Skip to main content Skip to search
20 Jan 2016
4 min 11 sec
Video Overview
Creators: 
Sherig Dhentshog

Karma Tshering from Phungsharang village in Pemagatshel narrates a children's story about a fat father, a cotton mother, a needle and an ant. The fat father and the mother of cotton had a son needle and a servant ant. One day the son needle goes to the forest for some plant juice, but gets stuck on a tree along the way and dies. The ant is then sent to look for him but could not return as the ant loses his way in the mess of leaves. The mother cotton goes next but gets blown away in the air by the wind. Finally the father of fat steps on the oven stone to look through the window, but the heat of the oven melts the father and he dies too. Thus the story ends on a sad note.

 

༉  པདྨ་དགའ་ཚལ་རྫོང་ཁག་ ཕུང་ཤ་རང་གཡུས་ཚན་ལས་ གཡུས་ཁའི་རྒས་ཤོས་ཅིག་ཨིན་མི་ འཇིགས་མེད་རྣམ་རྒྱལ་གྱིས་གཏང་མི་སྲུང་འདི་ ཕྱུག་པོའི་བུ་དང་སྤྱང་ཀའི་བུ་གཉིས་ཀྱི་སྐོར་ལས་ཨིན་པས། སྤྱང་ཀའི་བུ་དེ་ རྒྱལ་པོའི་སྲསམོ་དང་གཅིག་ཁར་གཉེན་རྐྱབ་ནི་ཐོབ་ཡོདཔ་ད་ ཕྱུག་པོའི་བུ་དེ་ རྒྱལ་པོའི་སྲསམོ་གཅིག་ཁར་གཉེན་རྐྱབ་མ་ཚུགསཔ་ཨིན་པས། སྤྱང་ཀའི་བུ་དེ་ རྒྱལ་པོའི་སྲསམོ་དང་མཇལ་བར་འགྱོ་བའི་ཁར་ལམ་ ཨང་རྒས་ཅིག་དང་འཕྱད་དེ་ མོ་གིས་ཁོ་ལུ་ རྒྱལ་པོའི་སྲསམོ་ ག་དང་ག་ཅིག་ཁར་ཡང་ ཞལ་གསུང་མ་བཏུབ་པར་ ཐགས་ར་འཐག་བཞུགས་མི་དང་ཅིག་ཁར་ གསུང་གྲོས་ཕུལ་ནིའི་གནས་སྐབས་ཅིག་སྟོན་བྱིན་བྱིནམ་ཨིན་པས། ཨང་རྒས་ཀྱིས་གནས་སྐབས་སྟོན་མི་འདི་ལག་ལེན་འཐབ་ཞིནམ་ལས་ སྤྱང་ཀའི་བུཚ་དེ་གིས་ རྒྱལ་པོའི་སྲསམོ་དང་གཅིག་ཁར་གསུང་གྲོས་ཕུལ་ཞིནམ་ལས་ གཉེན་རྐྱབ་ཚུགས་ཚུགསཔ་ཨིན་པས།

Transcript search
No results found for this search
0 of 0
