Skip to main content Skip to search
17 Aug 2018
10 min 36 sec
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • ཀུལ་མཱན་
    ཨ་ཞེམོ་འདི་ཕྱུག་པོའི་རིགས་ བཟའ་འཐུང་ཡང་ལངམ་སྦེ་ཡོདཔ་མས། ནུམོ་འདི་སྔུ་ཡི་སྔུ་ཡི་ ཨ་ནཱི་ཚལ་མ་ནང་གི་ཟྭོ་ཆག་ བཟའ་ནི་གི་འོང་བ་ཏེ་མེན་ན? ཟྭོ་ཆག་འཐུ་བར་ཡར་སོ་ནུག་ལོ་ཙེའུ་འབག་སྦེ་ ཕྱི་རུ་གི་ལྟོ་ དྲོ་པ་གི་ལྟོ་ ཨ་ནཱི་སྦེ་ར་ཟ་སྟེ་ དབའེ་ཁྱོད་ག་ཏེ་འགྱོཝ་སྨོ་ཟེརཝ་ད་ ཨ་ཞེམོ་ ང་བཅས་ལྟ་མ་བཟའ་ནི་ཡང་མེད་ ཟྭོ་ཆག་འཐུ་བར་འགྱོཝ་ཨིན་ཟེར་སླབ་སླབ་ཨིན་ལོ། དབའེ་ངེའི་མགུ་ཏོ་གི་ཤིག་ལྟ་ཤིག
  • ཀུལ་མཱན་
    ང་གི་མགུ་ཏོ་གི་ཤིག་དང་སོ་མ་ག་ར་བཏོན་བཀོ་ད་ ཕྱེ་བྲེ་གང་བྱིན་གེ་སྨེ་ ཟེར་སླབ་དེས་ལོ་ ཨ་ཞེམོ་གིས། ཕྱེ་བྲེ་གང་བྱིན་གེ་སྨེ་ ཟེར་སླབ་དེས་ལོ། ང་གི་མགུ་ཏོག་ཁའི་ཤིང་ལྟ་ཤིག དེ་ལས་ ཕྱེ་བྲེལ་གང་བྱིན་གེ་ཟེར་སླབ་ནུག དེ་ལས་ག་ར་འཐུ་ད་ཡི་ ད་མེད་ ཁྱོད་ཀྱི་སྐྱ་ག་ར་གྱངས་ཁ་རྐྱབ་ཚར་ཡི་ཟེར་སླབ་ནུག དེ་ལས་ཨ་ཞེམོ་གིས་ གཅིག་སེན་མོ་ནང་བཙུགས་བཞག་ནུག་ལོ།
  • ཀུལ་མཱན་
    དེ་ལས་ མོ་གི་མགུ་ཏོག་ཁ་ལས་ཀྲེགཔ་ད་ གཅིག་ཐོབ་ནུག དེ་ལས་ ད་ང་མི་བྱིན་ཁྱོད་ལུ་ཟེར་ བྱིན་མ་བཏུབ་པས་ ཏེ་མོ་སྔུཝ་སྦེ་འགྱོཝ་ད་ མོ་གི་བསོད་བདེ་བསོད་ནམས་འོང་ནུག་ལོ། དོམ་གྱིས་ ཁྱོད་ག་ཅིག་འབད་སྔུཝ་སྨོ་ ཟེར་དྲིས་ནུག
  • ཀུལ་མཱན་
    ཏེ་ཁྱོད་སྔུ་མི་དགོ་ ཟྭོ་ཆག་ཡང་བཏོག་མི་དགོ་ ང་འབག་འགྱོ་སྨ་རེད་ ཟེར་སླབ་ནུག དེ་ལས་འབག་ཐལ་མ་ཐལཝ་སྦེ་འབག་ ཁྱིམ་ནང་ལྷོད་ནུག་ལོ། དེ་ལས་ ཟུར་བཞི་ཆ་རང་[བྱི་?]རྐྱབ་ དེ་ལས་དཀར་མེ་ཕུལ་སྦེ་ ཁྱོད་ར་ཡར་སོང་ ཟེར་སླབ་ནུག
  • ཀུལ་མཱན་
    ཏེ་དྲོ་པ་ཤོག་སྨ་རེད་ དེ་ལས་དྲོ་པ་འོངམ་ད་ དཀར་མེ་ཡང་འདུག་ལོ་ དེ་ལས་ ཏི་རུ་སྤུང་བཞག་སྦེ་ དོམ་འདི་ག་ཏེ་བྱོག་འགྱོ་ཡི་ག་མིན་འདུག་ལོ། དེ་ལས་མོ་གི་ཨ་ལོ་ལུ་ ཨ་ལོ་ ཨམ་ཅུམ་འབད་སར་སོང་སྦེ་བྲེ་འབག་ཤོག ད་ང་བཅས་ འདི་སྤུངས་བཞག་དགོ་ཟེར་སླབ་ནུག
