Skip to main content Skip to search
28 Jun 2018
14 min 20 sec
Video Overview
Creators: 
Sonam Tobgye, Sangay Tshomo

Nedrup from Lingkhar village narrates the story of water shortage in a fictional country. A kingdom was facing a water shortage and people were dying of thirst. This tale shares how two heroes returned water to the kingdom.

གླིང་ཁར་ལས་ཨིན་མི་ དངོས་སྒྲུབ་ཀྱིས་  ང་བཅས་རའི་ རྒྱལ་ཁབ་ནང་ལུ་ འཐུང་ཆུ་དཀའ་ངལ་སྐོར་ལས་ བཤད་འདི་ ཡོདཔ་ཨིན་མས། སྲུང་འདི་ ང་བཅས་རའི་ རྒྱལ་ཁབ་འདི་ནང་ ག་སྟེ་དང་ ག་སྟེ་ར་ ཆུ་གིས་དཀའ་ངལ་ མཐོན་དོ་ག་ སྐོར་ལས་ བཤད་དོ་ཡོདཔ་ཨིན་མས།ང ང་བཅས་རའི་ རྒྱལ་ཁབ་ནང་ ཆུ་འདི་དཀོན་བ་ལས་བརྟེན་ མི་ཚུ་་ཁ་སྐོམས་པའི་ སྡུག་བསྔལ་ལས་བརྟེན་ ཤི་དོ་ཡོདཔ་ཨིན་མས། ལོག་ཤུལ་ལས་ མི་གཉིས་ཀྱིས་ ཆུ་འདི་ ལོག་ སྟོན་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • དངོས་གྲུབ་ོ
    དང་ཕུ་ ཆུ་མེད་པའི་སྲུང་། ཆུ་མེད་པའི་རྐྱེན་གྱིས་ རྒྱལཔོ་གཅིག་གི་འོག་གི་བུཚུ་གཞོནམ་ཆ་ཁྱབ་ག་ར་རྫོགས་སོ་ཡི་ལོ་ལགས། རེ་རེ་ ག་ཅི་ལོ་ གཉིས་གཉིས་འགྱོཝ་ད་ རེ་རེ་ཚལ་མ་ནང་ལུས་ཡི་ར་ ཏེ་རེ་རེ་རྐྱངམ་ཅིག་ལོག་ལྷོད་ཅི་ལོ། འ་ནཱི་སྦེ་ར་ རྒྱལཔོ་གཅིག་གི་འོག་གི་སྦྱིན་བདག་ཚུ་རྫོགས་ཏེ་ རྫོགས་ཞིནམ་ལས་ སྦྱིན་བདག་བུཚུ་གཞོནམ་གཅིག་དང་རྒྱལ་པོའི་སྲས་གཅིག་རྐྱངམ་ཅིག་ལུས་ཏེ་ ད་གཞན་ཆ་ཁྱབ་འདིན་རྫོགས་སོ་ཡི་ ཏེ་ཁྱེད་གཉིས་སོང་སྨེ་ཟེར་ ཁོ་གི་སྲས་ལུ་ཡང་བཀའ་གནང་སྟེ་ ཁོང་གཉིས་འགྱོཝ་ད་ལུ་ ཁོང་གཉིས་ བྱག་དཀརཔོ་ཅིག་གི་རྩ་བར་ལྷོད་ཅི་ལོ།
  • དངོས་གྲུབ་ོ