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཕྱུག་པོའི་ཨ་ལོ་དང་ སྤྱང་ཀའི་ཨ་ལོ་ཡ་ དང་པ་ར་ ཕྱུག་པོའི་ཨ་ལོ་གིས་ རྒྱལ་པོའི་སྲས་མོ་ ལྷང་བར་སོང་སོང་མས་ལགས།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    རྒྱལ་པའི་སྲས་མོ་ལྷང་བར་འགྱོཝ་ད་ལུ་ ལམ་ཁར་ར་ འ་ནཱི་ ཨམ་མོ་རེངསམོ་སྡོད་སྡོདཔ་མས།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཨ་མ་ བུཚུ་ ག་ཏེ་འགྱོ་ནི་སྨོ་ཟེར་ སླབ་སླབ་མས། ཨང་རྒས་ ཨམ་མོ་རེངསམོ་ཚུ་ ལམ་ཁར་སྡོད་ནུག་ ག་ཏེ་བྱོནམ་སྨོ་ཟེར་ སླབ་ནུག
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    མནའམ་ལྷང་པར་འགྱོཝ་ཨིན་ ཨང་རྒས་ཟེར་ སླབ་ནུག། ཨ་མ་ འགྱོ་ནུག་ ཡར་ལུ་ རྒྱལ་པའི་སྲས་མོ་འདི་ གོ་ལ་ དོང་དོང་ཟེར་ ཐགས་སྡོད་ནུག་ཟེར་ཨིན་མས།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ད་ ཁ་སླབ་མ་བཏུབ་པས། ཁ་སླབ་ར་མ་བཏུབ་པར་ ཁ་སླབ་མ་བཏུབ་པར་ ཁ་སླབ་མ་བཏུབ་པར་ ཨ་མ་ཟེར་ མནའམ་འདི་ཐོབ་ཅི་ག་བུཚུ་གཉིས་ བུཚུ་ཟེར་ སླབ་ནུག
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    མེད་ མ་ཐོབ་ཟེར་ ཁ་ར་སླབ་མ་བཏུབ་ཟེར་ སླབ་ནུག་དེ་སྦེ་ ཁ་སླབ་མ་བཏུབ་ཟེར་ དེ་ལས་ཏེ་ ད་རུང་ མནའམ་ལྷང་པར་ སྤྱང་ཀའི་ཨ་ལོ་སོང་ནུག་ རྒྱལ་པའི་སྲས་མོ་འ་ནཱི།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཕྱུག་པོའི་ཨ་ལོ་ མེད་མེད་ ཁ་ར་ སླབ་མ་བཏུབ་མི་ བུཚ་བུ་མོ་འབད་སར་ ད་རུང་སོང་ནུག། སྤྱང་ཀའི་ཨ་ལོ་ དེ་ལས་ཏེ་ ག་ཏེ་འགྱོཝ་སྨོ་བུཚུ་ཟེར་ བུཚུ་ ག་ཏེ་ལུ་ར་འགྱོཝ་སྨོ་ཟེར་ སླབ་ནུག
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ང་ མནའམ་ལྷང་བར་འགྱོ་དོ། རྒྱལ་པོའི་སྲས་མོ་ ལྷང་པར་འགྱོ་དོ་ཟེར་ སླབ་ནུག་ལགས། ཨ་མ་ བུཚུ་ ཁྱོད་དེ་ ཚངས་ལ་ སྤྱང་ཀའི་ཨ་ལོ་ ག་དེ་སྦེ་མནའམ་ཐོབ་ནི་ རོགས་ ཕྱུག་པོའི་ཨ་ལོ་ཡང་ མ་ཐོབ་པས་ཟེར་ སླབ་ད།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཨང་རྒས་ ང་གིས་ ཐོབ་དང་མ་ཐོབ་ ག་དེ་སྦེ་ཤེས་ཅིག?