29 Jan 2016
13 min 40 sec
Video Overview
Creators:
Sonam Tobgye, Sangay Tshomo
This story is about parents who mistreated their daughter, as if she were not their child. Even though the daughter was forced to leave her parents behind to the witch, the girl is still considered courageous.
མོང་སྒར་སྔ་ཚང་ལས་ ཕུན་ཚོགས་དབང་འདུས་ཀྱིས་ སྲུང་ལེ་ཤ་ཅིག་གཏང་སྟེ་ཡོད་པའི་གྲས་ལས་ ཨ་པ་ཨའི་དང་བུམོ་གསུམ་གྱི་སྲུང་ཟེར་ སྲུང་གཏང་སྟེ་ཡོད་མི་འདི་ཉན་བལྟ་བའི་སྐབས་ལུ་ ཨ་པ་དང་ཨའི་གཉིས་ལུ་ བུམོ་གཅིག་ཡོད་མི་དེ་ རང་གི་ལུས་ལས་མཆེད་པའི་ཨ་ལོ་རང་མེནམ་བཟུམ་སྦེ་ འབད་འབདཝ་གི་ཚོར་སྣང་ཅིག་ཤར་ནི་འདུག དེ་ཡང་ ཨ་པ་དང་ཨའི་ཁོང་གཉིས་ སྲིནམོ་གིས་ཟ་ནི་ཨིནམ་ཤེས་བཞིན་དུ་ བུམོ་དེ་ ག་དེམ་ཅིག་བརྟིང་བདའ་ནི་གི་རྩིས་རྐྱབ་རུང་ གནས་སྐབས་བཏང་ཡི་རང་ བཀོ་བཞག་སྟེ་ཡར་སོཔ་སྦེ་འཐོན་ནི་འདུག གཅིག་ལས་བལྟ་བ་ཅིན་ བུམོ་དེ་ གནམ་མེད་ས་མེད་སྙིང་སྟོབས་ཅན་ཅིག་ཡོདཔ་སྦེ་ མཐོངམ་ཨིན་པས།
- Ngatsang
- ཕུན་ཚོགས་དབང་འདུས།/Phuntsho Wangdiཨུམ་་་་་ ཨ་པ་དང་ཨའི་གཉིས་ཆ་ར་སྡོད་སྡོདཔ་མས། བུམོ་གཅིག་སྡོད་སྡོདཔ་མས། བུམོ་གི་མིང་བི་ཅི་མོ་ ཟེར་སླབ་དོ་ཨིན་མས། ཏེ་ཨ་པདང་ཨའི་འདི་ མ་པ་ལས་ར་ སྲིན་པོ་གིས་ཟ་ནི་ཨིནམ་ཤེས་ཏེ་ བྱོག་འགྱོ་ནི་སྦེ་ཐག་བཅད་ཚར་ཚརཝ་ཨིན་མས་ལགས། ཏེ་བུམོ་འཁྱིད་འབག་ནི་འདི་ ཐབས་དང་གནས་སྐབས་ཨ་ཙི་ ག་དེ་སྦེ་འབད་བལྟ་རུ་འབད་མ་ཚུགས་པར་ བུམོ་ཨ་ཙི་རྐང་ཐག་ཡང་ཨ་ཙི་མ་འདྲོངས་པར་ཡོདཔ་མས། ཁོང་གཉིས་ ལུང་བསྟན་དང་འཁྲིལ་ཏེ་ ཡར་ལྷ་ཡུལ་ལུ་འགྱོ་སྟེ་ཡོད། དེ་ལསན་ཏེ་ ཉིནམ་ཅིག་ཟེརཝ་ད་ ཡང་ར་༼ཕྱམ་༽བཏབ་སྟེ་ཡོདཔ་མས། ཡང་ར་༼ཕྱམ་༽བཏབ་མི་འདི་ བྱ་སྲུང་དོ་ཡོདཔ་མས་བུམོ་འདི་ ཏེ་བྱ་སྲུང་སྦེ་སྡོདཔ་ད་ལུ་ བྱ་སྲུང་སྦེ་མར་ལས་ཡར་ལོག་འོངམ་ད་ལུ་ ཕྱགསམ་ཧིང་སང་ས་སྦེ་འཕྱགས་ནུག་ལོ་ལགས།
- ཕུན་ཚོགས་དབང་འདུས།/Phuntsho Wangdiཨ་པ་དང་ཨའི་ ཕྱགསམ་ནམ་ཡང་མ་འཕྱག་པའི་ཕྱགསམ་ གནམ་མེད་ས་མེད་ལེགས་ཤོམ་སྦེ་འཕྱགས་ནུག་ས་ ག་ཅི་སྨོ?