    བྱག་དཀརཔོ་གི་རྩ་བར་ལྷོད་སྦེ་ ཁོང་གཉིས་ཉལ་ཏེ་ ཡ་་་་་ ད་རེས་ང་བཅས་གཉིས་ ཁྱོད་ལུ་བསྟེན་ཏེ་ཉལ་ཡི་སྨེ་ང་བཅས་གཉིས་ ཁྱོད་ཀྱིས་ཨ་ཙི་སྐྱིད་སྡུག་གཟིགས་དགོ་སྨ་རེད་ཟེར་ ཁོང་གཉིས་བྱག་ན་བསྟེན་སྦེ་ཉལ་ནུག ཏེ་ནུབ་མོ་ བྱག་དཀརཔོ་ལུ་ལྟ་སྟེ་ལྷོང་མས་ལོ་ དབའེ་བྲག་དཀར་པོ་ ཁྱོད་རྩ་བར་ཤ་ལྷོད་ནུག་མེན་ན་ ཤ་ཟ་གེ་ ཟེརཝ་ད་ལུ་ དབའེ་ང་ལུ་བསྟེན་ཏེ་ཡོད་ མི་ཟ་སྨེ་ ཁོང་གཉིས་ཆུ་གི་དོན་ལས་ཏེ་འོང་འོངམ་མས་ མི་ཟ་ ཟེར་སླབ་མས་ལོ་ལགས། དེ་ལས་བྱག་དམརཔོ་་་་་ གནགཔོ་གིས་སླབ་ནུག གནགཔོ་གིས་སླབ་ད་ཡང་ དེ་སྦེ་ལན་འཇལ་ཏེ་ དེ་ལས་དམརཔོ་གིས་སླབ་ད་ཡང་ དེ་སྦེ་ མི་ཟ་ཟེར་ ཁོང་གཉིས་ནཱ་ལུ་ཆུ་གི་དོན་ལས་འོང་ནུག
  • དངོས་གྲུབ་ོ
    དེ་སྦེ་སླབ་ད་ལུ་ ཏེ་ཁོང་གཉིས་ཨིན་ཟེར་བ་ཅིན་ ཏེ་བྱག་དཀརཔོ་ལུ་དར་དཀརཔོ་འཕྱར་ ཏེ་ཚོགས་ཡང་དཀརཔོ་ཕུལ་ བྱག་དམརཔོ་རྩ་བར་ལྷོདཔ་ད་ལུ་ དར་དམརཔོ་འཕྱར་ ཚོགས་ཡང་དམརཔོ་བཟོ་སྦེ་ཕུལ་ བྱག་ནགཔོ་ལུ་ལྷོདཔ་ད་ལུ་ དར་ཡང་ནགཔོ་འཕྱར་ ཚོགས་ཡང་ནགཔོ་བཟོ་སྦེ་ཕུལ་ཏེ་ དེ་སྦེ་འོང་པ་ཅིན་ ཏེ་ཁོང་གི་མར་རྒྱལ་པོའི་བང་མཛོད་ནང་ན་ གསེར་གྱི་རལ་གྲི་ ཁྲུ་གང་འབད་མི་ཅིག་འདུག འ་ནཱི་རལ་གྲི་འདི་འབག་འོང་སྟེ་ ཚོགས་དང་དར་ འ་ནཱི་སྦེ་འབག་འོང་པ་ཅིན་ ཏེ་ཆུ་མ་པ་ལས་ཐོབ།
  • དངོས་གྲུབ་ོ
    ཟེར་སླབ་ཞིནམ་ལས་ ལོག་འོང་ཡི་ལོ་ འ་ནཱི་བྱག་དཀརཔོ་ལུ་ཉལ་ཉལཝ་ལས་ ལོག་འོང་སྦེ་ དེ་ལས་ཁོང་གཉིས་ལོག་འགྱོཝ་ད་ རྒྱལཔོ་ལུ་ཞུ་ གསེར་གྱི་རལ་གྲི་ཡང་འབག་འགྱོ་སྦེ་ ཕུལ་ཏེ་འགྱོཝ་ད་ལུ་ ཡར་ལས་ཆུ་ཐོབ་ཅི་ལོ་ལགས། ཡར་ལས་ ཆུ་ཚར་གསུམ་བརྫམ་སྨ་རེད་ ཆག་ཆག་ཟེར་ཚར་གསུམ་བརྫམ་སྦེ་ རྒྱབ་ལོག་བལྟ་རང་མ་བལྟ་བར་ འ་ནཱི་གསེར་གྱི་རལ་གྲི་འ་ནཱི་སྦེ་འཐེན་འབག་སྟེ་འགྱོ་ འ་ནཱི་ལམ་བདའ་སྟེ་འཐོན་འོང་ ཟེར་སླབ་ཞིནམ་ལས་ ཏེ་ཁོང་གཉིས་ལོག་འགྱོཝ་ད་ལུ་ འ་ནཱི་སྦེ་འོང་སྦེ།
  • དངོས་གྲུབ་ོ
    དེ་ལས་ཆུ་སྦོམ་འོང་ཡི་ལོ་ ཨ་ནཱ་ལས་ དུ་རུ་རུ་བཏང་འོང་སྟེ་ དེ་ལས་ཆུ་གིས་ཡང་ལངས་ཏེ་ ཆུ་གིས་ལངས་ཞིནམ་ལས་ ཏེ་དེ་ལས་རྐྱངམ་ཅིག་རྒྱལཔོ་གིས་ ཡ་་་་ ཁྱོད་གཉིས་ ད་ཟ་ས་ཅིག་ཁར་བཙུགས་གེ་སྨེ་ང་གིས་ཟེར་ ཁྱོད་གཉིས་དཀའཝ་སྤྱད་ཅི་ ཟེར་བཀའ་གནང་སྟེ་ རྒྱལ་པོའི་སྲས་འདི་ཡང་ རྒྱལཔོ་ཅིག་གི་སྒོ་ཁར་རྨགཔ་སྦེ་བཏང་ ཁྱོད་ཡང་རྒྱལཔོ་ཅིག་གི་སྒོ་ཁར་རྨགཔ་གཏང་གེ་སྨེ་ཟེར་ མི་གནགཔ་འདི་ཡང་ཨ་ནཱི་སྦེ་བཏང་སྟེ་ དེ་ལས་ཁོང་གཉིས་ རྒྱལ་པོའི་སྲས་འདི་རང་ ཧེ་མ་རྒྱལཔོ་ཅིག་གི་སྒོ་ཁར་གཉེན་ཕོག་ཆི་ལོ།
