Video Overview
Dorjé from Chakor village in Repgong tells the story of how one king lost his entire kingdom in a bet over a groom's faithfulness.
འདིར་རྒྱལ་བོ་ཞིག་གིས་རང་གི་རྟ་རྫིས་རྫུན་མི་ལབ་པ་དེ་རྒྱལ་པོ་གཞན་ཞིག་དང་རྒྱལ་བཞག་ནས་མཐར་རྒྱལ་སའང་ཤོར་སོང་བའི་གཏམ་རྒྱུད་བརྗོད་ཡོད།
བརྙན་འདིར་རྒྱལ་པོ་ལུང་སྟོད་ཀྱི་རྫུན་མི་ལབ་པའི་རྟ་རྫི་ཞིག་གི་གཏམ་རྒྱུད་བརྗོད་ཡོད་ལ། རེ་ཞིག་ལུང་སྟོད་རྒྱལ་བོ་དང་ལུང་སྨད་རྒྱལ་པོ་གཉིས་མཛོམས་པའི་སྐབས་ཁོང་གཉིས་ཀྱིས་འཛམ་གླིང་འདི་ན་རྫུན་མི་ལབ་པའི་མི་ཞིག་ཡོད་རྒྱུ་མ་རེད་ཟེར་ནས། ལུང་སྟོད་རྒྱལ་བོས་ངེད་ཚང་གི་རྟ་རྫིས་རྫུན་མི་བཤད་ཟེར། དེ་ནས་ཁོང་གཉིས་ཀྱིས་རང་རང་གི་རྒྱལ་ས་དཔངས་ལ་བཞག་ནས་རྒྱན་འཇོག་བྱས། ལུང་སྨད་རྒྱལ་བོས་རང་གི་བཙུན་མོ་དེ་རྟ་རྫི་ཚང་ལ་འགྲོ་རུ་བཅུག་ནས་ནད་ཅིག་ཡོད་ཁུལ་བྱས་ཏེ། ངེས་པར་ཏུ་རྟ་དེའི་སྙིང་དགོས་ཟེར་ནས་རྟ་རྫིས་མོ་ལ་བྱིན། དེ་ནས་ཕྱིར་ཕོ་བྲང་ལ་ལོག་རྗེས་རྟ་རྫིས་དོན་དངོས་དེ་རྒྱལ་བོར་བཤད་པས། ལུང་སྨད་རྒྱལ་བོ་ཕམ་ནས་རང་གི་རྒྱལ་སའང་ལུང་སྟོད་རྒྱལ་བོ་ལ་སྤྲད་པ་ཡིན།
这段故事讲了一位国王的马夫从来都不会骗人,另外一位国王却不信,为了打赌把王位都丢了 。
这段视频讲述了龙多国王有一匹很了不起的马和一个从来不会说谎的马夫。有一次跟龙迈国王聊天时,问起国王说这世上会不会有不会说谎的人,龙多国王说他的马夫从来不会说谎,龙迈国王说这世上不可能有不说谎的人,然后他们就打赌。龙迈国王让自己妃子去找马夫,然后就开始装病要了那匹马的心脏。等回宫后马夫如实地把事情的经过告诉了国王。愿赌服输,那位国王把之前说好的一切都给了他。
- གནའ་སྔ་མོ་ཞིག་ལ་ལུང་སྟོད་རྒྱལ་བོ་དང་ལུང་སྨད་རྒྱལ་བོ་ཟེར་བ་གཉིས་ཡོད།
- ཁོ་གཉིས་ཀ་ལུང་བའི་སྟོད་སྨད་གཉིས་ན་ཡོད་པ་དང་ཁོ་གཉིས་ནི་གྲོགས་པ་ཡིན།
- དེ་ནས་ཉིན་ཞིག་ལ་ལུང་སྟོང་རྒྱལ་བོ་ལུང་སྨད་རྒྱལ་བོ་ཚང་ལ་ཡོང་ནས།
- ཁོ་གཉིས་ཀྱིས་ཁ་བརྡ་དགོས་མི་དགོས་མང་པོ་བཤད་ནས།
- བར་སྐབས་ཤིག་ལ།
- འཇིག་རྟེན་འདི་ན་རྫུན་མི་སྨྲ་བའི་མི་ཞིག་ཡོད་རྒྱུ་མ་རེད་ཅེས་བཤད།
- ལུང་སྟོད་རྒྱལ་བོས་དེ་ལྟར་བཤད།