ཟེརཝ་ད་ལུ་ སྡོདཔ་ད་ལུ་ འཕྱག་བཞག་གེ་ཟེར་ འཕྱག་དོ་ས་བུམོ་ ཡར་སོང་ཡར་སོང་ ཨ་མ་་་་ ང་བཅས་ཀྱི་ཡང་ར་༼ཕྱམ་༽བྱ་གིས་ཟ་འོང་སྨེ་(མས) ད་མགྱོགས་པར་མགྱོངས་པར་འགྱོ་སྦེ་ མར་བྱ་སྲུངས་མ་རེད་སོང་ ཟེརཝ་མས་ལོ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiའགྱོ་འགྱོཝ་ཨིན་མས་བུམོ་ད་རུང་ ལོག་འགྱོ་སྦེ་ དེ་ལསན་ཏེ་ བུམོ་གིས་སླབ་སྟེ་འདུག ཅིའུ་་་་ ཅིའུ་་་་་ ཟེར་ ཡོང་ནང་མ་ཟ་ཕུང་ནང་ཟ། །ཟེརཝ་ད་ལུ་ སྤྱ་གིས་སླབ་མས་ལོ། ཁྱོད་ཨ་པ་དང་ཨ་མ་ལོ་སི་ཡ་་་་་ ལོ་སི་ཡ་་་་་ ཟེར་རྫོང་ཁ་འབད་སླབ་སྟེ་ཡོད། ཁྱོད་ཨ་པ་དང་ཨའི་འགྱོ་དེས་སྨེ་(མས) ཟེར་བའི་བློའོ་ཨིན་མས་བ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiདེ་ལས་ བྱ་གིས་སྐད་རྐྱབ་སྨེ་ལོ། ཅིའུ་་་་ ཅིའུ་་་་ ཁྱོད་ཨ་པ་དང་ཨའི་འདི་འགྱོ་དེས་སྨེ་(མས) ཟེརཝ་མས་ལོ། ད་འགྱོ་དོ་ཡོདཔ་འདྲས་ས་སྨོ་ བདེན་བདེན་རང་ཟེར་ འགྱོ་བལྟ་བ་ཅིན་ ཕྱགསམ་འཕྱགས་ཚར་སྦེ་ ཐབ་ཐོག་ཁར་འཛེགས་ནུག་ལོ། དབའེ་་་་ ཐབ་ཐོག་ཁར་ནམ་ཡང་མ་འཛེགས་པ་ལུ་ ག་ཅི་སྨོ? ཨ་པ་དང་ཨའི་ཟེརཝ་ད་ ད་ལྟོ་སྡོདཔ་ད་ འཛེག་གེ་ཟེར་འཛེགཔ་ཨིན། ཟེརཝ་མས་ལོ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiའ་ན་ལས་ད་རུང་ ཡར་སོང་ ཡར་སོང་བུམོ་ ཡར་ང་༼ཕྱམ་༽ཟ་འོང་ཟེརཝ་མས་ལོ། ད་རུང་རང་ལོག་ཡར་སོ་ཡི་ལོ། འགྱོ་སྦེ་སྡོད་ནུག་ད་རུང་ ཡོང་ནང་མ་ཟ་ཕུང་ནང་ཟ། །ཟེར་ ད་རུང་ བྱ་གིས་སྐད་རྐྱབ་སྨེ་(མས)ལོ། སྤྱ་གིས་ཡང་སྐད་རྐྱབ་སྨེ་༼མས༽ལོ། ཏེ་ལོག་འོང་བལྟ་བ་ཅིན་ ༼མཐོང་རྩེ་༽ཐོག་ཁར་ལྷོད་ནུག་ལོ། ༼མཐོང་རྩེ་༽ཐོག་ཁར་ དེ་ལས་ད་རུང་ ག་ཅི་སྦེ་འཛེགསཔ་སྨོ? མཐོང་རྩེ་ཐོག་ཁར་ཟེརཝ་ད་ མ་པ་ལས་སྡོདཔ་ད་འཛེགས་བལྟ་གེ་ཟེར་ འཛེགསཔ་ཨིན། ཟེརཝ་མས་ལོ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiད་རུང་ ཡང་ར་༼ཕྱམ་༽ཟ་འོང་ཡར་སོང་ ཟེརཝ་མས་ལོ། འ་ན་ལས་ ད་རུང་ འ་ནི་སྦེ་སྡོདཔ་ཨིན་ཟེརན་ བྱ་གིས་ ཅིའུ་་་་་ ཅིའུ་་་་་ ཁྱོད་ཀྱི་ཨ་པ་དང་ཨའི་འགྱོ་དེས་སྨེ་(མས) ཟེརཝ་མས་ལོ། སྤྱ་གིས་ཡང་ཨ་པ་དང་ཨའི་འགྱོ་དེས་སྨེ་༼མས༽ ཟེརཝ་མས་ལོ། ལོག་འོང་བལྟ་བ་ཅིན་ སྟེང་ཐོག་ལུ་ལྷོད་ནུག་ལོ། ཏེ་ད་རུང་ ཨའི་དང་ཨ་པ་ལྟ་སྟེ་སླབ་ནུག ཨ་པ་དང་ཨའི་སྟེང་ཐོག་ཁ་ལུ་ག་ཅི་སྦེ་འཛེགསཔ་སྨོ? ཁྱོད་གཉིས་ ཟེརཝ་ད་ལུ་ སྡོདཔ་ད་འཛེགས་ད་གེ་ཟེར་ འཛེགསཔ་ཨིན། ཟེརཝ་མས་ལོ། སྟེང་ཐོག་འདི་ཡང་ཧིང་སང་ས་འཕྱགས་ནུག་ལོ། ད་རུང་ ཡར་སོང་ཡར་སོང་ ཡང་ར་༼ཕྱམ་༽ཟ་འོང་ ལོག་ཡར་སོང་ཟེརཝ་མས་ལོ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiདེ་ལས་ ལོག་འགྱོ་སྦེ་ ད་རུང་རང་ བྱ་བདའ་སྦེ་ སྐྱོ་བ་སྐྱེད་དེ་ འ་ནི་བྱ་ལུ་ ཡོང་ནང་མ་ཟ་ཕུང་ནང་ཟ། །ཟེར་ སླབ་ཅི་རང་སྡོད་སྡོདཔ་ཨིན་མས་ད་རུང་རང་ ཐོག་སྲུང་སའི་ཁྱིམ་ཐོག་ཁར་སྡོདཔ་ད་ ད་རུང་ ཅིའུ་་་་་ ཅིའུ་་་་་ ཁྱོད་ཨ་པ་དང་ཨའི་འགྱོ་དེས་སྨེ་(མས) ཟེརཝ་མས་ལོ། སྤྱ་གིས་ཡང་ ཁྱོད་ཨ་པ་དང་ཨའི་འགྱོ་དེས་སྨེ་(མས) ཟེརཝ་མས་ལོ། དེ་ལས་ ལོག་འོང་འོངམ་མས་ད་རུང་ ཏེ་ལོག་འོང་བལྟ་བ་ཅིན་ ཨ་པ་དང་ཨའི་ཏེ་དུས་འཕྲལ་ལས་ ཡར་ཐོག་ཁར་ལྷོདཔ་ཅིག་ འཕུར་ཡར་སོ་ནུག་ཨ་པ་དང་ཨའི་འདི་ དེ་ལས་ ཨ་པ་སྒུགས་གནང་ ཟེརཝ་ད་ བགོ་ལ་ཟུར་ཙི་གིས་བསྒུག་དོ་འོང་ ཟེརཝ་མས་ལོ། ཨའི་བསྒུག་གནང་ཟེརཝ་ད་ དཀྱི་ར་༼རོ་མས་༽བསྒུག་དོ་འོང་ ཟེརཝ་མས་ལོ་ལགས། ཏེ་རྒྱབ་ཐལ་སོ་ནུག་འ་ན་ལས།
- ཕུན་ཚོགས་དབང་འདུས།/Phuntsho Wangdiའགྱོ་སྦེ་ དེ་ལས་ཏེ་མོ་རྐྱངམ་ཅིག་ལུས་སོ་ཡི་བ་ཏེ་ བུམོ་མོ་ར་རྐྱངམ་ཅིག་ལུས་སྦེ་ འ་ན་ལས་ རོགས་དང་ཕུགས་སྲུང་འདི་ ཨེ་མ་ཤིང་ཐོག་ཁར་ཡང་འཛེགས་ཚུགསཔ་སྦེ་སྡོད་ནུག ཨེ་མ་ཤིང་ཐོག་ཁར་འཛེགས། དོ་ལོམ་ཤིང་ཐོག་ཁར་འཛེགས་ཏེ་ ཡོན་ཏོ་ཡོན་ཏོ་ཁ་ཡོན་ཏོ། །ངེའི་ཨ་པ་དང་ཨའི་གིས་བཙུགས་པའི་ཨེ་མ་ཤིང་། །ཡོན་ཏོ་ཡོན་ཏོ་ཁ་ཡོན་ཏོ། །ངེའི་ཨ་པ་དང་ཨའི་གིས་བཙུགས་པའི་དོ་ལོམ་ཤིང་། །ཟེར་ ཞབས་ཁྲ་འཐེན་སྦེ་སྡོད་སྡོདཔ་ཨིན་མས།
- ཕུན་ཚོགས་དབང་འདུས།/Phuntsho Wangdiསྲིནམོ་ཨང་རྒས་ཅིག་ལྷོདཔ་མས་ལོ་དེ་ལས་ བུམོ་ཨེ་མ་ལྷང་གེ་ ཟེརཝ་མས་ལོ། རྐངམ་གིས་གཏང་ནི་ཡ་ ལགཔ་གིས་གཏང་ནི་ཨང་རྒས་ཟེརཝ་ད་ རྐངམ་གིས་གཏང་རུང་ ལགཔ་གིས་གཏང་རུང་གཏང་ཟེར་སླབ་སྟེ་ ལགཔ་གིས་བྱིནམ་ཨིན་ཟེར་ མགུ་ཏོ་མར་ལྟ་བཙུགས་སྦེ་ ཕད་ཙེ་ནང་བཙུགས་འབག་ཡར་སོ་ཡི་ལོ། བཟུང་འབག་སྦེ་ ཨང་རྒས་ ང་ཆུ་གང་ཡི་ ང་ཨ་ཙི་གཏང་གནང་སྨེ་(མས) ཟེར་སླབ་སླབ་མས།
- ཕུན་ཚོགས་དབང་འདུས།/Phuntsho Wangdiམེད་ མི་གཏང་མི་གཏང་ཟེརཝ་མས་ལོ། ཏེ་ཁྱོད་ཨ་བ་དང་ཆུ་མ་གང་ག་ཨང་རྒས་ ང་འདི་མ་གཏང་རུང་ ང་ཨ་ན་རང་སྡོད་ནི་ ཁྱོད་ཨ་བ་མ་གང་ག་ཟེརཝ་ད་ ང་འདི་ཨ་བ་མི་གང་བས་ ཆུ་ཡང་མི་གང་བས་ ང་གིས་ཁྱོད་འབག་ནི་ཨིན། ད་རེས་ཁྱོད་བཙོ་ནི་ཨིན། ཟེར་འབག་འགྱོ་ནུག ཡར་ཡར་རང་འགྱོ་སྦེ་ ཡར་བའི་ནང་ཤིང་ཚང་ནང་ཅིག་ཁར་ལྷོདཔ་ད་ བའི་ནང་ཤིང་གི་འདབ་མ་ གནམ་མེད་ས་མེད་འབུད་འབུདཝ་ཡོདཔ་མས།