  • དངོས་གྲུབ་ོ
    ང་ རྒྱལ་པོ་ཅིག་གི་སྒོ་ཁ་ལུ་ར་གཉེན་བསྡོམས་ ཟེར་གསུངས་ཏེ་ཡོད་ ང་བཅས་ཀྱི་རྒྱལཔོ་གིས་ ད་ག་ཏེ་ཕོག་འོང་ག་ ཟེར་འགྱོཝ་ད་ལུ་ ཏེ་རྒྱལཔོ་ཅིག་གི་སྒོ་ཁར་ལྷོདཔ་ད་ ཁྱོད་ག་ཏེ་འགྱོ་ནི་སྨོ་ ཟེར་དྲིས་དྲིསཝ་མས། ང་བཤལ་འོངམ་ཨིན་ ཟེར་སླབ་ད་ལུ་ ངེའི་བུམོ་གཅིག་གི་རྨགཔ་སྦེ་སྡོད་ཁྱོད་ ངེའི་བུམོ་སྟོངམ་ཡོད་ཟེར་ དེ་ལསན་ ཕར་ལུས་སོ་ཡི་ལོ། ཁོ་མི་གནགཔ་གི་བུཚུ་འདི་འགྱོཝ་ད་ལུ་ རྒྱལཔོ་ཅིག་གི་ས་ཁར་འགྱོཝ་ད་ལུ་ ལམ་ཐག་རིངམོ་ཡོདཔ་མས།
  • དངོས་གྲུབ་ོ
    ཨ་ནི་སྦེ་འགྱོཝ་ད་ལུ་ ཞྭམོ་ཅིག་ལས་ ག་ཐོབ་རྐྱབ་སྡོད་ནུག་ལོ་ ན་གཞོན་བུཚུ་ཚུ་ ན་གཞོན་བུཚུ་དག་པ་ཅིག་ ག་ཐོབ་རྐྱབ་ ཕར་འཐེན་ཚུར་འཐེན་འབད་སྡོད་སར་ ག་ཅི་འབདཝ་སྨོ? ཁྱེད་ཆ་ཁྱབ་ ཟེརཝ་ད་ལུ་ ཨ་ནཱི་ཞྭམོ་འདི་ ག་ཐོབ་རྐྱབ་ཨིན་ང་བཅས་ ཟེར་སླབ་མས་ལོ། ཞྭམོ་འདི་ག་ཅི་འབད་ནི? འ་ནཱི་བཟུམ་ཅིག་ ཟེར་སླབ་ད་ལུ་ འ་ནཱི་ཞྭམོ་དང་ཞྭམོ་འདི་མ་འདྲཝ་ཅིག་ཨིན། གྲིབ་ཞྭམོ་ཨིན་ འ་ནཱི་བཙུགས་འགྱོཝ་ད་ལུ་ ག་ཅི་གིས་ཡང་མི་མཐོང་ཁྱོད་ ཟེར་སླབ་དེས་ལོ།
  • དངོས་གྲུབ་ོ
    ཨིན་ན? ཟེརཝ་ད་ ཨིན་ཟེར་ ཅ་ལ་ག་ཅི་ཨརཝ་བརྐུ་ནི་ཡོད་རུང་ འ་ནཱི་ཞྭམོ་འདི་གིས་ཐོབ་ ཟེརཝ་མས་ལོ། དེ་ལསན་ ཨ་ཡར་བཀལ་བཞག་ ཁྱེད་མར་འགྱོ་སྦེ་རྒྱུགས་ཤིག ག་མགྱོགསཔ་ཅིག འ་ནཱི་གིས་འབག་ འ་ན་ལས་རྐྱངམ་ཅིག་ མི་འཐབ་ ཟེར་སླབ་སླབ་མས་ཁོ་གིས། དེ་ལས་ཁོང་འདིན་ ཞྭམོ་ཡར་བསྐྱལ་ མར་འགྱོ་སྡོདཔ་ད་ལུ་ ཞྭམོ་ཁོ་གིས་བཙུགས་ཡར་སོང་ནུག་ཏེ་ ཁོནི་མིག་གིས་མ་མཐོང་ཏེ།
  • དངོས་གྲུབ་ོ
