Skip to main content Skip to search
18 Jan 2016
4 min 9 sec
Bradley Aaron
Video Overview
Creators: 
Sherig Dhentshog

Sonam Dupba from Yarjeywoong Gewog (county) in Pemagatshel Dzongkhag (district) narrates about a lake found under a huge rock that measures around 12 fathoms (22 metres). Half of the rock is covered by the lake, the other half is dry land. Pilgrims later discovered an imprint of Guru Rinpoche's face along with a hat. The place is considered sacred and later on, other people discovered more sacred objects like a chorten and dungkar inside the rock.

 

༉  ནོར་བུ་ལྷ་མོ་འདི་ པདྨ་དགའ་ཚལ་རྫོང་ཁག་ སྐྱེ་རུང་གཡུས་ཚན་ལས་ཨིནམ་ད་ ང་བཅས་ར་ དང་ཕུ་ལས་གཏམ་དང་སྲུང་གཏང་ནི་གི་ལུགས་སྲོལ་ཡོད་དོ་བཟུམ་སྦེ་ ནོར་བུ་ལྷ་མོ་གིས་ཡང་ རོགས་གཞན་ལུ་ཕྲག་དོག་འབད་མ་བཏུབ་པའི་སྐོར་ལས་སྲུང་ཅིག་གཏངམ་ཨིན་པས། སྲུང་འདི་ནང་ ཨ་ཞེམོ་དང་ནུ་གཅུང་གཉིས་ཤིག་བལྟ་སྡོད་པའི་སྐབས་ ཨ་ཞེམོ་དེ་ཕྱེན་ཤོར་སོངཔ་ལས་བརྟེན་ ནུ་གཅུང་གི་གདོང་ཁར་ངོ་ཚ་སྟེ་ ཤུལ་ལས་དེ་སྦེ་ཕྱེན་ཤོར་ནི་མེདཔ་སྦེ་བཟོ་གནང་དགོཔ་སྦེ་ ལྷ་ལུ་གསོལཝ་བཏབ་འབད་མི་དེ་ལུ་མོ་ར་གི་ཆ་རོགས་དེ་ཡང་ དེ་སྦེ་མོ་བཟུམ་སྦེ་ཕྱེན་ཤོར་ནི་མེདཔ་སྦེ་ལྷ་ལུ་གསོལཝ་བཏབ་ད་ལུ་ ཆ་རོགས་དེ་ཕྱེན་ཧེང་སྐལ་ར་ ཧེ་མ་ལས་ལྷགཔ་སྦེ་ཕྱེན་ཤུགས་གཏང་མི་ཅིག་ལུ་གྱུར་ཏེ་ ཤུལ་ལས་ མནའམ་འགྱོ་རུང་ཕྱེན་དེ་ལས་བརྟེན་ རྨགཔ་གི་ཨ་པ་དང་ཨའི་གིས་བདའ་བཏང་བཏངམ་ཨིན་ཟེར་བའི་སྲུང་དེ་གཏངམ་ཨིན་པས། སྲུང་འདི་གི་བཅུད་དོན་དེ་ཡང་ གཞན་ལུ་ཕྲག་དོག་བསྐྱེད་མ་བཏུབ་པའི་སྐོར་ལས་སྟོནམ་ཨིན་པས།

Transcript search
No results found for this search
0 of 0
  • ནོར་བུ་ལྷ་མོ་/ Norbu Lhamo:
    ལགས་སོ་ དང་ཕུ་དང་ཕུ་ལགས། ཁོང་སྤུན་ཆ་གཉིས་སྡོད་སྡོདཔ་མས་ལགས། སྤུན་ཆ་གཉིས་ལས་ སྤུན་ཆ་གཉིས་ ཁོ་རའི་ ཨ་ཞེམོ་གྱིས།