- དེ་འདྲ་ཞིག་ཡོད་ནི་མ་རེད་ཅེས་བཤད་པ་ན།
- ངའི་རྟ་རྫི་ཡིས་རྫུན་མི་བཤད།
- དེ་མ་གཏོགས་ཤེས་པ་མ་རེད།
- ལུང་སྨད་རྒྱལ་བོས་དེ་ལྟར་བཤད།
- དེ་ན་གལ་ཏེ་རྫུན་བཤད་ཅི་བྱེད།
- རྫུན་བཤད་ཚེ་ངའི་རྒྱལ་ས་ཁྱོད་ལ་བྱིན་པ་ཡིན།
- རྫུན་མ་བཤད་ན་ཁྱོད་ཀྱི་རྒྱལ་ས་ང་ལ་སྤྲོད་དམ།
- སྤྲོད་རྒྱུ་ཡིན་ཞེས་དེའི་ཉིན་ལ་ཐག་གིས་བཅད།
- དེ་ནས་ཕྱིར་ཡུལ་ལ་སོང་ནས་བཙུན་མོ་ལ་དེ་རིང་ངས་རྒྱལ་ཆེན་པོ་ཞིག་བཞག་ཅེས་བཤད།
- ཅི་ཞིག་ཡིན་ཞེས་དྲིས་པ་ན།
- ལུང་སྨད་རྒྱལ་བོས་ཁོའི་རྟ་རྫིས་རྫུན་མི་བཤད་ཟེར།
- ངས་འཇིག་རྟེན་ན་རྫུན་མི་བཤད་པའི་མི་ཡོད་ནི་མ་རེད་ཅེས་བཤད་ཀྱང་།
- རྫུན་མི་བཤད་ཟེར། དེ་ནས་རྒྱལ་ས་གཉིས་ཀ་དཔང་ལ་བཞག
- དེ་སླ་མོ་རེད། ང་རང་ཁྱོས་གདའ་ཁུལ་བྱས་ནས། རྟ་རྫིའི་ཁྱིམ་ལ་སོང་ནས།
- རྟ་སེར་པོ་གསེར་ལྡན་ཞེས་པའི་རྟ་མཆོག་ཅིག་ཡོད།
- རྟ་དེའི་སྙིང་མེད་ན་ངའི་ནད་དྲག་ཐབས་མེད་ཅེས་བཤད་ན་ང་ལ་སྟེར་སྲིད།
- དེ་བཤད་ཐུབ་བམ་ཞེས་བཤད་པ་ན།
- དེ་བཟང་གི ངའི་འདི་རྒྱལ་ཆེན་པོ་རེད་ཟེར།
- དེ་ནས་ལུང་སྟོད་རྒྱལ་བོའི་བཙུན་མོ་དེ་ལྡམ་མ་ལྡོམ་མེར་བུད་སོང་།
- ལུང་སྨད་རྒྱལ་བོའི་རྟ་རྫིའི་མདུན་དུ་སོང་།
- རྟ་རྫི་ལ་ཆུང་མ་མེད།
- དེར་སོང་ནས་ཁྱོད་གང་དུ་འགྲོ་འམ་ཞེས་དྲིས་པ་ན་ང་ལུང་སྟོད་རྒྱལ་པོའི་བཙུན་མོ་ཡིན།
- མོ་རང་གདའ་ཟིན་པ་རེད། ཆུང་དུས་སུ་འདང་ཡོད་ཁུལ་བྱས་ནས་དེ་ལྟར་བསྡད་མོད།
- ད་ལྟ་ཁྱོད་མི་དགོས་ཞེས་ནས་གདའ་བ་རེད།
- ད་ང་རང་ལྡོམ་དུ་འགྲོ་བ་ཡིན་ཞེས་བཤད་པ་ན།
- ལུང་སྟོད་རྒྱལ་བོ་དང་ལུང་སྨད་རྒྱལ་བོ་གཉིས་འདི་འདྲའི་གྲོགས་པོ་རེད།
- ཁྱོད་འགྲོ་ས་ཡོད་ནི་མ་རེད།
- ཁྱོད་འདིར་སྡོད་དང་སང་ཉིན་ཁྱོད་ཀྱི་རྗེས་ལ་ཡོང་ནི་རེད་ཅེས་བཤད།
- དེའི་ནང་ནས་ཞག་གི་བསྡད།
- ཉིན་འགའ་འགོར་ཡང་མོའི་རྗེས་ལ་ཡོང་མཁན་མ་ཡོང་། མོ་རང་ན་གི་ཟེར།
- ད་ཅི་བྱེད། ངའི་འདི་ན་སྨན་ཡང་མེད་ཅེས་བཤད་པ་ན།
- སྨན་ཞིག་ཡོད་ཀྱང་། ཁྱོའི་སྟེར་ཐུབ་ནི་རེད་ཟེར།