    དེ་ལས་ ཨ་རྒས་ཆ་ཁྱབ་ ཐོཝ་ཅིག་ལས་ག་ཐོབ་རྐྱབ་སྡོད་ནུག་ལོ། ཕར་འཐེན་ཚུར་འཐེན་བཏང་ ག་ཅི་བཟོཝ་སྨོ་ཁྱེད་ ཟེར་སླབ་ད་ལུ་ འ་ནཱི་ཐོཝ་ལས་ག་ཐོབ་རྐྱབ་དོ་ ཟེརཝ་མས་ལོ། ག་ཅི་འབད་ནི་ལྕགས་ཀྱི་ཐོཝ་འ་ནཱི་བཟུམ་ཅིག་ ཟེར་སླབ་ད་ལུ་ འ་ནཱི་ཐོཝ་དང་ཐོཝ་མ་འདྲཝ་ཨིན། ཐོཝ་ཚར་རེ་རྡོ་གུ་བླུགསཔ་ད་ ཁྱིམ་ཐོག་རེ་ཐོག་རེ་གྲུབ་ཨིན། ཚར་གསུམ་བླུགས་པ་ཅིན་ ཁྱིམ་ཐོག་གསུམ་འགྲུབ་ནི་ཨིན་འ་ནཱི་ཐོཝ་གིས་ ཟེར་སླབ་དེས་ལོ།
  • དངོས་གྲུབ་ོ
    ཨ་མེན་ ཨ་ཡར་བསྐྱལ་བཞག་ ཁྱེད་མར་འགྱོ་སྦེ་ ག་མགྱོགས་མགྱོགས་བལྟ་སྦེ་ འཐུ་འབག་ ཟེརཝ་ད་ ཨིན་པས་ཁོ་གིས་སླབ་མི་འདི་དྲག་ནི་མས་ཟེར་ ཡར་བསྐྱལ་བཞག་སྦེ་ ཁོང་མར་འགྱོ་སྡོདཔ་ད་ ཁོ་གིས་ཐོཝ་འཐུ་འབག་ཡར་སོ་ནུག ཁོ་གི་གྲིབ་ཞྭམོ་བཙུགས་ ཁོ་གིས་ཡར་སོང་ནུག དེ་ལས་ད་རུང་ ལམ་བར་ཅིག་ཁར་ ཁོ་གི་ཞྭམོ་ཧེམ་ཅུ་ནང་བཙུགས་སྦེ་ དེ་ལས་མཐོངམ་སྦེ་འགྱོ་ནུག འགྱོཝ་ད་ལུ་ ད་རུང་ མི་རྒསཔ་ཧ་ལམ་རེ་འབད་མི་ སྡེརམ་གཅིག་ལས་ག་ཐོབ་རྐྱབ་སྡོད་ནུག་ལོ།
  • དངོས་གྲུབ་ོ
    སྡེརམ་གཅིག་ལས་ག་ཐོབ་རྐྱབ་སྟེ་ ཕར་འཐེན་ཚུར་འཐེན་འབད་སྡོད་ ག་ཅི་བཟོཝ་སྨོ་ཁྱེད་ ཟེརཝ་ད་ལུ་ འ་ནཱི་སྡེརམ་ལས་ ག་ཐོབ་རྐྱབ་དོ་ང་བཅས་ ཟེརཝ་མས་ལོ། ག་ཅི་འབད་ནི་འ་ནཱི་སྡེརམ་འདི་ ཤིང་གི་སྡེརམ་ཅིག་ ཟེར་སླབ་ད་ལུ་ བླ་་་་ འ་ནཱི་སྡེརམ་དང་སྡེརམ་མ་འདྲཝ་ཨིན་ ལྟོ་འབྱུང་འབྱུང་ཟེརཝ་ད་ ལྟོ་འ་ནཱི་སྡེརམ་ལུ་ལྷོདཔ་ཨིན། ཤ་འབྱུང་འབྱུང་ཟེརཝ་ད་ ཤ་ལྷོདཔ་ཨིན། ཆང་འབྱུང་འབྱུང་ཟེརཝ་ད་ ཆང་ལྷོདཔ་ཨིན། སྡེརམ་དང་སྡེརམ་མ་འདྲཝ་ཨིན་ འ་ནཱི་སྡེརམ་ ཟེར་སླབ་དེས་ལོ།
  • དངོས་གྲུབ་ོ
    དེན་ ཡར་བསྐྱལ་བཞག་ ཁྱེད་ཀྱི་སྡེརམ་ ཁྱེད་མར་འགྱོ་སྦེ་ ག་མགྱོགས་མགྱོགས་རྐྱབ་སྟེ་འབག་ ཟེར་སླབ་ད་ལུ་ འ་་་་ ཨིན་པས་ཁོ་གིས་སླབ་མི་འདི་ཟེར་ འ་་་་ ཡར་བསྐྱལ་བཞག་སྦེ་ མར་འགྱོ་སྡོདཔ་ད་ སྡེརམ་ཁོ་གིས་འབག་འགྱོ་ ཞྭམོ་བཙུགས་ཏེ་ ཁོནི་མིག་ཏོ་མི་མཐོང་། དེ་ལས་ ཧ་ལམ་ཅིག་ཁར་ལྷོདཔ་ད་ལུ་ སྒོམ་ཆེན་ཚུ་ རྔ་ལོགས་ཅིག་སྤུབས་སྤུབས་ཅིག་ལས་ ཕར་འཐེན་ཚུར་འཐེན་རྐྱབ་སྡོད་ནུག་ལོ།