  • ནོར་བུ་ལྷ་མོ་/ Norbu Lhamo:
    ནུ་གཅུང་གུ་ ཤིག་བལྟ་སྦེ་སྡོདཔ་ད་ ཨ་ཞེམོ་གྱིས་ ཕྱེན་ཤོར་སོང་ནུག་ ཕྱེན་ཤོར་སྟེ་ལགས་ ཨ་ཞེམོ།
  • ནོར་བུ་ལྷ་མོ་/ Norbu Lhamo:
    ནུ་གཅུང་གི་གདོང་ཁར་ ཕྱེན་ཤོར་སོང་ཡི་ཟེར་ ངོ་མཚར་ཏེ་ སྡོད་མ་ཚུགས་པར།
  • ནོར་བུ་ལྷ་མོ་/ Norbu Lhamo:
    ག་ཅི་ཨིན་ན་ འདི་བཟུམ་ཟེར་ ལྷ་ལུ་གསོལ་བཏབ་པར་སོང་ནུག། འདི་བཟུམ་སྦེ་ ཡར་སོང་ཡི་ ག་ཅི་ཨིན་ན་ཟེར།
  • ནོར་བུ་ལྷ་མོ་/ Norbu Lhamo:
    གསོལཝ་བཏབ་པར་སོང་སྟེ་ འ་ནཱི་ཨ་ཞེམོ་དེ་ ཕྱེན་ཤོར་ནི་ར་མེད་སྦེ་ བཟོ་ད་ནུག་ལྷ་གིས། བཟོ་ཞིནམ་ལས་
  • ནོར་བུ་ལྷ་མོ་/ Norbu Lhamo:
    ནངས་པ་ཟེརཝ་ད་ མོ་རའི་གཡུས་ཁར་ ཆ་རོགས་ཅིག་སྡོད་སྡོདཔ་མས། འ་ནཱི་ ཆ་རོགས་ཀྱིས་ དབའི་ག་དེ་སྨོ་ ཁྱོད་ འདི་བཟུམ་བཟོ་ད་ནུག་ཏེ་
  • ནོར་བུ་ལྷ་མོ་/ Norbu Lhamo:
    ཨའེ་ ང་འདི་ ང་རའི་ ནུ་གཅུང་དང་གཅིག་ཁར་ དེ་སྦེ་སྡོདཔ་ད་ འདི་བཟུམ་ཐོན་སོང་སྟེ་ ལྷ་ལུ་གསོལ་བཏབ་པར་སོང་ཡི་ཟེར་ སླབ་ད།
  • ནོར་བུ་ལྷ་མོ་/ Norbu Lhamo:
    སླབ་ཞིནམ་ལས་ དེ་ལས་དབའི་ ང་ཡང་འགྱོ་དགོ་པས། ག་དེ་སྦེ་སྨོ་ཟེར་ སླབ་སྟེ་ མོ་རའི་ ནུ་གཅུང་གི་ ཤིག་བལྟ་ནུག་ འ་ནཱི་ཨ་ཞེམོ་དེ།
  • ནོར་བུ་ལྷ་མོ་/ Norbu Lhamo:
    སོ་སོར་ཨ་ཞེམོ་འདི་ བལྟཝ་ད་ ཕྱེན་མ་པ་ལས་ར་ འོང་མ་བཏུབ་པས་ འ་ནཱི་ཨ་ཞེམོ་འདི་ ཕྱེན་མ་པ་ལས་འོང་མ་བཏུབ་པར།
  • ནོར་བུ་ལྷ་མོ་/ Norbu Lhamo:
    རྩ་འགེངས་སྟེ་ར་ ཕྱེན་བཏང་སྟེ་ མོ་གིས་ ལྷ་འབད་སར་ གསོལཝ་བཏང་ནི་ཟེར་ ལྷ་འབད་སར་སོང་ནུག།
  • ནོར་བུ་ལྷ་མོ་/ Norbu Lhamo:
    འགྱོཝ་ད་ ལྷ་གིས་ དེ་བཟུམ་སྦེ་མཁྱེན་ནུག་ ལྷ་གིས་ ཕྱེན་འདི་མེདཔ་བཟོ་ནི་མེན་པར་ ཧེང་སྐལ་ ཕྱེན་ཤུགས་བཏང་ནི་སྦེ་ བཟོ་བཞག་ནུག་ འ་ནཱི་ཨ་ཞེམོ་དེ།
  • ནོར་བུ་ལྷ་མོ་/ Norbu Lhamo:
    སོ་སོར་ཨ་ཞེམོ་འདི་བཟུམ་བཟོ་སྟེ་ ད་ག་ཅི་ཨིན་ན་ཟེར་ ང་འདི་བཟུམ་ མངམ་སྦེ་བཟོ་ནུག་ཟེར་ ང་འདི་མི་བཏུབ་པས་ཟེར་ ད་རུང་ མོ་རྔུ་སྟེ་ སྡུག་བསྔལ་ཕོག་སྟེ་ དེ་སྦེ་འགྱོ་སྡོདཔ་ད།