- ཕུན་ཚོགས་དབང་འདུས།/Phuntsho Wangdiཡ་་་ ཁྱོད་ཨ་ན་སྡོད་སྨེ་(མས)བུམོ་ ང་ཨ་བ་གཏང་པར་འགྱོ་ནི་སྨེ་(མས) ཟེར་ཨ་བ་གཏང་པར་འགྱོ་འགྱོཝ་མས། དེ་ལས་ཕད་ཙེ་སྟོང་འགྱོ་སྟེ་ མོ་ར་ཐོན་སྦེ་༼འབད༽བའི་ནང་ཤིང་གི་འདབ་མ་ལྟེམ་ལྟེ་འབད་བཙུགས་ཏེ་ ཁ་བསྡམས་སྦེ་ བྱོག་ཡར་སོ་ནུག མོ་གི་ཁྱིམ་ལྟ་སྟེ་ བྱོག་འགྱོ་ ཏེ་ཨང་རྒས་འདི་ འབག་ཡར་སོ་ནུག་ཏེ་ སེམས་དགའ་སྦེ་ འབག་འགྱོ་ ཡར་ཏེ་ དང་ཕུགས་འབད་བ་ཅིན་ ཐེར་ཕུ་ཟངས་ཟེར་སླབ་འོང་ལོ། ཐེར་ཕུ་ཟངས་ཟེར་ ཟངས་དམར་ མི་ཤ་བཙོ་ས་ཨིན་མས་ སྲིནམོ་གི་ཏེ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiའ་ནི་ཐབ་གུ་བཀལ་ ཆུ་བླུགས་ མེ་བཏང་སྦེ་བཞག་བཞགཔ་ཡོདཔ་མས། དེ་ལས་ ཡར་ལྷོད་ ག་དྲགས་སྦེ་ཏེ་ ཁ་ཕྱེས་སྦེ་བླུགས་བལྟ་ བའི་ནང་ཤིང་གི་འདབ་མ་ དེ་ལས་ ཨང་རྒས་ཙིགཔ་ཟ་སྟེ་ དེ་ཚེ་ནམ་བསྲོ་སྟེ་ལུས་སོ་ནུག ནངས་པར་བཟུམ་ཅིག་འོང་ནུག་ད་རུང་ ནངས་པར་བཟུམ་ཅིག་ལོག་འོང་སྦེ་ ད་རུང་ བུམོ་ད་རུང་ དོ་ལོམ་ཤིང་ཐོག་ཁར་འཛེགས་ཏེ་ ཡོན་ཏོ་ཡོན་ཏོ་ཁ་ཡོན་ཏོ། །ངེའི་ཨ་པ་དང་ཨའི་གིས་བཙུགས་པའི་དོ་ལོམ་ཤིང་། །ཡོན་ཏོ་ཡོན་ཏོ་ཁ་ཡོན་ཏོ། །ངེའི་ཨ་པ་དང་ཨའི་གིས་བཙུགས་པའི་ཨེ་མ་ཤིང་། །ཟེར་ ཞབས་ཁྲ་འཐེན་སྡོདཔ་ད་ ད་རུང་ལྷོད་ནུག་ཨང་རྒས།
- ཕུན་ཚོགས་དབང་འདུས།/Phuntsho Wangdiདོ་ལོམ་ལྷང་གེ་ཟེརཝ་མས་ལོ་དེ་ཚེ་འདི་ ཏེ་དོ་ལོམ་རྐངམ་གིས་གཏང་ག་ ལགཔ་གིས་གཏང་ ཟེརཝ་ད་ ལགཔ་གིས་གཏང་རུང་གཏང་ རྐངམ་གིས་གཏང་རུང་གཏང་ ཟེར་ ཏེ་རྐངམ་གིས་བཏང་པའི་ཚུལ་འབདཝ་ད་ཏེ་ རྐངམ་མར་བཟུང་སྦེ་ ད་རུང་ཕད་ཙེ་ནང་བསྡམས་འབག་ཡར་སོ་ནུག
- ཕུན་ཚོགས་དབང་འདུས།/Phuntsho Wangdiག་ཅི་གི་ཤ་ལྗིད་ལྕིད་མི་ལྕིད། །ག་ཅི་གི་ཤ་ལྗིད་ཡང་མི་ཡང་། །ཟེར་ ཨང་རྒས་ཀྱིས་བཤད་པ་རྐྱབ་སྦེ་འབག་སྟེ་ཡོད་འ་ན་ལས་ ཡར་ལུ་ ཟངས་བཀལ་བཞག་སྟེ་ཡོད་བ་ཏེ་ལགས། འ་ན་ལས་འབག་སྟེ་ ལམ་ཁར་ལྷོདཔ་ད་ཏེ་ མོ་ཆུ་གཏང་གེ་ཟེར་རུང་མ་བཏང་བས་བུམོ་འདི་ ད་རུང་རང་ལམ་ཅིག་ཁར་ལྷོདཔ་ད་ ཨང་རྒས་ཨ་བ་གཏང་པར་འགྱོ་ནི་ཟེར་ ཧེང་ནུག་འ་ན་ལུ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiཨ་་་ ཧེངམ་ད་ལུ་ བུམོ་གིས་ ཨང་རྒས་ཨ་བ་གཏང་པར་འགྱོ་སྡོདཔ་ད་ རྡོ་བཙུགས་བཞག་ནུག་བ་ རྡོ་ལྟེམ་ལྟེ་སྦེ་བཙུགས་བཞག་སྦེ་ ལྷ་ལམ་སྦོམ་ཆུང་རན་ཏོག་ཏོ་ཚུ་བཙུགས་སྦེ་ ཁ་བསྡམས་བཞག་ནུག ཨ་་་་ ཁ་བསྡམས་སྦེ་མོ་གིས་ལོག་བྱོག་འགྱོ་ ཨ་བྱོག་འགྱོ་སྦེ་ ཨང་རྒས་འདི་དྲོ་(རྡོ)འབག་སྦེ་ཡར་སོ་ནུག་དེ་ལས་ ཤ་འདི་ག་ཅི་གི་ལྕིད་མི་ལྕིད། །ཟེརཝ་མས་ལོ། གནམ་མེད་ས་མེད་ལྗིད་ཡོདཔ་མས་རྡོ་ཏེ་ བུམོ་ལས་ཡང་ལྕིད་ ག་ཅི་མི་འོང་སྟེ་རྡོ་འདི། ཡར་འབག་སྦེ་ ཟངས་ཐབ་གུ་བཀལ་བཞག་བཞགཔ་ཐོག་ཁར་བླུགས་བཏངམ་ད་ རྡོ་ཨིན་མས་ལོ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiཨ་་་་ ཨང་རྒས་ཙིགཔ་ཟ་ དེ་ཚེ་དུས་ཚོད་རྫོགས་ གནམ་བསྲོ་ཡི་བ། དེ་ལས་ བུམོ་ལོག་འགྱོ་སྦེ་ ད་རུང་རང་མར་འགྱོ་སྦེ་ ནངས་པར་བཟུམ་ཅིག་ཁ་ད་རུང་རང་ ཡོན་ཏོ་ཡོན་ཏོ་ཁ་ཡོན་ཏོ། །ངེའི་ཨ་པ་དང་ཨའི་གིས་བཙུགས་པའི་ཨེ་མ་ཤིང་། །ཡོན་ཏོ་ཡོན་ཏོ་ཁ་ཡོན་ཏོ། །ངེའི་ཨ་པ་དང་ཨའི་གིས་བཙུགས་པའི་དོ་ལོམ་ཤིང་། །ད་རུང་རང་འ་ནི་སྦེ་ རྩེདམོ་རྩེ་སྦེ་སྡོད་སྡོདཔ་ཨིན་མས། སེམས་མ་དགའ་བ་སྔུ་སྟེ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiདེ་ལས་ཨང་རྒས་ལྷོད་ནུག་ད་རུང་ བུམོ་ཨེ་མ་ལྷང་གེ་ཟེརཝ་མས་ལོ། ཏེ་རྐངམ་གིས་གཏང་ག་ ལགཔ་གིས་གཏང་ནི་ ཟེར་སླབ་སླབ་མས་བ་ཏེ་ རྐངམ་གིས་གཏང་རུང་ ལགཔ་གིས་གཏང་རུང་གཏང་ཟེརཝ་ད་ ལགཔ་གིས་ཨེ་མ་བཏང་ད་ལུ་ཏེ་ མགུ་ཏོ་མར་ལྟ་བཙུགས་འབག་ཡར་སོ་ནུག་ད་རུང་ ཁ་བསྡམས་ཏེ་ དེ་ལས་ ཨང་རྒས་ཨ་བ་མི་གང་བས་ག་ཟེརན་ མི་གང་བས་ཟེརཝ་མས་ལོ། ཆུ་མི་གང་བས་ག་ཟེརན་ ཆུ་ཡང་མི་གང་བས་ཟེརཝ་མས་ལོ། མོ་ཆུ་གཏང་གེ་ཟེར་རུང་བཏང་མ་བཏུབ་ལོ་འ་ན་ལསནི་ འབག་ཡ་ལོ། འབག་སྦེ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiདེ་ཚེ་མ་བཙོ་བས་མོ་ མོ་སྐེད་པར་ཐགཔ་བཏགས་སྦེ་ ཡར་༼མཐོང་རྩེ་༽ལས་མར་དཔྱངས་བཞག་ཡི་ལོ། དཔྱངས་བཞག་ མགུ་ཏོ་འདི་ཡར་ལྟ་རང་དཔྱངས་བཞག་ནུག ཡར་ལས་ཐགཔ་བཏོགཔ་ཅིག་ ཆུ་བཙུགས་བཙོ་ནི་གི་ཏེ་ སྲིནམོ་བུམོ་གཅིག་འདུག་ལོ། མོ་འདྲན་འདྲ་འགྱོ་འགྱོཝ་ཅིག
- ཕུན་ཚོགས་དབང་འདུས།/Phuntsho Wangdiཏེ་ཨང་རྒས་འདི་ཤ་འཚོལ་བར་ཡར་སོ་ནུག་ཏེ་ ལྟ་མ་ང་གིས་མེན་མདའ་བརྡུང་བཏང་གཏངམ་ཅིག་ འ་ནི་ཐགཔ་བཏོག་སྟེ་ མར་ཆུ་ནང་བཙོ་སྨེ་༼མས༽ཟེར་ སླབ་བཞག་ནུག་བུམོ་འདི་ལུ། སླབ་སྦེ་ཨང་རྒས་ཡར་སོ་ནུག་བ་ ཏེ་ཨང་རྒས་འགྱོ་སྦེ་ དེ་ལས་མོ་གིས་ ཐབས་ཤེས་བཏང་སྟེ་གནམ་མེད་ས་མེད་ཤོབ་རྐྱབ་སྟེ་ ཡ་བླ་མ་མཁྱེན་ནོ་ མར་ལས་མར་༼ཙམ་ཅུ་རུང་༽གནས་མཇལ་མས་ གཡུས་མ་འདྲཝ་ ལྷ་ཁང་ཡང་མཇལཝ་མས་ མི་འདྲ་མི་འདྲ་ག་བཟུམ་ཡང་འ་ནི་མཐོང་མས་ བལྟ་སྨེ་ ཁྱོད་བལྟན་ན? ཟེར་དྲི་དྲིཝ་མས་ སྲིནམོ་བུམོ་ལུ་ལྟ་སྟེ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiདབའི་ བདེན་བདེན་རང་མཐོང་མས་ག་དབའེ་ ང་ཡང་བལྟ་དགོ་མནོ་མས་ས་ ཟེར་སླབ་སླབ་མས། ང་ཐག་འཁོལ་ད་ཏེ་ཟེར་ སླབ་སླབ་མས། མོ་གིས་ཐགཔ་འཁོལ་ ཏེ་ང་ཅོག་ར་འཐདཔ་སྦེ་ ང་གིས་ཁྱོད་སྐེད་པར་ཐགཔ་བཏགས་སྦེ་ཡར་མར་དཔྱངས་སྦེ་བལྟཝ་ད་ ཡར་ལས་མཐོང་འོང་སྨེ་ ཟེར་སླབ་སླབ་ཨིན་མས། ཏེ་ཟངས་འདིནི་བཀལ་བཞག་བཞགཔ་ཡོདཔ་མས་ འཁོལ་དོ་ཡོདཔ་མས། དེ་ལས་དཔྱངས་ནུག་ སྲིནམོ་བུམོ་སྐེད་པར་ཐགཔ་བཏགས་ཏེ་ ཡར་༼མཐོང་རྩེ་༽ལས་མར་དཔྱངས་སྦེ་ མར་ཟངས་འདིནི་ཐབ་ཁར་བཀལ་ཡོད་བ་ཏེ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiཏེ་ ག་ཅི་མཐོང་ནི་ཏེ་ མོ་གིས་མགོ་སྐོར་རྐྱབ་སྦེ་ པ་ལས་རང་མོ་བཙོ་ནི་གི་ཐབས་ཤེས་ཨིན་པས་ཏེ་ དེ་ལས་འ་ན་ལས་ མོ་འ་ནི་སྦེ་སྡོད་སྡོད་པ་རང་ སྲིནམོ་བུམོ་ མོ་གཏང་ཟེརཝ་མས་ལོ། ང་གཏང་དབའེ་ དེ་སྦེ་མ་འབད་ཟེར་ ག་ཅི་གཏང་ནི་ཁྱོད་ གཏང་དགོཔ་མེད་ཟེར་ ཨ་ཨང་རྒས་ཕར་ལས་ མེན་མདའ་བརྡུང་ཟེར་ བཏངམ་ཅིག་ བུམོ་འདི་མོ་གིས་བཙོ་བཏང་ནུག་ཏེ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiབཙོ་སྦེ་ ཕྱི་རུ་ཏེ་ ཨང་རྒས་དང་ཨ་རྒས་ལྷོད་ཞིནམ་ལས་ ཨ་རྒས་ཡང་ཡོད་ཡོད་ནི་འདི་ ང་གིས་མ་འཐོན་བས་ད་ཅི་ ཨ་རྒས་དང་ཨང་རྒས་ལྷོན་ནུག་ཏེ་ ཤ་འདིནི་ མ་ཐོབ་པས་ལོ། ཏེ་བཙོ་ཡི་ག? ཟེར་སླབ་སླབ་མས། བཙོ་ཡི་ཟེར་ སྲིནམོ་གི་བུམོ་གི་དཀྱི་ར་དཀྱིས་ སྟོད་གོ་གྱོན་སྦེ་ མོ་གིས་ཏེ་ཅོག་ར་གཅིགཔ་བཟོ་སྡོད་ཡོདཔ་མས།
- ཕུན་ཚོགས་དབང་འདུས།/Phuntsho Wangdiཏེ་ངོ་མ་ཤེས་པར་ ཏེ་ཟ་ཟཝ་མས་ཤ་ ཤ་ཟ་བའི་སྐབས་ལུ་ བླ་་་་་ ལགཔ་འདི་ངེའི་བུམོ་ ང་བཅས་གཉིས་ཀྱི་བུམོ་གི་ལགཔ་ཅོག་ར་འཐདཔ་སྦེ་མཐོང་མས་ས་ ཨ་པ་ཟེརཝ་མས་ལོ་ཨའི་གིས་ མོ་གི་སྐལཝ་འདིནི་ ཟ་རྫུ་བཏབ་ཅི་ བཀོ་བཏང་དོ་ཡོདཔ་མས་ཏེ་ ཁོང་གཉིས་མཐོངམ་ད་ ཟ་རྫུ་བཏབ་ཅི་རང་ ཨེན་ཏ་གི་༼སི་གུ་༽ལས་མར་བཙིར་བཏང་དོ་ཡོདཔ་མས་མོ་གིས།