  • དངོས་གྲུབ་ོ
    དབའེ་ ག་ཅི་བཟོཝ་སྨོ་ ཁྱེད་སྒོམ་ཆེན་ཚུ་ ཟེར་སླབ་ད་ འ་ནཱི་རྔ་ལས་ག་ཐོབ་རྐྱབ་དོ་ང་བཅས་ ཟེར་སླབ་དེས་ལོ། ག་ཅི་འབད་ནི་ རྔ་རང་ལོགས་ཅིག་འབད་མི་ཅིག་སྤུབས་ནུག ཁྱེད་ཀྱི་རྔ་ ཟེར་སླབ་ད་ལུ་ ཡ་་་་ འ་ནཱི་རྔ་དང་རྔ་མ་འདྲཝ་ཨིན། འ་ནཱི་རྔ་གཡུ་པ་གུ་ལས་བཤེད་སྦེ་ རྔ་དུང་བཏང་ཚར་གཅིག་བརྡུངམ་ད་ དཔག་ཚད་རེ་དཔག་ཚད་རེ་ འབག་འགྱོཝ་ཨིན་ ཟེརཝ་མས་ལོ།
  • དངོས་གྲུབ་ོ
    ཡ་་་་ མེན་མེན་ ཨ་ཡར་བསྐྱལ་བཞག་ ཁྱེད་མར་འགྱོ་སྦེ་ ག་མགྱོགས་མགྱོགས་རྐྱབ་སྟེ་ འབག་ཡར་སོང་ ཟེར་སླབ་ནུག དེ་ལས་འ་ནཱི་སྦེ་བསྐྱལ་སྡོདཔ་ད་ལུ་ རྔ་ཡང་ཁོ་གིས་ ཕྱག་ལྟག་ཁར་བཀལ་འབག་འགྱོ། ཏེ་འ་ནཱི་ཚུ་འབག་སྦེ་འགྱོཝ་ད་ལུ་ རྒྱལཔོ་ཅིག་འཕྱད་དེ་ རྒྱལཔོ་ཅིག་གི་རྫོང་གི་རྩ་བ་ལས་འཐོན་འགྱོ་འགྱོཝ་མས། ཁྱོད་ག་ཏེ་ལས་འོངམ་སྨོ་ ཟེརཝ་ད་ ང་བཤལ་འོངམ་ཨིན་ ཟེར་སླབ་ནུག ནང་ན་ཤོག་ ནང་ན་བྱོན་ཟེར་ ད་ཁྱོད་ ནཱ་ངེའི་བུམོ་དང་གཅིག་ཁར་གཉེན་རྐྱབ་སྡོད་དགོ་ཟེར་
  • དངོས་གྲུབ་ོ
    དེ་སྦེ་འབད་བ་ཅིན་ བཀའ་དྲིན་ཆེ་ནི་མས་ ནཱ་སྡོད་ནི་ཟེར་ ཁོ་ར་རྒྱལཔོ་ཅིག་གིས་ཡང་ བཀའ་གནང་སྟེ་ཡོད། ནཱ་ལས་ཡང་བཀའ་གནང་སྟེ་ཡོད་ཟེར་ ཏེ་ཁོ་སྡོད་སྦེ་ ཁོ་སྡོད་སྦེ་ ཁོནི་གཉེན་རྐྱབ་ཅི་ད་ ལེགས་ཤོམ་སྦེ་སྡོད་ནི་འདྲས་གསེས་སྡོད་ སྡོདཔ་ད་ལུ་ ཁོ་རའི་སྡེརམ་གུ་བརྡུངས་ཏེ་ ཆང་འབག་ཤོག་ཟེར་ ཆང་རང་འཐུང་བཅུག་སྟེ་ ར་བཟི་སྦེ་ འབུ་བཟུམ་འགྱུར་སྡོདཔ་ད་ལུ་ རྔ་ནང་བཙུགས་ རྔ་ཐོག་ཁར་བཀལ་སྦེ་ རྔ་ཚར་རེ་ དུང་དུང་བརྡུངམ་ད་ལུ་ ཡུདཔ་ཅིག་ དཔག་ཚད་གཅིག་དེ་ཅིག་ཡོདཔ་མས་ མཚོའི་མཐའ་མ་ལས་ མཚོའི་བར་ན་ལྷོད་ནི་གི་ རྡོ་སྒོར་སྒོར་ཅིག་གུ་བསྐྱལ་བཞག་སྟེ་འདུག་ལོ་ཁོ་འདི།
  • དངོས་གྲུབ་ོ