  • ཀུལ་མཱན་
    དེ་ལས་ཨམ་ཅུམ་བྲེ་གནང་ལོ་ཟེར་སླབ་ད་ དེ་ལས་མོ་གིས་ མ་འབདན་བྲེ་ལེན་ནི་རང་མེད་ ག་ཅི་འཇལ་ནི་ཨིན་ན་མནོ་ བྲེ་དེ་གི་འོག་ལས་ནོར་གྱི་ཨ་ཝ་སྦྱར་བཏང་ནུག དེ་ལས་ ཏི་རུ་འདི་འཇལ་ཡི་ར་བླུགས་བཞག་ནུག་ལོ།
  • ཀུལ་མཱན་
    དེ་ལས་ ཨ་ལོ་སོང་ ཨམ་ཅུམ་གྱི་བྲེ་སྐྱེལ་སོང་ ཟེར་བཏང་ནུག དེ་ལས་ ཨ་ཞེམོ་གིས་བལྟཝ་ད་ཏི་རུ་མཐོང་སྟེ་ མོ་སྔུ་ཡི་རང་འོང་ནུག ཁྱོད་ཀྱིས་ཏི་རུ་མཇལ་ནུག ཏི་རུ་འདི་བཟུམ་ལེ་ཤ་ག་ཏེ་ལས་ཐོབ་ཅི་ ཟེར་སླབ་ནུག
  • ཀུལ་མཱན་
    ཧེ་མ་གི་ལན་རྐྱབ་ནི་འབད་ ཏེ་ང་འདི་ཨ་ཞེམོ་གི་ཕྱེ་བྲེ་གང་མ་བྱིནམ་ལས་ སྔུ་ཡི་ར་ཟྭོ་ཆག་བཏོག་སྡོདཔ་ད་ དོམ་ཅིག་གིས་བྱིན་ཡི་ ཟེར་སླབ་ནུག ཐད་རི་བ་རི་ཨིན་ན་ནུམོ་ཟེརཝ་ད་ ཨིན་ཨ་ཞེམོ་ཟེར་སླབ་ནུག
  • ཀུལ་མཱན་
    དེ་ལས་ མོ་གིས་ཡང་ཕྱི་རུ་སྔུ་ཡི་རང་ ནུམོ་ག་ཏེ་འགྱོ་སར་སོང་ནུག་ལོ། ད་རུང་དོམ་འདི་ཙིགཔ་ཟ་སྟེ་ ག་ཅི་འབདཝ་སྨོ་ ཟེར་སླབ་ནུག ཏེ་མོ་གིས་ ང་ཁྱིམ་ནང་བཟའ་ནི་མེད་ཟེར་སླབ་ནུག ཟྭོ་ཆག་མ་བཏོག་ ང་འབག་ཟེར་སླབ་ནུག དེ་ལས་མོ་གིས་དོམ་འདི་འབག་ དོམ་གྱི་ཨ་ཝ་བཏང་ཡི་རང་ཁྱིམ་ནང་ལྷོད་ནུག
  • ཀུལ་མཱན་
    དེ་ལས་ ཁྱིམ་ཟུར་བཞིཔོ་ཆ་ར་[བྱི་?]རྐྱབ་ དཀར་མེ་ཕུལ་སྦེ་ཁྱོད་རང་ཡར་སོང་ ཟེར་སླབ་ནུག ནངས་པར་ཤོག་སྨ་རེད་ ཟེར་སླབ་ནུག དེ་ལས་དྲོ་པ་སྒོ་ཕྱེཝ་ད་ ཟུར་བཞིཔོ་ཆ་ར་ཨ་ཝ་སྤུངས་བཞག་ནུག་ལོ། ག་ཅི་གིས་བཏང་ཡི་ག་མ་ཤེས་པས།
  • ཀུལ་མཱན་
    དེ་ལས་ ཨ་ཞེམོ་སྤྱང་ཀ་སྤྱང་ཀ་འགྱོ་ དེ་ལས་ནུམོ་གི་ཁྱིམ་ནང་ལས་ལྷང་བཟའ་དགོཔ་ཐལ་ནུག དེ་ལས་ནུམོ་གིས་ ཧེ་མ་ཁྱོད་ཀྱིས་ ཉིམ་གཅིག་ཤི་བལྟ་བཅུག་སྦེ་ ཕྱེ་བྲེ་གང་ཡང་མི་བྱིན་ དེ་འབདཝ་ད་ ད་རེས་ཁྱོད་ར་ག་འབག་ཚུགས་ཚུགསཔ་ཅིག་འབག་ཟེར་ བྱིན་བཏང་ནུག དེ་ལས་ནུམོ་འདི་ ཉིམ་གཅིག་བ་ཉིམ་གཅིག་ཕྱུགཔོ་དང་ ཨ་ཞེམོ་འདི་ཉིམ་གཅིག་བ་ཉིམ་གཅིག་སྤྱང་ཀ་ཐལ་སོ་ནུག། །།