- ཕུན་ཚོགས་དབང་འདུས།/Phuntsho Wangdiཙང་ཙ་འབད་ཟ་ ག་ཅི་ཡང་སླབ་མི་དགོ་ ཙང་ཙ་འབད་ཟ་ ཟེརཝ་མས་ལོ། ཨ་རྒས་ཀྱིས་ཨང་རྒས་ལུ་ལྟ་སྟེ། ཟ་སྦེ་ རྫོགས་སོ་ནུག་ཤ་འདི་ དེ་ལས་འ་ན་ལས་ མོ་འདིནི་ད་རུང་རང་ ཨང་རྒས་དང་ཨ་རྒས་ཤ་བདའ་བ་འགྱོ་བའི་སྐབས་ རེད་བརྡུང་བཅུག་ནུག རེད་བརྡུང་བཅུག་སྟེ་ རེད་བརྡུང་སྦེ་སྡོད་ནུག འ་ན་ལས་ ཤིག་ཅིག་ལུ་ཚིལ་མ་བཏབ་སྦེ་ ཤིག་འདི་ལུ་ ཡར་ལས་ཡར་ལས་ ཟེར་སླབ་བཅུག་སྦེ་ ཏེ་ཚིལ་མ་དང་ཤིག་གིས་ ཁ་སླབ་བཅུག་སྟེ་ རེད་བརྡུང་རྫུ་བཏབ་སྦེ་ ཡར་སོ་ནུག་བྱོག་སྟེ་ མོ་གིས་ འབྲུ་སྣ་དགུ་འབག་འགྱོ་སྟེ་ཡོད། གེ་ཟ་ ཕྱམ་ རེད་ ནག་ ཀར་ བྱཱོ་ རྒྱ་རེད་ པད་ཀར་ འ་ནི་ཚུ་ག་ར་འབག་སྟེ་ཡོད། བཅིངས་ཏེ་འ་ནི་བུམོ་འདི་གིས་ ཐབས་ཤེས་འདི་སྡོད་ནུག་མོ་ལུ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiའ་ནི་བཟུམ་གྱི་རིགས་ པད་ཀར་དང་འདི་ཚུ་ག་ར་འབག་སྟེ་ བྱོག་འགྱོ་ཡོད་བ་ཏེ་ བྱོག་འོང་ རྟིང་བདའ་འོང་སྟེ་ཡོད་སྨེ་འ་ན་ལས་ རྟིང་བདའ་འོང་སྟེ་ བདའ་ཟུནམ་མས་ ཟུནམ་མས་ ཟུནམ་མས་ ཟུནམ་མས་ ཟུན་མས་ཟེརཝ་ད་ལུ་ ཕྱམ་སྤར་རི་གང་ བཀོ་བཏང་ཡི་ལོ་ལགས། ཙམ་པ་རིན་པོ་ཆེ་སྐྱབས་སུ་མཆི་ཟེར་ ཕུད་རྡོག་རེ་རེ་བསྒྱོམ་སྡོད་ནུག་ཨང་རྒས་དང་ཨ་རྒས་འདིནི་ ཕངས་ཏེ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiཡ་་་་ ང་བཅས་གཉིས་ཀྱིས་སོན་གྱི་རིགས་ག་ར་འབག་འོང་ནུག་ འ་ནི་བུམོ་གིས་ཟེར་ མོ་བཞག་ཤིག་ཟེར་ ཁྲག་ལུ་ལྷོདཔ་ད་ ཧོར་བཏང་ ཤ་གུ་ལྷོདཔ་ད་བསྣར་བཏང་ རུ་ཏོ་གུ་ལྷོདཔ་ད་ ཀྲོབ་བཏང་ཟ་ནི་ མོ་བཞག་ཤིག་ཟེར་ ང་བཅས་ཀྱི་སོན་ག་ར་འབག་འོང་ནུག་མོ་ ཏེ་སོན་ཕྱམ་འདི་ ནམ་བསྒྱོམ་ཚར་ནི་ཏེ་ འ་ནི་བར་ན་བྱོག་ཐལ་ནུག་ད་རུང་ ད་རུང་རང་བདའ་འོང་མས་ལོ་རྟིང་བདའ་ ཤུལ་ཤུལ་ཤུལ་རྟིང་བདའ་འོང་སྟེ་ ད་རུང་རང་ བདའ་ཟུནམ་མས་ ཟུནམ་མས་ ཟུནམ་མས་ ཟུནམ་མས་ཟེརཝ་ད་རང་ གེ་ཟ་བཀོ་བཏང་བཞག་མོ་གིས་ གེ་ཟ་བསྒྱོམ་སྡོདཔ་ད་ ཙམ་པ་རིན་པོ་ཆེ་ སྐྱབས་སུ་མཆི་ ང་གི་སོན་ག་ར་འབག་འོང་ནུག་ཟེར་ གེ་ཟ་ཕུད་རྡོག་རེ་རེ་བསྒྱོམ་སྡོདཔ་ད་ ད་རུང་བྱོག་ཐལ་ནུག ད་རུང་རང་རྟིང་བདའ་འོང་ཡི་འོང་ཡི་ འོངམ་ད་རང་ ཀར་བཀོ་ ཀར་བསྒྱོམ་སྡོད་ནུག་བ་ ད་རུང་བྱོག་ཐལ་ནུག ད་རུང་འགྱོ་ཡི་ འགྱོ་ཡི་ ནག་བཀོ་ནུ་བ་ ནག་བསྒྱོམ་སྡོད་ནུག པད་ཀར་བཀོ་སྟེ་ཡོད། པད་ཀར་གིས་འདི་ མཚོ་འགྱུར་སོ་ནུག