    དེ་ལས་ ཨམ་སྲུ་འདིན་ལོག་ཐོན་འོང་ནུག ཁོནི་ཆང་སངས་སྟེ་བལྟཝ་ད་ཏེ་ མཚོ་སྦུག་ལུ་རྡོའི་ཐོག་ཁར་བསྐྱལ་བཞག་ནུག་ཏེ་ གཉིད་ཚོར་སྦེ་བལྟཝ་ད་ལུ་ ཡ་་་་ ང་འ་ནཱི་ཨམ་སྲུ་གིས་རང་བསྐྱལ་བཞག་བཞགཔ་ཨིན་ང་ཟེར་ ང་གིས་འ་ནཱི་འདི་ འ་ནཱི་ཨིན་ འ་ནཱི་སྦེ་ཨིན་ཟེར་ སླབ་བྱིན་ཡི། འ་ནཱི་རྔ་གིས་དཔག་ཚད་གཅིག་ལུ་འབག་འོང་ འ་ནཱི་སྡེརམ་གིས་ཤ་ཉ་ལྷོད་འོང་ ཟེར་སླབ་ཅི་ ཟེར་མནོ་བསམ་བཏང་སྡོདཔ་ད་ལུ་ མཚོ་ཟུར་ཁར་ བྱིའུ་ཅུང་གཉིས་ཡོདཔ་ཨིན་མས།
  • དངོས་གྲུབ་ོ
    བྱིའུ་ཅུང་གཉིས་ལུ་བལྟ་སྦེ་སྡོདཔ་ད་ སྦུལ་སྦོམ་ཅིག་མཚོ་ནང་ལས་ཡར་ཐོན་ཏེ་ཟ་ནི་འབདཝ་མས་ལོ། དེ་ལས་ཁོ་གིས་ ཆ་འ་་་་་ ཆ་འ་་་་་ འབད་ཡི་འབད་ཡི་ སྦུལ་ནང་ན་ཐིམ་འགྱོ་སྦེ་ ད་རུང་ཐོན་ཏེ་ ཟ་ནི་འབདཝ་ད་ར་ ཁོ་གིས་ལགཔ་ཐལ་ཙ་བརྡུང་ཡི་བརྡུང་ཡི་ སྡོད་པའི་ནང་འཁོད་ལུ་ར་ ཁོ་གི་ཨའི་ལྷོད་ཅི་ལོ་ བྱིའུ་ཅུང་གི་ཨའི་ལྷོད་སྦེ་ ཡ་་་་་་ ད་ཤ་ལྷོད་ནུག་ཨ་ཕར་རྡོ་གི་ཐོག་ཁར་ ད་ཁྱེད་གཉིས་ལུ་འབག་འོང་བྱིན་གེ་ ཟེར་སླབ་ད་ལུ་ཏེ།
  • དངོས་གྲུབ་ོ
    ང་བཅས་གཉིས་ཀྱི་སྲོག་སྐྱབས་འབད་མི་ཨིན། ཁོ་ག་ཅི་འབད་འབག་འོང་ནི་ ང་བཅས་གཉིས་ཀྱི་སྲོག་སྐྱབས་འབད་ཡི་སྨེ་ཁོ་གིས་ ཟེར་སླབ་ད་ ག་དེ་འབད་སྲོག་སྐྱབས་འབད་ཡི་ཟེརཝ་ད་ལུ་ ང་བཅས་གཉིས་ཟ་ནི་འབད་ཡི་འ་ནཱ་ལས་ཡར་སྦུལ་ཐོན་ཏེ་ ཟེརཝ་ད་ ཡ་་་་་ ཨིན་ན? ཟེར་ ཏེ་འ་ནཱི་སྦེ་ ཁོང་གཉིས་ཧ་ལམ་ འཕུར་ཚུགསཔ་ཅིག་འགྱོཝ་ད་ལུ་ འཕུར་ཏེ་ཕར་ལྷོད་དེས་ལོ་ཁོང་གཉིས་ཆ་ར་ ཁོ་འབད་སར་ ཨའེ་་་་ ཁྱོད་ལུ་དྲིན་ལན་འཇལ་ཚུགསཔ་ཅིག་འོང་སྨེ་ ཁྱོད་ད་ལྟོ་སྡོད་སྨེ་ཟེར་ ལོག་འགྱོ་སྦེ་ཕར་ཚང་ནང་སྡོད་ ཚང་ནང་འགྱོ་སྡོདཔ་ད་ལུ།
  • དངོས་གྲུབ་ོ
    ཁོང་གཉིས་ཀྱི་ཨའི་ལྟོ་འཚོལ་བར་འགྱོ་སྦེ་ འབག་འོང་སྦེ་བྱིན་ ཡུདཔ་ཅིག་ལས་ཁོང་གཉིས་སྦོམ་འགྱོ་དོ་ཡོདཔ་མས། ཏེ་འོང་སྦེ་བལྟ་ཡི་བལྟ་ཡི་ ལོག་འགྱོ་དེས་ལོ། ཏེ་ཧ་ལམ་སྦོམ་འགྱོཝ་ད་ལུ་ ཁོང་གཉིས་ཀྱི་གཤོགཔ་གཅིག་ཁར་མཐུད་སྦེ་ རྡོ་གཅིག་འབག་འོང་དེས་ལོ། འཕུར་འོངམ་ད་ལུ་ ཆུའི་སྦུག་ནང་ཤོར་སོང་སྟེ་ ཡ་ང་བཅས་གཉིས་ཀྱིས་ཨ་ཙི་འབད་མི་ཚུགས་པས་ ཁྱོད་ཀྱི་ལྗིད་འདྲན་འདྲ་འབག་འོངམ་ད་ ང་བཅས་གཉིས་ཀྱིས་འབད་མི་ཚུགས་པས་ཟེར་