- སྨན་ཡོད་ན་ཅིའི་ཕྱིར་སྟེར་མི་ཐུབ་བམ་ཞེས་བཤད།
- ཁྱོད་ཀྱི་རྟའི་གྲས་ནས་རྟ་སེར་བོ་གསེར་ལྡན་ཞེས་པའི་རྟ་དེའི་སྙིང་བྱིན་ཚེ་མོ་རང་དྲག་ཐུབ།
- དེ་མིན་ཚེ་དྲག་ཐབས་མེད།
- ཁྱོད་ཀྱིས་སྨན་དང་སྨན་པ་གཞན་ཞིག་ཡོད་ཀྱང་དྲག་ཐབས་མེད་ཟེར།
- ཁོས་འདང་ཞིག་བརྒྱབ་ནས།
- མི་དང་རྟ་གཉིས་ནས་མི་གལ་ཆེ་བསམས་ནས།
- དེ་ནས་རྟའི་སྙིང་བྱིན་ནས།
- མོས་ཀྱང་དེ་ཟ་ཁུལ་བྱས་ནས།
- རྟ་སེར་བོ་སར་ལྡན་གྱི་རྔ་མ་ཁྱེར་ན་ཕྱིར་ཡུལ་ལ་སོང་།
- ཡུལ་ལ་སོང་ནས་གནས་ཚུལ་བཤད་པ་ན།
- ལུང་སྟོད་རྒྱལ་བོ་དེ་ལུང་སྨད་རྒྱལ་བོའི་མདུན་ལ་སོང་།
- རྟ་རྫི་ཡིས་ངས་འདི་འདྲ་ཞིག་བྱས།
- རྟ་འདི་ནི་རིན་པོ་ཆེ་ཡིན་པས།
- རྒྱལ་བོ་ལ་རྫུན་བཤད་ན་བཟང་ངམ།
- རྟ་འདི་ལྟར་བསད་ཟིན་པའི་དོན་དངོས་བཤད་ན་བཟང་ངམ་སྙམ་ནས།
- ཁོས་ཕྱང་བ་དེ་ལྟེབ་ནས་མར་ཕྱོགས་དེ་ནས་བསླངས་ནས།
- ཁོ་རང་རྒྱལ་བོ་ཡིན་ཁུལ་བྱས་ནས་ཡར་ཕྱོགས་ནས་བཙོག་ནས།
- ཡ་་་་་རྟ་རྫི། རྟ་སེར་བོ་སེར་ལྡན་དང་རྟ་བརྒྱ་བོའི་སྐུ་ཁམས་བདེ་འམ་ཞེས་བཤད།
- བདེ་བ་ལགས་ཞེས་བཤད་པ་ན་ཕྱང་བ་ལོག་སོང་།
- འགྲིག་གི་མེད་གི་ཞེས་ནས་ཕྱིང་བ་ཕྱིར་བསླངས་ནས།
- ཕྱིར་ཡོང་ནས། ཡ་་་་་རྟ་རྫི།
- རྟ་སེར་བོ་གསེར་ལྡན་དང་རྟ་བརྒྱ་བོའི་སྐུ་ཁམས་བདེ་འམ་ཞེས་བཤད་པ་ན།
- མི་བདེ་ལགས་ཞེས་བཤད།
- ཅི་ཞིག་བྱུང་སོང་ངམ་ཞེས་དྲིས་པ་ན།
- ལུང་སྟོད་རྒྱལ་བོའི་བཙུན་མོ་ཡུལ་ལ་འགྲོ་བའི་ལམ་བར་དུ་ཁོའི་ནང་ནས་བསྡད་པ་དང་མོ་རང་ན་བས།
- དེ་ནས་མོའི་ནད་དེ་རྟ་སེར་བོ་སེར་ལྡན་གྱི་སྙིང་མེད་ན་དྲག་ཐབས་མེད་ཟེར།
- ངས་རྟའི་སྙིང་མོ་ན་བྱིན་པས་རྟ་མི་མཚམས་ཟེར།
- ལུང་སྟོད་རྒྱལ་བོའང་ཐོན་འདུག
- གལ་ཏེ་རྫུན་བཤད་ཚེ་རྟའི་རྔ་མ་དེ་སྟོན་རྒྱུ་རེད།
- དེ་ནས་ལུང་སྟོད་རྒྱལ་བོས་ངོ་ཤོར་བ་དང་།
- རྒྱལ་ས་ཤོར་སོང་བ་རེད།
- རྟ་རྫི་ལུང་སྟོད་རྒྱལ་བོར་བཞག་པ་དང་།
- ཁོ་རང་ལུང་སྨད་རྒྱལ་བོ་བྱས་ནས་བསྡད་པ་ཡིན་ཞེས་པའི་བཤད་ཚུལ་ཡོད།