་ ད་རེས་ཤིང་སྣ་བསྡུ་དོཝ་བཟུམ་སྦེ་ ང་བཅས་ འ་ནཱི་ལྷམ་པ་ཚངམ་བཏོག་ དེ་ལས་འ་ནཱི་གུ་བལྕེབས་ཤིང་ཚུ་ འ་ནཱི་ནང་ལྕེབས་ཟེར་ དེ་ལས་འ་ནཱི་གུ་འ་ནཱི་བཀལ་ འ་ནཱི་འབད་ཟེར་ དེ་ལས་འ་ནཱི་གུ་ལུ་ ཁྱོད་ར་ཙེའུ་ཅིག་འཚོལ་ཞིནམ་ད་ ཨ་ནཱི་སྤུབས་ དེ་ལས་འ་ནཱི་གི་ནང་སྐོར་ཁྱོད་ར་འཛུལ་སྡོད་ དེ་ལས་འ་ནཱ་ལས་ཕར་འབད་ གླིངམ་ཅིག་བཟོ་ དེ་ལས་འ་ནཱ་ལས་གླིངམ་ནང་ལས་ཕར་འབད་ དེ་འ་ནཱ་ལས་ཕར་འབད་ ཏེ་སླབ་ནིམ་འབད་གེ་ཟེར་ ཏེ་འ་ནཱ་ལས་སྟོན་འབྱིན་གེ་ཟེར་ ཚིག་འ་ནཱ་ལས་ཕར་འབད་སླབ་ད་ ཏེ་ཚིག་བཅད་ཚད་ འ་ནཱི་ཁར་ལྷོདཔ་ཅིག་ དེ་ལས་བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)འདི་ འ་ནཱི་ཨིན་ཟེར་ ཏེ་འ་ནཱ་ལས་ཁྱོད་ར་གིས་ཤེས་དགོ་ཟེར་ ཚིག་གི་བཅད་ཚད་བཟོ་བྱིན་བྱིནམ་མས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ག་ར་གྱ་བཙར་ཏེ་འགྱོཝ་ད་ལུ་ ཏེ་དེ་ལས་འ་ནཱ་ལས་བཟུང་སྨ་རེད་ཟེར་ བློན་པོ་ཚུ་ཡང་ག་ར་མར་ལས་ཕར་ག་ར་ ཏེ་མར་ལས་ཕར་ མི་འ་ནཱི་སྦེ་བཅད་ ཏེ་གཅིག་གིས་ཡང་ ངེའི་བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)འ་ནཱི་ཨིན་ལོ་ གཅིག་གིས་ཡང་འ་ཨ་ཕི་འདི་ཨིན་ལོ་ཟེར་ ཏེ་འ་ནཱི་སྦེ་བཟུང་སྡོད་སྡོཔ་མས། ཏེ་བཟུང་ ཏེ་ག་ར་མེན་ཟེར་འ་ནཱི་ཚུ་ ག་ར་མེན་ཟེར་ བཏང་ཟེར་ དེ་ལས་བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)འདི་མཇུག་ཁ་མཇུག་ཁ་འབྱོན་འབྱོནམ་མས། མཇུག་ཁར་འབྱོན་པའི་བསྒང་ལས་ ཏེ་ཁོ་གི་འ་ནཱི་བཤེད་ནུག་ཏེ་དེ་ལས་ འ་ནཱི་བཤེད་ ད་རོགས་ག་གི་ རྒྱ་བཟའམ་ོག་ར་ཨིན་རུང་ ངེའི་སྒྲ་འཛིནམོ་(རྒྱ་བཟའམོ་)འདི་འ་ནཱི་ཨིན་ཟེར་མཇུག་ཁར་ལྷོདཔ་ད་ ཏེ་འ་ནཱི་བཤེད་བཤེདཔ་མས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཏེ་དེ་ལས་འ་ནཱི་ ཏེ་ཁོ་གིས་འདི་ ཏེ་ཐད་རི་བ་རི་ ཏེ་ཡར་ལས་ཨ་ནཱི་གླིངམོ་གི་ཚིག་དང་འཁྲིལ་ཏེ་འ་ནཱི་བཤེད་བཤེདཔ་མས་ཏེ་ འ་ནཱི་བཤེད་སྦེ་ ཏེ་དེ་ལས་ད་འབདན་ ཏེ་ད་ཤེས་ཆི་ནུག་ཟེར་ ངོ་ཤེས་ཆི་ནུག་ ད་འ་ནཱི་སྟོན་མི་ཅིག་ཡོད་ཟེར་ ཏེ་དེ་ལས་ ཏེ་རྩ་དཔྱད་དཔྱདཔ་མས་ཏེ་ དེ་ལས་ད་རུང་ར་ རྩིས་ཐང་བརྐྱངས་རྩིས་བལྟ་བལྟཝ་མས་ཏེ་དེ་ལས་ འུམ་་་འ་ནཱི་སྦེ་སྟོན་འབྱིན་མི་ཅིག་ཡོད་སྨ་རེ་ད་ འ་ནཱི་འདི་གཞན་འདི་ཤེས་རང་མི་ཤེས་ཟེར་ ཏེ་དེ་ལས་ཁོ་ ཏེ་འ་ནཱི་གདམ་ཁ་རྐྱབ་ད་འབདན་ ཏེ་དེ་ལས་ ཏེ་རྩིས་ཐང་བརྐྱངས་ རྩིས་བསྐོར་བལྟ་བའི་བསྒང་ལསན་ ག་དེ་སྦེ་ཡང་སླབ་ཧོང་མ་བདེ་བའི་ དེམ་ཅིག་ཨིན་མས་སླབ་མས་ལོ། སྤུ་ལས་རང་མི་ཤེས་པས་སླབ་མས་ལོ་ཏེ་ ཡར་ཏེ་ག་ཅི་རྩ་བོ་ཆུ་ལོ་ དེ་ལསན་ མགུ་ཤིང་ལོ་ དེ་ལས་ག་ཅི་བར་ན་ལས་ཕར་བྱ་མཆོ་ཏོག་རིང་ཁུ་ཅིག་གིས་སྟོན་སྟོནམ་མས་ཟེརཝ་མས་ལོ།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: དེ་ལས་རྩིས་བལྟ་བའི་བསྒང་ལས་ འ་ནཱི་སྦེ་འཐོནམ་མས་སླབ་མས་ལོ། དེ་ལས་འ་ནཱི་སྦེ་འཐོན་ དེ་ལས་ཏེ་ དབའེ་ཟེར་ ཏེ་ད་རྒྱ་ནག་གི་མ་པ་ལས་ ཏེ་[འགྲོ་རླགས་འབོར་?]དགོ་མནོ་འདི་མས་ ད་རྩིས་ཐང་ཡང་རྩིས་ཡོད་རུང་ཡང་དོན་དག་མིན་འདུག་ཟེར་ གཡུག་ཡར་མེ་ནང་རྐྱབ་བཀོ་ད་ནུག་ཏེ་ ཡར་རྐྱབ་ ཏེ་དེ་ལས་ད་རུང་ ད་ཅིག་གིས་དབའེ་ ཏེ་དེ་སྦེ་མེད་བཏང་པ་འདི་མི་བཏུབ་ཟེར་ད་རུང་ འ་ནཱ་ལས་ཕྱེད་ཀ་ཅིག་འཐུ་སྦེ་བཞག་བཞགཔ་ཨིན་ལོ་ གཞན་རྩིས་ག་ཅི་ཡང་མེད་ལོ་ཏེ་ དེ་ལས་འ་ནཱི་སྦེ་འབད་སྦེ་ དེ་ལས་མར་ལས་ཡར་ ཏེ་བོད་ཚུ་གི་སྦུག་ཁར་བཙུགས་ ཏེ་ཁོ་འདི་ ཏེ་ཁྱོད་ད་ མི་མ་འདྲ་བའི་མི་ཅིག་ཨིན་མས་ཟེར་ བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)འདི་ ཏེ་ག་གིས་ཡང་བཏོན་མ་ཚུགསཔ་ ག་ཏེ་ལས་ཡང་བཏོན་མ་ཚུགསཔ་གི་ཨིན་ཟེར་ ཁྱོད་ཀྱིས་འ་ནཱི་བཟུམ་མའི་གནས་སྐབས་ ད་ག་དེ་སྦེ་ཤེས་ཅི་ཟེར་ ཁྱོད་བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)གི་ཚབ་མ་སྡོད་དགོ་ཟེར་ དེ་ལས་ཁོ་མར་ལས་བཏང་མ་བཏུབ་པས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: དེ་ལས་ཁོ་མར་ཐིམ་ རོགས་ཀྱིས་མར་dutyབཙུགས་ དེ་ལསན་ཏེ་ ཁོ་མར་སྡོད་ནུག་ཏེ་ དེ་ལས་བུམོ་སྒྲ་འཛིནམོ་(རྒྱ་བཟའམོ་)མར་ལས་ཡར་ཁོང་བློན་པོ་ཚུ་གི་སྦུག་ཁར་བཙུགས་བཏང་བཏངམ་མས་ བོད་སྤྲུལ་པའི་ཆོས་རྒྱལ་གྱི་ན་ལུ་བཏང་འབདཝ་ད་ དེ་ལས་ཁོ་མས་ན་སྡོད་dutyབཙུགས་བཞག་བཞགཔ་མས་ཏེ་ ཁོ་བྱོག་དོ་འོང་ཟེར་ duty བཙུགས་ ཏེ་མར་སྡོད་ནུག་ཏེ་ཁོ་ མས་ན་དེ་སྦེ་ར་ ཏེ་ཡུདཔ་ཅིག་ལས་ ཏེ་ཁོ་ན་ཡི་ཟེར་ ཏེ་ཁོ་ ད་འབདན་ཁོ་ ག་དེ་སྦེ་ཡར་ཅིག་འཐོནམ་དྲག་ག་མནོ་ ཚར་གཅིག་ལས་གནས་སྐབས་ བསྒྱིར་བསྒྱིརཝ་མས་ཏེ་ཁོ་ གནས་སྐབས་བཏོན་ནུག་ཏེ་ད་རུང་ཁོ་ར་བྱོག་ནི་གི་གནས་སྐབས་ ཏེ་ཁོ་ན་ཡི་ཟེར་ ཏེ་དཔའ་བོ་ དེ་ལས་ ཏེ་ལྟོ་ཡང་མ་བཟའ་ ཏེ་དེ་སྦེ་རང་སྡོད་ དེ་ལས་ཏེ་ ག་ཏེ་གུ་ཏེ་ལས་ ག་ཅི་ཨིན་ཤ་ འ་ནེམ་ཤ་རུལ་རུལཝ་འ་ནེམ་ ག་ཅི་ཨིན་ན་ འ་ནེམ་རུལ་ཁོག་ཟོས་ཏོས་བཟུམ་ [དཔག་དུབ་?] ཅིག་ནང་ལུ་ཏེ་ འ་ནཱི་བཟུམ་འཚོལ་འདེགས་ སྦ་བཞག་ དེ་ལས་ ཏེ་འ་ནེམ་འཚོལ་ཁོ་རང་གིས་ ཁོ་ནཝ་ཨིན་ཟེར་ཏེ་ཁོ་ཉལ་ མལ་ཆ་མགུ་སྤུབས་ཉལ་ དེ་ལས་འ་ནཱི་འདི་ དེམ་གདན་གྱི་མར་ནང་ན་ཤུམ་བར་ནང་ རོགས་ཀྱིས་མ་མཐོངམ་སྦེ་ ཏེ་འ་ནཱི་གི་གཟུགས་ཁ་ལས་ཕར་ཡང་ དྲིམ་བཏགས་ཆི་ཡི་ཟེར་ ཏེ་འ་ནེམ་ཟོས་ཏོས་གི་དྲིམ་ག་ཅི་གུ་ཅི་དབུར་ ཁོ་འ་ནཱི་སྦེ་སྡོད་སྡོདཔ་མས་ཏེ་ད་
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཁོ་ལྟོ་ཡང་མ་བཟའ་བར་ ཏེ་དེ་ལས་ཁོ་གི་dutyའདི་ཚུ་ཏེ་ duty བཙུགས་བཞག་བཞགཔ་མས་ ཡར་ག་ཅི་ཁར་ ཚར་ཅིག་གི་ཚེ་ལས་ ཡར་རི་ཁ་འ་ནཱི་སྦེ་ སྒང་ཏོ་མཚམས་ ཆུ་ཡོད་ས་མཚམས་ཅིག་ཁར་ ད་ཁོ་ན་སྟེ་དྲེགས་ར་མི་ཚུགས་པས་ཟེར་ ཏེ་ད་རྒྱ་ཡི་གི་ ཏེ་ད་མར་རྒྱ་དུག་ཟེརཝ་ཨིན་ན་ཅིག་ ཚདཔ་བཤེད་ཆི་ནུག་ཟེར་ ཁོ་འ་ནཱི་སྦེ་ སྒང་ཨ་ནཱི་སྦེ་ཡོད་ས་ཅིག་ཁར་སྡོད་པ་ཅིན་ ཁོ་ཏེ་ དྲགས་ནི་མས་ཟེར་ ད་འ་ནཱི་སྦེ་སྡོད་དགོ་པས་ཟེར་ ཏེ་ཁྱེད་ར་dutyཆ་ཁྱབ་ཡང་ ཏེ་བཟའ་ནཱི་གི་ཁྱེད་ར་ འ་ནཱི་མཛརཝ་ ནེམ་མཛརཝ་ ཚྭ་དང་དེམ་ཨ་ནཱི་སྦེ་བསླ་བསྲེས་འབད་ ཏེ་ད་འ་ནཱི་འདི་བཟུམ་ཟ་བ་ཅིན་ ཏེ་ལེགས་ཤོམ་འོང་ ཟེར་ཏེ་ ད་ཁྱེད་འ་ནཱི་བཟུམ་མ་ཟ་བ་ཅིན་ ད་རུང་ཁོ་བཟུམ་སྦེ་ན་ནི་ཕོག་འོང་ཟེར་ཏེ་ འ་ནཱི་སྦེ་སླབ་སླབ་མས་ཁོ་གིས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: དེ་ལས་ཁོང་གི་ལྟོ་འདི་ཏེ་ ཁྱོད་ཀྱི་ལྟོ་འདི་འ་ནཱི་འབག་དགོ་ཟེར་ ཏེ་ཨིན་ན་ཟེར་ཏེ་འབག་ནུག་ཏེ་ དེ་ལས་འ་ནཱི་སྦེ་འབག་ ཏེ་མཛརཝ་གི་དོ་འ་ནཱི་ཚྭ་ ད་རེས་མར་ལས་རྒྱ་ལས་མཛརཝ་བོ་ཡོ་འ་ནཱི་ཚྭ་དང་དེམ་བསླ་བསྲེས་ཏེ་བརྔོ་ཏེ་འ་ནཱི་སྦེ་བཙོང་ནི་འདུག་བོ་ འ་ནཱི་བསྒང་བརྩམས་བརྩམས་ཨིན་ལོ་འ་ནཱི་འདི་ ཚྭ་དང་བསྲེས་བཟོ་སྟེ་བཙོང་མི་འདི་ ཏེ་འ་ནཱི་འདི་ ཁོང་གི་ལྟོ་འདི་ ཏེ་འ་ནཱི་འདི་བཟུམ་འབག་བཅུག་སྟེ་ཁོང་གི་རྒྱགས་སྐལ་འདི་ ཏེ་ཁོ་ར་འདི་ཏེ་ ཐུགཔ་འ་ནེམ་ག་ཅི་གུ་ཅི་ འ་ནཱི་སྦེ་བཟོ་འཐུང་ ཁོ་ཏེ་འ་ནཱི་བཟུམ་འཐུང་ ཏེ་ཚར་གཅིག་གི་ཚེ་ལས་ ཏེ་འ་ནཱི་སྦེ་སྡོད་ ཏེ་དེ་ལས་ བོད་ཁོ་duty ཆ་ཁྱབ་འདིན་མཛརཝ་ཚྭ་དང་སྒྱེས་སྒྱེསཝ་གི་འ་ནཱི་བཟུམ་ཟ་ ཡུདཔ་ཅིག་ལས་ཁ་སྐོམ་ ཏེ་ཕར་ཆུ་འདིན་ ཆུ་ཕར་ཐག་རིང་ས་ཅིག་ཁར་འགྱོ་དགོ་དོ་ཡོདཔ་མས་ཆུ་འདི་ ཆུ་གི་མཐའམ་འདི་ཕར་ཁ་སྐོམ་དང་འཐུང་ས་འདི་ ཕར་ཐག་རིང་ས་ཅིག་ཁ་ལུ་ ཏེ་འ་ནེམ་ཅིག་ཁར་སྡོད་ཞིནམ་ད་ ཏེ་ཚར་གཅིག་གི་ཚེ་ལས་འདི་ ཏེ་བོད་འདི་ཚུ་ཁོ་duty ཆ་ཁྱབ་ཁ་སྐོམ་ དེ་ལས་ཆུ་མེད་འབད་ ཁ་སྐོམ་ཆུ་འཐུང་པར་ཡར་ཡར་མས་ག་ར།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཆུ་འཐུང་པར་འགྱོ་བའི་བསྒང་ལས་ ཏེ་ད་རུང་ཁོ་ ཏེ་ཚ་ངེར་བཏོན་ལོང་ ཏེ་ཡར་ ཁོང་ཕར་འགྱོཝ་ད་ལུ་ ཏེ་ཁོང་ཁ་སྐོམ་དྲེགས་མ་ཚུག་པར་ཆུ་འཐུང་ དེ་ལས་ཁོ་ ཁོང་ར་མགུ་ཏོ་འཁྱུ་ གཟུགས་འཁྱུ་ཨ་ཙི་སྡོདཔ་ད་ ཁོ་ཚ་ངེར་བཏོན་ལོང་ ཡར་ལས་ཕར་རྐ་སྐེད་པ་བཏོག་ ཡར་ལས་ཕར་ རི་སྐེད་པ་བཏོག་སོང་ཞིནམ་ད་ ཡར་ལས་མར་ལུ་ ཏེ་ཨ་ནཱི་ག་ཅི་ལོ་ [ཉག་སྙིགས་ སྤྱི་?] འ་ནེམ་བརྫམ་སྟེ་ འ་ནཱི་སྦེ་ཆུ་ནང་ལས་མར་འ་ནཱི་སྦེ་བླུགས་བཏང་སྟེ་ ཏེ་ཆུ་ནང་ལས་མར་ དེ་ལས་འ་ནཱི་བཟུམ་ཆུ་ནང་ལས་མར་འབག་འོང་དེས་ཟེར་ཨིན་མས། འ་ནཱི་འོང་པའི་བསྒང་ལས་ དབའེ་ད་འབདན་ ཏེ་ཡར་ལས་མར་ད་བོད་འདི་ཚུ་གིས་ གནམ་མེད་ས་མེད་དེམ་དམག་འཐོན་ ད་དམག་འོང་དོཝ་མས་ཟེར་ ད་རྒྱ་ཡི་སྟོང་བཙན་མགར་བ་གི་ འ་ནཱི་གི་དོན་ལས་འབད་ཞིནམ་ད་ ཁོང་ལུ་དམག་འོང་དོཝ་མས་ཟེར་ ད་ཏེ་བྱོག་དགོ་པས་ཟེར་ འ་ནཱི་བཟུམ་བཏང་བཞག་སྦེ་ཁོ་འདི་ ཏེ་ཚ་ངེར་བཏོན་ དེ་ལས་ འ་ནཱི་སྦེ་
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ད་འབདན་བྱོག་སྨ་རེད་ཟེར་ ཏེ་ད་ཡར་ལས་མར་དམག་འོང་ནུག་ཟེར་ཏེ་ཁྱོད་ར་ བྱོགཔ་དྲག་ཟེར་ ཏེ་ང་བཅས་བྱོག་གཡིབ་དྲག་པས་ཟེར་ཏེ་དེ་ལས་ ཏེ་འ་ནཱི་སྦེ་ བྱོག་བཅུག་མི་འདི་ཚུ་ duty ཚུ་བྱོག་བྱོགཔ་མས་ཏེ་དེ་ལས་བྱོག་ ཏེ་རོགས་ཁོང་འདི་ཁོའི་ duty ཚུ་ཁ་མར་ལྟ་བྱོག་ ཁོ་འདི་ཏེ་ ཁ་ཡར་ལྟ་བྱོག་བྱོགཔ་མས་ ཏེ་འ་ན་ལས་ ཏེ་འ་ན་ལས་ དཔའ་ཐལ་ནི་གི་གནས་སྐབས་བཏོན་ཏེ་བྱོག་ ཡར་འོངམ་ད་ཏེ་བསྒང་ལས་ ཏེ་ཁོ་གནས་སྐབས་ཨ་ནཱི་སྦེ་བཏོན་པའི་བསྒང་ལས་ ཏེ་ལོ་གསུམ་དེ་ཅིག་མར་རང་ཐིམ་སོངམ་མས་ དེ་བསྒང་ལས་ལོ་གསུམ་ལངས་རན་དོཝ་མས་ཏེ་ ཁོ་མར་ལས་འཐོན་མ་ཚུགས་པར་ ཏེ་ཨ་ནེམ་ཅིག་ལས་གནས་སྐབས་བཏོན་ཏེ་ མར་ལས་ཡར་འོང་སྦེ་འབདཝ་ད་ལུ་ དེ་ལས་ཡར་ ཁོ་རང་ཨཔ་དང་ཨའི་གི་སྒོ་ཁར་འགྱོ་སྦེ་འབད་བའི་བསྒང་ལས་ ད་རུང་བོད་འདི་ཚུ་གིས་ ཏེ་སྒྲ་འཛིནམོ་(རྒྱ་བཟའམོ་)འདི་ཏེ་ཕར་ བོད་སྤྲུལ་པའི་ཆོས་རྒྱལ་ན་ལུ་ འ་ནཱི་རྩིས་མ་སྤྲོད་པས་ཟེརཝ་མས་ལོ།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: རྩིས་མ་སྤྲོད་པར་བཞག་ནུག་ཟེརཝ་མས་ལོ་ ཁོང་གིས་སྦ་སྟེ་ དེ་ལས་ཏེ་ དེ་ལས་ཏེ་ཁོ་གླིངམ་ཅིག་འཕུ་སྦེ་ ཏེ་ཁོ་ར་གི་ཨཔ་དང་ཨའི་གི་སྒོ་ཁར་སོང་ ཡར་ལས་མར་ ཏེ་གླིངམ་འཕུ་ གླིངམ་ནང་ལས་ཕར་འབད་ ཏེ་དེམ་རྒྱ་ལས་སྒྲ་འཛིནམོ་(རྒྱ་བཟའམོ་)བཏོན་ཏེ་ ལོ་གསུམ་ལངམ་ཨིན་ཟེར་ བོད་སྤྲུལ་པའི་ཆོས་རྒྱལ་ ཞལ་མ་མཇལ་ཟེར་ཏེ་ འ་ནཱི་སྦེ་གླིངམ་འཕུ་ འ་ནཱི་སྦེ་འབདཝ་མས། ཏེ་དེ་ལས་ ད་ཡ་ ད་འབདན་ཏེ་ད་ རོགས་རྒྱ་ཡི་སྟོང་བཙན་མགར་བ་མར་ལས་འཐོན་འོང་ནུག་ཟེར་ ད་ཁོ་གིས་ཤེས་ཆི་ནུག ད་ད་ལྟ་ར་ང་བཅས་གནམ་མེད་ས་མེད་ཀྱི་བཀའ་ཁྲེལ་དགོངས་ཁྲེལ་ཕོག་ནི་མས་ཟེར་ དེ་བསྒང་ལས་ བོད་ཆ་ཁྱབ་གནམ་མེད་ས་མེད་ཚ་གྱང་ལངས་ཆི་ནུག་ཏེ་ དེ་ལས་ཁོང་ཚ་གྱང་ལངས་སྦེ་ ཏེ་ད་ལྟ་ར་ འ་ནཱི་སྦེ་བཀའ་ཁྲེལ་ཕོག་ནི་མས་ཟེར་ ཏེ་དེ་ལས་ ཁོ་སྡོད་སར་ ཏེ་སེམས་གསོ་འབད་ ཁོང་གིས་རྩིས་ཡར་མ་སྤྲོད་པས་ཟེར་ ཁོ་ལུ་ ཏེ་ལ་ལོ་གིས་ཤ་གི་དོས་འབག་མི་ ལ་ལོ་གིས་ཆུམ་གྱི་དོས་འབག་མི་ ལ་ལོ་གིས་ཟངས་ཀྱི་དོས་འབག་མི་ ཁོ་ལུ་ ཏེ་སེམས་གསོ་འ་ནཱི་སྦེ་ཨིན་མས་སླབ་མས་ལོ་ཏེ་
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཡར་ ད་སྒྲ་འཛིནམོ་(རྒྱ་བཟའམོ་) ཡར་རྩིས་མ་སྤྲོད་པས་ ཁོང་ལུ་བཀའ་ཁྲེལ་དགོངས་ཁྲེལ་བཀལ་ནི་མས་ ད་ཡར་ཞུ་མ་ད་ཟེར་ ཏེ་འ་ནཱི་སྦེ་ཨིན་མས་སླབ་མས་ལོ་ཁོ་ལུ་སེམས་གསོ་ ཤ་མར་འ་ནཱི་ཚུ་གི་དོས་ དེ་ལས་འ་ནཱི་སྦེ་འབག་ ཏེ་དེ་ལས་མ་སླབ་པས་ཁོ་གིས་ ཏེ་ཁོ་ར་གིས་ ཏེ་འ་ནཱི་ཅིག་ཁར་བཏོན་ཏེ་འཁྱིད་འབག་འོང་སྦེ་ ཏེ་དེ་ལས་ཁོ་ར་གིས་འབད་ ཏེ་ད་རུང་ན་ལས་སྒྲ་འཛིནམོ་(རྒྱ་བཟའམོ་)འདི་ཏེ་བཏོན་ ཏེ་ཆུ་འཁྱུ་བསང་བདུག་སྤོས་བདུག་རྐྱབ་ ཏེ་དེ་ལས་ ཏེ་ཡར་བོད་སྤྲུལ་པའི་ཆོས་རྒྱལ་སྡོད་སར་སྐྱེལ་སྐྱེལཝ་མས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: དེ་ལས་ཡར་སྐྱེལ་སྦེ་ ཏེ་དེ་ལས་ཏེ་ སྒྲ་འཛིནམོ་(རྒྱ་བཟའམོ་)ཡར་སྐྱེལ་ ཨ་ཙི་ལོ་དག་པ་ཅིག་ ལོ་གཅིག་དེ་ཅིག་ནང་ལས་ དེ་ལས་སྲས་ འ་ནཱི་སྲས་འཁྲུངས་ནི་གི་འགོ་བཙུགས་བཙུགཔ་མས་ ཏེ་སྲས་འཁྲུངས་ནི་གི་འ་ནཱི་འབད་ ཏེ་དེ་ལས་སྲས་འཁྲུངས་འབད་ ཏེ་འ་ནཱི་བལ་བཟའམོ་འདི་ཨ་ལོ་ སྲས་མེད་ནི་དེ་གིས་འ་ནཱི་འབད་ དེ་ལས་ཏེ་མོ་ འ་ནཱི་སྲས་འཁྲུངས་ནི་འབད་ ཏེ་སྡོད་ནུག ཏེ་དེ་ལས་ནམ་ཅིག་རང་སྲས་འཁྲུངས་འོང་ག་ མོ་གི་ཟླམ་ཞག་ཚང་ ཞག་དང་ཟླཝ་ཚང་ནི་ཚང་ནི་འབད་ དེ་ལས་ཡུདཔ་ཅིག་ལས་ མོ་འདི་ཕོཝ་ཕར་ཕར་འགྱོཝ་རིང་གི་རང་ ད་རུང་བལ་བཟའ་མོ་འདི་གིས་ཤོབ་རྐྱབ་ མོ་ཡང་ཨ་ལོ་སྐྱེ་ནི་ཟེར་ཏེ་ ཕོཝ་ནང་བལ་འ་ནཱི་སྦེ་བཙུགས་ཅི་རང་ སྐེད་རགས་ཕར་ཕར་འ་ནཱི་འབད་བསྡམས་ འ་ནཱི་སྦེ་འབདཝ་མས། དེ་ལས་ མོ་ཏེ་ཚར་ཅིག་གི་ཚེ་ལས་ ཞག་དང་ཟླཝ་ཚང་ ཏེ་ཨ་ལོ་སྲས་འདི་ ཏེ་འཁྲུངས་ནི་གི་ ཏེ་གཟུག་རྐྱབ་ འ་ནཱི་སྦེ་སྐྱེས་སྐྱེཝ་མས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: ཏེ་འ་ནཱི་སྦེ་སྐྱེས་སྡོདཔ་ད་ ཏེ་བོད་སྤྲུལ་པའི་ཆོས་རྒྱལ་ཁོ་ར་འདི་ ག་ཏེ་གེ་ཏེ་འབྱོན་སོངམ་མས་ ཕར་དང་ཚུར་བྱོན་ ཏེ་ཡར་འགྱོ་སྦེ་ ཏེ་དེ་ལས་ བལ་བཟའམོ་འདི་གིས་ ཏེ་མོ་ན་སྟེ་འ་ནཱི་སྦེ་དྲན་མེད་འཚམས་ཅིག་སྦེ་སྡོདཔ་ད་ལུ་ དེ་ལས་མོ་གིས་འདི་ཏེ་ ཨ་ལོ་བུ་ཅིག་སྐྱེས་སྐྱེསཝ་མས་ འ་ནཱི་སྲས་བུ་ཅིག་འཁྲུངས་འཁྲུངསམ་མས་ དེ་ལས་འ་ནཱི་འདི་འཁྲུངསམ་ད་ དེ་ལས་ ཏེ་བལ་བཟའམོ་འདི་གིས་ མོ་དྲན་མེད་སྦེ་སྡོདཔ་ད་ དེ་ཚེ་ཁྱི་ཅིག་ཡང་ཕྱུག་གུ་འཚརཝ་ད་ཁ་ཐུག་མས་ཟེརཝ་མས་ལོ་ ཁྱི་ཅིག་ཡང་ཕྱུག་གུ་འཚར་འཚརཝ་མས། ཏེ་དེ་ལས་འ་ནཱི་སྦེ་ ཚ་ངེར་བཏོན་ཨ་ལོ་འདི་འཐུ་ མོ་གིས་སྐྱེས་སྐྱེཝ་ཨིན་ཟེར་ཨ་ལོ་འདི་འཐུ་ཆུ་འཁྱུ་ མོ་ར་གི་མལ་ཆ་ནང་བཙུགས་ དེ་ལས་ ཏེ་ཁྱི་གི་ཕྱུག་གུ་ཅིག་འཐུ་ ཏེ་འ་ནཱི་སྦེ་སྒྲ་འཛིནམོ་(རྒྱ་བཟའམོ་)འདི་གི་མལ་ཆ་ནང་འ་ནཱི་སྐྱེལ་བཞག་བཞགཔ་མས་ མོ་གི་ཨ་ལོ་འདི་ཨ་ནཱི་ཁྱི་ཅིག་མས་ཟེར་ཏེ་ བལ་བཟཞའམོ་དེ་གིས་འ་ནཱི་སྦེ་འབདཝ་མས་ ཏེ་དེ་ལས་བོད་སྤྲུལ་པའི་ཆོས་རྒྱལ་འབྱོནམ་ད་ བལྟ་ཤིག་ཟེར་ཏེ་ ང་ང་རང་འདི་ ཏེ་ཨ་ལོ་སྐྱེས་སྦེ་ ཏེ་ན་ཨ་ལོ་བུ་བལྟ་ཤིག་ ཡེང་ངེ་ཐེང་ངེ་འབད་སྐྱེས་ཏེ་ཡོད་ཟེར་ ཁྱོད་ཀྱི་སྒྲ་འཛིནམོ་(རྒྱ་བཟའམོ་)ཀྱེ་ཟེར་ བལྟ་ཤིག་ཨ་ཕར་ ཨ་ལོ་ཁྱི་སྐྱེས་ཏེ་ འ་ནཱི་སྦེ་འདུག་ཟེར་ཏེ།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: དེ་ལས་ཏེ་ བོད་སྤྲུལ་པའི་ཆོས་རྒྱལ་འདི་ ཏེ་ཨིན་རང་ཨིན་མས་མནོ་འདི་ ཏེ་སྒྲ་འཛིནམོ་(རྒྱ་བཟའམོ་)འདི་དྲངས་ད་རུང་ སྒྲ་འཛིནམོ་(རྒྱ་བཟའམོ་)འདི་དྲངས་ ཏེ་མར་ ཕག་པའི་གཡོག་རྐྱབ་མི་འབད་ ཕག་རྫིཔ་འབད་བཙུགས་བཞག་བཞགཔ་མས། དེ་ལས་འ་ན་ལས་ཏེ་མོ་ན་ ཕག་རྫིཔ་འབད་བཙུགས་བཞག་ད་ནུག་ཏེ་ དེ་ལས་ཨིན་པས་མནོ་ དེ་ལས་འ་ནེམ་ཅིག་སྦེ་རང་ ཨ་ལོ་འདི་གསོ་ བལ་བཟའམོ་འདི་ མོ་རང་གི་ཨོམ་བྱིན་འདི་ ཏེ་ཨོམ་བྱིན་ཡི་བྱིན་ཡིར་གསོ་ ཨ་ལོ་འདི་སྦོམ་ཡར་སོང་ནུག་ཏེ་ སྦོམ་འགྱོ་ལོ་གསུམ་ལངམ་ཅིག་ ཏེ་ཨ་ལོ་ཁ་འཐོན་འཐོནམ་མས་ ཨ་ལོ་ཁ་འཐོནམ་ད་ ཏེ་དེ་ལས་ཨ་ལོ་འདི་གི་ཁ་འཐོན་ དེ་ལས་ལོ་གསུམ་དེ་ཅིག་ལངསམ་ད་ ཨ་ལོ་ལུ་ཆང་ཕུད་གཏོར་བཅུག་དགོ་ཟེར་ འ་ནཱི་སྦེ་ཆང་ཕུད་གཏོར་བཅུག་བཅུགཔ་མས་ བོད་སྤྲུལ་པའི་ཆོས་རྒྱལ་གྱིས། ཏེ་ཆང་ཕུད་གཏོར་བཅུག་པ་གིས་ དེ་ལས་ཨ་ལོ་འདི་གིས་འ་ན་ལས་ཀྲིག་ཀྲི་སྟོན་བྱིནམ་མས་སླབ་མས་ལོ་གིས་དེ་ལས་ ཨའི་ག་ཨིན་ན་ ཏེ་དང་པ་རང་སླབ་ནུག་ ག་ཅི་ལོ་ ཡབ་ཆེན་བོད་ལས་འབད་དོ་བ་ བོད་སྤྲུལ་པའི་ཆོས་རྒྱལ་ཆང་ཕུད་བཞེས་ཟེར་ ཡར་གཏོར་མས་སླབ་མས་ལོ་ དེ་ལས་ཡུམ་ཆེན་ རྒྱ་ལས་འབད་དོ་བ་ཟེར་ དེ་ལས་རྒྱ་དཔའ་ཟ་རཱ་ཛ་ཆང་ཕུད་བཞེས་ཟེར་ ཆང་ཕུད་མར་རྒྱ་ལུ་གཏོར་གཏོརཝ་མས།
  • ཨམ་ཚེ་རིང་ལྷ་མོ
    Tshering lham: དེ་ལས་གསུམ་པ་འདི་ གསོ་མི་བལ་བཟའམོ་ཨིན་ཟེར་ དེ་ལས་འ་ནཱི་སྦེ་གཏོར་གཏོརཝ་མས་ཁོ་གིས། དེ་ལས་ཁོ་གིས་ ཆང་ཕུད་འདི་འ་ནཱི་སྦེ་གཏོར་སྦེ་ དེ་ལས་བོད་སྤྲུལ་པའི་ཆོས་རྒྱལ་གྱིས་དེ་ལས་འ་ནཱ་ལས་ཧ་གོ་སྦེ་ ཏེ་འ་ནཱི་སྦེ་ཤོབ་རྐྱབ་ གནམ་མེད་ས་མེད་ མོ་གིས་ཀྲེམ་འ་ནཱི་བཟུམ་ཅིག་རྐྱབ་རྐྱབ་མས་ཟེར་ དེ་ལས་ འ་ནཱ་ལས་མོ་སྤུས་རྩ་ཙ་འབད་ར་དྲངས་ ད་རུང་ བལ་བཟའམོ་འདི་ མར་ཕགཔ་གསོ་མི་ནང་བཙུགས་ དེ་ལས་སྒྲ་འཛིནམོ་(རྒྱ་བཟའམོ་)འདི་ཡར་བཏོན་ ད་རུང་གཟུགས་ཆུ་འཁྱུ་བསང་བདུག་སྤོས་བདུག་རྐྱབ་ བསང་བདུག་ ཏེ་འ་ནཱི་སྦེ་ཁོ་ར་གིས་ཡར་བཏོན་བཞག་བཞགཔ་མས། དེ་ལས་འ་ན་ལས་ཏེ་ འ་ནཱི་ ཏེ་འ་ནཱིམ་ཅིག་རང་ཨིན། འ་ནཱ་ལས་ འ་ནཱིམ་ཅིག་ འ་ནཱིམ་ཅིག་ལས་མེད།། །།