  • དངོས་གྲུབ་ོ
    འ་ནཱི་སྦེ་ལོག་སླབ་སྦེ་ ད་རུང་ར་ལོག་ཡར་སོ་ཡི་ལོ། འགྱོ་སྦེ་ ད་རུང་ཉིནམ་གཉིས་གསུམ་དེ་ཅིག་ཁ་ལས་ད་རུང་ སྟོངམ་སྦེ་འོང་སྟེ་ ཁོ་གི་ལྗིད་ཚད་བལྟ་སྦེ་ དེ་ལས་ད་རུང་ ཕར་ལས་རྡོ་འབག་འོང་དེས་ལོ། ཏེ་རྡོ་འབག་འོངམ་ད་ལུ་ ཁོ་གི་ལྗིད་འདྲན་འདྲ་ཅིག་འབག་འོང་སྟེ་ཁོ་གི་རྩ་བར་ལྷོད་ཞིནམ་ལས་ རྡོ་བཏོན་སྦེ་ དེ་ལསན་ཏེ་ ཁྱོད་ཨ་ནཱ་འཛེགས་ཤིག་ཟེར་ ཁོང་གཉིས་ཀྱི་གཤོགཔ་གཉིས་མཐུད་སྦེ་ འ་ནཱི་ཐོག་ཁར་འཛེགས་སྦེ་ ཏེ་ཁོ་གཉིས་ཀྱིས་མཐའ་མར་བཏོན་ཡི་ལོ།
  • དངོས་གྲུབ་ོ
    མཐའ་མར་བཏོན་སྦེ་ ཏེ་ཁོ་ཕྱི་ཁར་ཐོན་ཏེ་ ཡ་་་ ཁྱེད་གཉིས་ཀྱིས་ དྲིན་ལན་འབྱོར་ཡི་སྨེ་ ང་འ་ནཱི་སྦེ་བཏོན་བྱིན་ཡི་ཁྱེད་གཉིས་ཀྱིས་ ཟེར་སླབ་ད་ དྲིན་ལན་མི་འབྱོར་ད་ལྟོ་འདི་ ང་བཅས་གཉིས་ཀྱིས་ ད་རུང་བྱིན་ནི་ཡོད་ཟེར་ གསེར་གྱི་མེ་ཏོག་གཅིག་དང་དངུལ་གྱི་མེ་ཏོག་གཅིག་བྱིན་དེས་ལོ། འ་ནཱི་གསེར་གྱི་མེ་ཏོག་འདི་དྲིམ་ཧུམ་ད་ལུ་ ཁྱོད་སྤྱ་དཀར་ལུ་འགྱུར་འོང་ སྤྱ་དཀར་ལུ་འགྱུརཝ་ད་ལུ་ ཤིང་ཐོག་ཁར་ཟ་བཏུབ་པའི་འབྲས་བུ་དང་མེ་ཏོག་བཅག་ཟ་བཏུབ་མི་རིགས་ཟ་སྨེ་ཁྱོད་ ལྟོ་བཀྱེསཔ་སངས་འོང་ཟེར་
  • དངོས་གྲུབ་ོ
    ཏེ་དེ་ལས་ རྩ་བར་བབས་ཏེ་ མེ་ཏོག་དཀརཔོ་འདི་དྲིམ་ཧུམ་ད་ ཏེ་མི་ལུ་འགྱུར་འོང་ ཟེར་སླབ་དེས་ལོ། དེ་ལས་ཁོ་ལྟོ་བཀྱེསཔ་ད་བཀྱེསཔ་ད་ ཤིང་ཐོག་ཁར་འཛེགས་ཏེ་ རྡོག་མ་ཟ་ མེ་ཏོག་ཟ་སྡོད་སྦེ་ དེ་ལས་ཁོ་ཧེ་མ་བཟུམ་སྒྲིང་སྒྲི་འགྱོ་ཞིནམ་ལས་ ལོག་འ་ནཱི་ཨམ་སྲུ་ཁྱིམ་ནང་འགྱོ་ཡི་ལོ། ཧི་ཧི་་་་་་ ཨམ་སྲུ་གི་ཁྱིམ་ནང་འགྱོཝ་ད་ལུ་ རོགས་རྒྱལཔོ་ཅིག་གི་སྲས་ཅིག་དང་གཉེན་རྐྱབ་ནི་འབད་སྡོད་ནུག་ལོ། གཉེན་རྐྱབ་ནི་འབད་དེ་ ཏེ་ཁོ་སྒོམ་ཆེན་བཟོ་འགྱོ་སྦེ་ དེ་ལས་ཨ་ནཱི་ཨམ་སྲུ་གི་རྩ་བར་འགྱོ་སྦེ་ གསེར་གྱི་མེ་ཏོག་ལྷ་པ་གུ་དབུར་བྱིན་བྱིནམ་མས།
  • དངོས་གྲུབ་ོ