  • ནོར་བུ་ལྷ་མོ་/ Norbu Lhamo:
    ཚར་གཅིག་འབདཝ་ད་ མོ་ གནའ་མར་ ལྷང་པར་འོང་ནུག
  • ནོར་བུ་ལྷ་མོ་/ Norbu Lhamo:
    བུཚུ་ཅིག་གནའམ་ལྷང་པར་འོང་སྟེ་ ང་འདི་ དེ་བཟུམ་གྱི་དཀའ་ངལ་ཡོད། ཕྱེན་གནམ་མེད་ས་མེད་ཤུགས་འོང་སྟེ་ འདི་བཟུམ་གྱི་ དཀའ་ངལ་ཡོད་ཟེར་ མོ་གིས་ ཉན་མ་བཏུབ་རུང་ ཁོང་གིས་ ཁྱད་མས་ཟེར་ སླབ་སྟེ་ར་འཁྱིད་སོང་ནུག
  • ནོར་བུ་ལྷ་མོ་/ Norbu Lhamo:
    སོང་ཞིནམ་ལས་ ཕར་ གནའམ་སྦེ་སོང་ཞིནམ་ལས་ གནའམ་ཨ་ཞང་དང་ཨ་ནེ་གི་ ཁྱིམ་ནང་ལྷོདཔ་ད་ མོ་སྤར་ར་མ་སྤར་བར་ ས་ཁར་ར་སྡོད་སྡོདཔ་མས།
  • ནོར་བུ་ལྷ་མོ་/ Norbu Lhamo:
    དེ་ལས་ རྨགཔ་གིས་ སླབ་སླབ་མས། ག་དེ་སྦེ་སྨོ་ཁྱོད་དེ་ ཨ་པ་དང་ ཨ་མ་འདང་ རང་འཐག་བསྒྱིར་རུང་ ཁྱོད་འདི་ སྣང་དག་ར་མིན་འདུག་ ཤིང་དང་ཆུ་ལེན་པར་འགྱོ་རུང་ སྣང་དག་རང་མིན་འདུག
  • ནོར་བུ་ལྷ་མོ་/ Norbu Lhamo:
    ཨ་ཙི་ཅིག་ རང་འཐག་ཆ་རོགས་འབད་ ཨ་ཙི་ཅིག་སོང་ རང་འཐག་ཆ་རོགས་འབད་བར་ཟེར་ སླབ་སྟེ་
  • ནོར་བུ་ལྷ་མོ་/ Norbu Lhamo:
    རང་འཐག་བསྒྱིར་ཟེར་འགྱོཝ་ད་ མོ་རའི་ ཕྱེན་འདི་ མོ་གཟུགས་སྤརཝ་ད་ ཕྱེན་ཤོར་ཏེ ཨ་ནེ་དང་ རང་འཐག་གཉིས་ཆ་རང་ འཕྱག་བདའ་སྟེ་ སྒོའི་རྒྱབ་ཁར་བཀལ་ད་ནུག་ཟེར་ སླབ་ཨིན་པས་་ གནའམ་གྱིས་ ཕྱེན་ཤོར་ཏེ་སྦེ།
  • ནོར་བུ་ལྷ་མོ་/ Norbu Lhamo:
    ཏེ་འ་ནཱི་འབག་སོང་སྟེ་ བླ་མ་མཁྱེན་ནོ་ གནའམ་ཁྱོད་བཟུམ་འདི་ མིན་དགོ་ ང་བཅས་འདི།
  • ནོར་བུ་ལྷ་མོ་/ Norbu Lhamo:
    འདི་བཟུམ་འབད་དེ་ གསད་ནི་ཨིན་མས། ཨ་ཞང་དང་ཨ་ནེ་ཟེར་ ལོག་སྟེ་བདའ་བཏང་ད་ནུག།
  • ནོར་བུ་ལྷ་མོ་/ Norbu Lhamo:
    བདའ་བཏངམ་ལས་ རྔུ་སྟེ་ ལོག་ཁྱིམ་ནང་སོང་སྡོདཔ་ད་ སྒོམ་ཆེན་ཅིག་ཕྱེད་ཅིག་ཟེར་ཨིན་པས།
  • ནོར་བུ་ལྷ་མོ་/ Norbu Lhamo:
    སྒོམ་ཆེན་ཅིག་ དཔེ་ཆ་སྤོ་ཏི་གཅིག་བསྣམས་སྟེ་ རྔ་ ཕྱག་ལྟག་གུ་བཀལ་ཏེ་ ཕྱེད་འཕྱད་དཔ་ཨིན་པས་ལམ་ཁར།
  • ནོར་བུ་ལྷ་མོ་/ Norbu Lhamo:
    ནུམོ་ཁྱོད་ག་ཏེ་འགྱོཝ་སྨོ་ཟེརཝ་ད་ ང་ཁྱིམ་ནང་ ལོག་འགྱོ་དོ་ཟེར་ སླབ་དེས་ལོ་ ག་ཅི་སྦེ་ ལོག་འགྱོཝ་སྨོ་ཟེརཝ་ད།
  • ནོར་བུ་ལྷ་མོ་/ Norbu Lhamo:
    ང་འདི་བཟུམ་ཅིག་ཨིན། དཀའ་ངལ་འདི་བཟུམ་ ཕྱེན་གྱི་དཀའ་ངལ་འདི་བཟུམ་ཡོདཔ་ཡོད། རོགས་ཀྱིས་བདའ་བཏང་ཡི་ཟེར་ གཏམ་བཤད་དེ་ སླབ་ད།
  • ནོར་བུ་ལྷ་མོ་/ Norbu Lhamo:
    དེ་ལས་ སྒོམ་ཆེན་གྱིས་ བླ་མ་ ཕྱེན་གྱིས་ མི་འཕྱག་ཚུགས་མི་འདི་ ག་ཏེ་ལུ་ཡང་མི་འོང་ ཡ་ཁྱོད་ཀྱི་ ཕྱེན་བཏང་ད་ཟེར་ སླབ་ནུག་ ཨའེ་སྒོམ་ཆེན།
  • ནོར་བུ་ལྷ་མོ་/ Norbu Lhamo:
    མི་འབད་ ཁྱོད་ལུ་ འདི་བཟུམ་དཀའ་ངལ་འབྱུང་འོང་། ངེ་གི་ ཕྱེན་གྱིས་ འཕྱག་འབག་འོང་ཟེརཝ་ད།
  • ནོར་བུ་ལྷ་མོ་/ Norbu Lhamo:
    མི་འབགཔ་འོང་ཟེར་ སླབ་ནུག་ དེ་ལས་ སྒོམ་ཆེན་གྱིས་ རྔའི་སྐད་སྦེ་ དོང་ཟེར་རྡུངས་ཏེ་ དེམ་ཅིག་བཏང་དོ་ག་ཟེརཝ་ད་ འདི་ལས་ཡང་ ཤུགས་སྦེ་བཏང་དོ་ཟེར་ སླབ་ནུག་ ད་རུང་ དོང་ཟེར་རྡུངས།
  • ནོར་བུ་ལྷ་མོ་/ Norbu Lhamo:
    དེམ་ཅི་ དེམ་ཅི་བཏང་དོ་ག་ཟེརཝ་ད་ འདི་ལས་ཡང་ ཤུགས་སྦེ་བཏང་དོ་ཟེར་ སླབ་ནུག་ ཡ།
  • ནོར་བུ་ལྷ་མོ་/ Norbu Lhamo:
    ད་ ཁྱོད་ཀྱིས བཏང་བལྟ་ཤིག་ ཡ་ བཏང་བལྟ་ཤིག་ཟེར་ སླབ་ད་ བཏང་བལྟ་ཤིག་ཟེརཝ་ད་ ཡ་ སྒོམ་ཆེན།
  • ནོར་བུ་ལྷ་མོ་/ Norbu Lhamo:
    མི་བཏང་ཟེརན་ ཁྱོད་ཀྱིས་ བཏང་ཟེར་ཨིན་པས་ ཁྱོད་ འ་ནཱི་ འཁན་པ་ཤིང་གུ་བཟུང་ད་ཟེར་ སྒོམ་ཆེན་ འཁན་པ་ཤིང་གུ་ གྲིང་གྲིང་སྦེ་བཟུང་བཅུག་སྦེ།
  • ནོར་བུ་ལྷ་མོ་/ Norbu Lhamo:
    འ་ནཱི་ བུམོ་གིས་ ཕྱེན་བཏང་ཡི་ཟེར་ཨིན་པས། ཕྱེན་བཏངམ་ད་དེ་ སྒོམ་ཆེན་དང་ རྔ་དང་དཔེ་ཆ་ག་ར་ ཕྱག་འབག་ཏེ་ འདི་ལས་མར་ ཞིང་གི་འཇུག་བརྒལ་ཏེ་ར་ འཕྱག་བདའ་ཡི་ཟེར་ཨིན་པས་གཏམ་འདི།
  • ནོར་བུ་ལྷ་མོ་/ Norbu Lhamo:
    འདི་འབདཝ་ད་ འ་ནི འི་ དོན་དག་འདི་ རོགས་ཕྱེན་ མེདཔ་བཟོཝ་ད་ ང་ཡང་ མེདཔ་བཟོ་ནི་ཟེར་ གནམ་མེད་ས་མེད་ ཕྲག་དོག་བསྐྱེད་དེ་ འབད་ནི་མི་འོང་ཟེར་ཨིན་པས་ གཙོ་བོ་འདི། ལགས་སོ་ བཀའ་དྲིན་ཆེ་ དེམ་ཅི་རང་ཨིན་ལགས།