ཟེར་ སླབ་ནུག། རོགས་ སྤྱང་ཀའི་ཨ་ལོ་གིས་ ཐོབ་མ་ཐོབ་ག་དེ་སྦེ་ཤེས་ཅིག? ཨང་རྒས་ཁྱོད་ཀྱི་ཟེར་ སླབ་ད།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཡ་ཡ་ ང་གིས་ ཁྱོད་ལུ་ ལོ་རྒྱུས་ལེགས་ཤོམ་ཅིག་ཞུ་ནི་མས། ལོ་རྒྱུས་ལེགས་ཤོམ་ཅིག་ཞུ་ནི་ཡོད་ཟེར་ ཡ་ དང་ཕུ་ཏེ་ ག་ཅི་སྨོ་ཟེར་བ་ཅིན་ དང་ཕུ་ཏེ་ ཤ་བ་ཕོ་མོགཉིས།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    སྤང་ནང་སྡོད་སྡོདཔ་མས། སྤང་རྩྭ་བཟའ་སྟེ་ ནགས་རྩྭ་བཟའ་སྟེ་སྡོད་སྡོདཔ་མས་ ཤ་བ་ཕོ་མོ་གཉིས་ བྲག་ཆུ་སྒོམ་ཆུ་ཐུང་སྟེ་སྡོད་སྡོདཔ་མས་ཟེར་ དེ་སྦེ་ སླབ་རྨ་རེ་ཟེར་ སླབ་ནུག་ འ་ནཱི་གིས་ དེ་ལས་ཏེ་ ཡར་ཨ་ལོ་གི་འདི་སྦེ་སར་སོང་།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    སྦུང་གཅིག་ཁར་བཟའ་སྟེ་ འ་ནཱི་བྲག་རྩྭ འ་ནཱི་སྤང་རྩྭ་ ནགས་རྩྭ་བཟའ་སྟེ་སྡོད་དེ་ ཆུ་ཡང་ འ་ནཱི་ བྲག་ཆུ་སྒོམ་ཆུ་ཐུང་སྟེ་ སྡོད་ནུག་ཟེར་ སླབ་རྨ་རེ་ བུཚུ་ཟེར་ སླབ་ནུག
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    དེ་ལས་ཏེ་ ཡར་ ཨ་ལོ་འདི་ རོགས་ གོ་ལ་ཐགས་སྡོད་སར་ལྷོད་ནུག་ རྒྱལ་པོའི་སྲས་མོ་འབད་སར་སོང་སྟེ།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    གོ་ལ་འདི་ར་ ཐགས་སྡོད་ནུག་ དོང་དོང་ཟེར་ ཐགས་སྟེ་ དེ་ལས་ཏེ་ ཁོ་ལུ་ སླབ་ནུག་ དབའི་ཨིན་སྨོ་ ང་འདི་བཟུམ་སྦེ་ འོང་འོངམ་ཨིན།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    དང་ཕུ་འབད་བ་ཅིན་ རྩྭ་ཡང་སྦུང་གཅིག་ལས་བཟའ་ནུག་ཟེར་ ཆུ་ཡང་རྫིང་གཅིག་ལས་འཐུང་ནུག་ བྲག་ཆུ་སྒོམ་ཆུ་འཐུང་ནུག་ཟེར་ འ་ནཱི་ དང་ཕུའི་ འ་ནཱི་ཨིན་ཟེར་ ཁོ་གིས་གཏམ་དེ་སྦེ་ ཐོན་ནུག་ལགས།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ད་ གཏམ་ཐོན་ད་ལུ་ཏེ་ ཡ་ལ་ དེ་སྦེ་ གོ་ལ དོང་དོང་ ཐགས་སྡོད་མི་འདི་ བཀོ་བཞག་སྟེ་ ཡར་སོང་ནུག། ཨ་མ་ ང་ལུ་འདི་བཟུམ་ཅིག་སླབ་དེས་ སྤྱང་ཀའི་ཨ་ལོ་གིས་ དེ་སྦེ་ སླབ་དེས་ཟེར།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཨ་མ་ ཁྱོད་ཀྱི་ ཚེ་སྔོན་མའི་ ལས་དང་རྒྱུ་འབྲས་ཡོད་པ་ཅིན་ ག་དེ་སྦེ་སླབ་ནི་ཟེར་ ཨ་མའི་ཁ་སྟོན་ནུག། དེ་ལས་ཏེ་ རོགས་སྤྱང་ཀའི་ཨ་ལོ་དང་ རྒྱལ་པོའི་སྲས་མོ་འཛོམས་ནུག་ལགས།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    དེ་ལས་ཏེ་་འཛོམས་སྟེ་ དེ་ལས་ སྡོད་ནུག་ཟེར་ཨིན་པས་ལགས། དེམ་ཅིག་རང་ཨིན་ལགས་ དེམ་ཅི།