    དེ་ལས་སྤྱ་དཀར་ལུ་འགྱུར་ཡི་ལོ། སྤྱ་དཀར་ལུ་འགྱར་བའི་སྐབས་ ཁོནི་སྒོམ་ཆེན་བཟོ་སྦེ་སྡོད་ནུག འ་ནཱི་ནང་གི་ཨམ་དང་ ནང་གི་མི་ཚུ་གིས་མ་མཐོངམ་སྦེ་དབུར་བྱིན་བྱིནམ་མས་ལྷ་པ་གུ། ཡ་བླ་མ་་་་་ སྒོམ་ཆེན་ཟེར་ ནཱ་རོགས་རྒྱལཔོ་ཅིག་གི་སྲས་ཅིག་དང་གཉེན་རྐྱབ་ནི་འབད་ཨིན་ ངེའི་བུམོ་འདི་ འ་ནཱི་བཟུམ་ཅིག་ཡར་སོ་ཡི་ད་ བཅོ་ཐབས་མེད་ག་སྒོམ་ཆེན་ ཟེརཝ་མས་ལོ།
  • དངོས་གྲུབ་ོ
    ཡོད་ཡོད་སྒོམ་ཆེན་་་་་ ག་ཅི་ལོ་ སྒོམ་ཆེན་གྱིས་ ཡོད་ཡོད་ བཅོ་ཐབས་འོང་ ལྕང་མ་ཤིང་རྟས་ཐག་ ཆགཔ་ཁལ་ལྔ་འབག་འོང་དགོ་སྨེ་ ག་ཅི་ལོ་ རྟས་ཐག་ཁལ་ལྔ་ ཆགཔ་ལྔ་ འབག་འོང་དགོ་ ཟེར་སླབ་ཅི་ལོ་ལགས། ཁོ་གིས་འ་ནཱི་སྦེ་སླབ་ད་ལུ་ ལྕང་མ་ཤིང་རྟས་ཐག་འབག་འོང་ ཆགཔ་ལྔ་འབག་འོང་ ཁལ་རེ་ཁལ་རེ་སྡོད་སྡོདཔ་མས། ཏེ་ད་ལྟོ་ནཱ་ལུ་འདི་ ང་གིས་བཅོ་ཐབས་འབད་མི་ཚུགས་ ལ་ཐོག་ཁར་འབག་གེ་ཟེར་ ཡར་ལ་ཐོག་ཁར་འབག་འབགཔ་མས། ཁོ་གིས་འཐེན་སྦེ།
  • དངོས་གྲུབ་ོ
    ཡ་་་ བཏགས་མ་རེད་ ཁྱེད་ཀྱི་འ་ནཱི་ཟེར་ ཐགཔ་བཏགས་ཤིག་ཟེར་ ཨའི་གིས་ཐགཔ་བཏགས་སྦེ་ ཐགཔ་ལག་པར་སྤྲོད་བྱིན་ཡི་ལོ། འཐེན་འབག་སྦེ་འགྱོ་ཡི་ལོ། ལ་ཐོག་ཁར་འབག་སྦེ་ [མཱན་བྱིམ་བྱིམ་ཉི་?]ཁོ་གིས་ ཙི་ཡང་་་ ཙི་ཡང་་་བཏང་དྲངས་དྲངསམ་མས། ལ་ཐོག་ཁར་འབག་ཏེ་མི་གུ་བསྒྱུར་སྦེ་ དངུལ་གྱི་མེ་ཏོག་ལྷ་པ་གུར་དབུར་བྱིན་སྦེ་ མི་གུ་འགྱུརཝ་ད་ལུ་ ཁྱོད་ང་འ་ནཱི་བཟུམ་བཟོ་སྟེ་ཁྱོད་ ང་ག་ཅི་འབད་བསྐྱལ་བཞག་བཞགཔ་སྨོ་ཟེར་ རྟས་ཐག་དྲངས་ཡི་ལོ།
  • དངོས་གྲུབ་ོ
    དྲངས་སྦེ་ དེ་ལས་རྐྱངམ་ཅིག་ལོག་སྟེ་འཁྱིད་འབག་སྦེ་ ཡ་་་་ ཁྱེད་ཀྱི་མི་ སེམས་ཅན་སྦེ་སྡོད་ནུག ང་གིས་མི་བཟོ་ཡི་སྨེ་ཟེར་ ལོག་འཁྱིད་འོང་བྱིན་སྦེ་ ཁོ་གི་ཅ་ལ་ཚུ་འབག་ཤོག་སྨ་རེད་ཟེར་ འ་ནཱི་བུམོ་འདི་ལུ་སླབ་སྦེ་ ངེའི་ཅ་ལ་འ་ནཱི་ཡོད་ ཨ་ནཱ་ཡོད་འབག་ཤོག་སྨེ་ཟེར་ ཅ་ལ་ཚུ་ག་ར་ཚུར་ལེན་སྦེ་ ཁོ་ར་འདི་ འ་ནཱི་སྦེ་བཤལ་སྡོད་ཅི་ཟེར་ སྲུང་གཏང་དེས། ཧེ་ཧེ་ཧི་་་་་་་།། །།