- ཕུན་ཚོགས་དབང་འདུས།/Phuntsho Wangdiམཚོ་འགྱུར་འགྱོ་སྦེ་ དེ་ལས་ མཚོ་མཐའ་མ་ལས་ཡར་ འབོ་སྟེ་ཡོད་ ཨའི་དང་ཨ་པ་འབོ་སྟེ་ཡོད་འ་ན་ལས་ མཚོ་ལས་ཡར་ལྟ་ ཨ་མ་དགུང་སྔོན་རྒྱལ་མོ་ བལ་ཐག་མ་གཏང་ལྕགས་ཐག་གཏང་། ཟེར་ བལ་ཐག་འབད་བ་ཅིན་ ཐགཔ་ཨིན་མས་བ་ ཐགཔ་འདི་ཆད་འགྱོ་འོང་བ་ཏེ་ ཏེ་ད་ལྟོ་རྐྱངམ་ཅིག་ ལོང་དོ་ཟེརཝ་མས་ལོ་ཡར་ལས་ མགྱོགས་པར་ག་ཏེ་བཀོ་ནི་ཏེ་ ད་རུང་རང་ ཨ་མ་དགུང་སྔོན་རྒྱལ་མོ་བལ་ཐག་མ་གཏང་ལྕགས་ཐག་གཏང་། ཟེར་ ད་ལྟོ་རྐྱངམ་ཅིག་ ཁ་ལ་འཁྱུ་དོ་ཟེརཝ་མས་ལོ། ད་རུང་རང་ ཨ་མ་དགུང་སྔོན་རྒྱལ་མོ་ བལ་ཐག་མ་གཏང་ལྕགས་ཐག་གཏང་། ཟེར་སླབ་སླབ་མས་བ་ ད་ལྟོ་རྐྱངམ་ཅིག་ དྲོ་མཛར་འབད་དོ་ཟེརཝ་མས་ལོ་ལགས། དུ་རུང་རང་ ཨ་མ་དགུང་སྔོན་རྒྱལ་མོ་ བལ་ཐག་མ་གཏང་ལྕགས་ཐག་གཏང་། ཟེརཝ་ད་ ད་ལྟོ་རྐྱངམ་ཅིག་ དྲོ་མཛར་ཟ་དོ་ཟེར་ དེ་ལསནི་ ད་རུང་ བལ་ཐག་མ་གཏང་ལྕགས་ཐག་གཏང་ཟེརཝ་ད་ལུ་ དེ་ལསནི་ ད་ལྟོ་རྐྱངམ་ཅིག་ ཅ་ལ་འཐུ་དོ་ཟེརཝ་མས་ལོ་ཏེ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiའ་ནི་འབད་རང་ཏེ་ ཧ་ལམ་དུས་ཚོད་རྫོགསཔ་ཨིན་ཏེ་ དེ་ལས་ ཨང་རྒས་དང་ཨ་རྒས་ འ་ནི་མཚོ་ལུ་ལྷོདཔ་ད་ མཚོ་འདི་ འཐུང་བལྟཝ་མས་ལོ་ཏེ་ ཧུབ་ཟེརཝ་ཅིག་འཐུང་ ལོག་བཏངམ་ད་ལུ་ ད་རུང་ མཚོ་རང་འགྱུར་སྡོད་དེ་ འ་ནི་སྦེ་འཐུང་ཡི་འཐུང་ཡི་ བཀོ་སྡོད་དོ་ཡོདཔ་མས་ཏེ་ འ་ནིམ་ཅིག་ནང་འཁོད་ལུ་ ཧ་ལམ་ཅིག་ལསནི་ཏེ་ བཀོ་ཡི་ལོ་ལྕགས་ཐག་ ལྕགས་ཐག་ཐོག་ཁ་ལས་འཛེགས་ཏེ་ཡར་འགྱོ་ ཆུ་ཕོརཔ་གང་འཐུང་སྟེ་ ཤི་སོ་ནུག བུམོ་འདི་ སྲིནམོ་གིས་སྲོག་བཅད་བཅདཔ་ཨིན་མས་བ་ཏེ་ དེ་ལས་ སྲིནམོ་ཨང་རྒས་དང་ཨ་རྒས་ལྷོད་དེ་ ཏེ་ཅོག་ར་འཐདཔ་སྦེ་ འབོ་སྟེ་ཡོད་པ་ཏེ་མར་ལས་ཡར་ ཨ་མ་དགུང་སྔོན་རྒྱལ་མོ་ ལྕགས་ཐག་མ་གཏང་བལ་ཐག་གཏང་། ཟེརཝ་མས་ལོ་ཁོང་གིས་འདི་ ལྕགས་ཐག་མེན་པར་བལ་ཐག་བཀོ་ ཟོརཝ་མས་ལོ།
- ཕུན་ཚོགས་དབང་འདུས།/Phuntsho Wangdiའ་ནི་སླབ་སྦེ་ཏེ་ ཅོག་ར་འཐདཔ་སྦེ་སླབ་སྟེ་ཡོད། ད་ལྟོ་རྐྱངམ་ཅིག་ལོང་ད་སྨེ་ཟེར་ ད་ལྟོ་རྐྱངམ་ཅིག་ཁ་ལ་འཁྱུ་དོ་སྨེ་ཟེར་ ད་ལྟོ་རྐྱངམ་ཅིག་དྲོ་མཛར་འབད་དོ་སྨེ་ཟེར་ ད་ལྟོ་རྐྱངམ་ཅིག་དྲོ་མཛར་ཟ་དོ་སྨེ་ཟེར་ དེ་ལས་རྐྱངམ་ཅིག་ བལ་ཐག་བཀོ་བཏང་སྦེ་ ཡར་ནམ་བར་ནང་ཁམས་ཅིག་ཁར་ལྷོདཔ་ད་ལུ་ བཏོག་བཏང་ནི་ཡོད། བཏོག་བཏང་སྦེ་ཏེ་ཕྱེ་འཐག་ཐ་རང་འགྱོ་སྦེ་ཤིཝ་ཨིན། སྲིནམོ་ཚུ་འ་ན་ལུ་དམ་བཏགས་བཞག་ནུག།