Skip to main content Skip to search
04 Jun 2018
15 min 15 sec
Video Overview
Creators: 
Dawa Tshering

Totshang Hinda Draw is an epic narrated here by Dorji Wangmo from Chukha district. Before Buddhism, tradition says Bhutan was dominated by non-humans. Once Guru Rinpoche arrived in the 8th century, these spirits were subdued and converted to serve Buddhism. Similarly, this story describes a similar situation when a lady subdued a mermaid who had stolen her husband. The lady in fact dried the lake, forced the mermaid to serve as a regional protector, and brought back her husband. 

༉  ལྟོ་ཚང་ཧིང་དང་འདྲཝ་གི་སྒྲུང་གཏམ་འདི་ ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་སྤང་མེ་ཁ་ལས་ རྡོ་རྗེ་དབང་མོ་གིས་གཏང་ཨིནམ་ད་ གཏམ་སྒྲུང་འདི་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་ཁབ་འདི་ ཧེ་མ་ནང་པའི་ཆོས་མ་དར་བའི་སྐབས་ མི་མ་ཡིན་པ་ཚུ་གིས་དབང་སྡོད་ནུག་ ཟེར་ཨིན་མས། ཨིན་རུང་ཤུལ་ལས་ དུས་རབས་བརྒྱད་པའི་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་ བྱོན་ཞིནམ་ལས་ཚུར་ མི་མ་ཡིན་པ་དེ་ཚུ་དམ་ལུ་བཏགས་ཏེ་ ནང་པའི་བསྟན་པ་སྲུང་མི་བཀའ་སྲུང་དམ་ཅན་སྦེ་བསྐོས་གནང་ཡོདཔ་ཨིན། སྲུང་འདི་ནང་ དང་ཕུ་གི་གནས་སྟངས་ཚུ་སྟོནམ་ཨིནམ་ད་ ཨམ་སྲུ་ཅིག་གི་རྨགཔ་འདི་ མཚོ་སྨནམ་ཅིག་གིས་དབང་ཤུགས་ཀྱི་ཐོག་ལས་འཁྱིད་སོང་ཡོདཔ་ལས་ མཚོ་སྨནམ་བཏུལ་བའི་སྐོར་ལས་ཨིན་མས།

Transcript search
No results found for this search
0 of 0
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ད་རུང་ཏེ་དང་ཕུ་དུང་ཕུ་ཅིག་ཨིན་མས། དེ་ལས་ཨཔ་ཅིག་དང་ཨམ་ཅིག་ཡོདཔ་མས་ ཨཔ་ཅིག་དང་ཨམ་ ཨམ་གཉིས་དང་ཨཔ་གཉིས་ དེ་ལས་ཏེ་ཨཔ་ཅིག་དང་ཨམ་ཅིག་གི་བུ་གཅིག་ ལྟོ་ཚང་ཧིང་དང་འདྲཝ་སླབ་དོ་ཡོདཔ་མས། དེ་གཅིག་འཛམ་གླིང་ཉི་མའི་དཀོན་མཆོག་ ཁོང་གཉིས་ལྟོ་ཚང་མས་ཏེ་ ལྟོ་ཚང་འཆམ་ཏོག་ཏོ་ ཏེ་དེ་ལས་སླབ་སླབ་མས་ ཨ་ནཱི་ལྟོ་ཚང་ཧིང་དང་འདྲཝ་གིས་ ད་ང་བཅས་མར་ ང་བཅས་འཆམ་ཏོག་ཏོ་ཨིན་ཟེར་རུང་ ག་ཏེ་ཡང་བཤལ་ཏེ་འགྱོ་མ་ཚུགས་ ད་མར་རྒྱ་ནག་དར་དང་གོས་ཆེན་བཏོན་པ་འགྱོ་གེ་ཟེར་ང་བཅས་གཉིས་ ཁྱོད་ར་ཡང་དྲེལ་གླ་གཅིག་བདའ་ ཁྱོད་ཀྱིས་ཡང་དྲེལ་གླ་གཅིག་བདའ་སྦེ་འགྱོ་གེ་ ཟེར་སླབ་སླབ་མས་ བཏུབ་ཟེར་ནུག
  • ཨ་ཞང་ཚེ་རིང་ལྷ་མོ
    Azha Tshering Lham: དེ་ལས་ཏེ་ དར་དང་གོས་ཆེན་བཏོན་པ་འཛུལ་སོང་ནུག་ཁོང་ལྟོ་ཚང་གཉིས་ཀུ་ ཏེ་ན་ལས་མར་འབད་སོང་ མར་རྒྱ་ལུ་ལྷོད་ རྒྱ་ནག་ད་ཚོད་ལས་ཏེ་ གོས་ཆེན་འདི་ཚུ་དར་སྨན་རྩི་འདི་ཚུ་ག་ར་བཏོན་ཀྲིག་ཀྲི་བཟོ་ དྲེལ་གླ་རེ་འདུག་ཏེ་ དེ་ལས་མར་ལས་ཡར་ལོག་ ལྟོ་ཚང་གཉིས་ཀུ་ དེ་ལས་མར་ལས་ཡར་ལོགཔ་ད་ཏེ་མར་མཚོ་གཅིག་ཡོདཔ་མས་ལོ་ ཏེ་ཨ་ནཱི་མཚོ་འདི་གི་ཕར་ལོགས་ ཐང་གཅིག་འདུག་ཟེརཝ་མས་ལོ་ ད་ང་བཅས་གཉིས་ ཏེ་ད་རེས་གཡུ་ཁར་ལྷོད་ཟེར་ ད་འ་ནཱ་སྤྲོ་བཏོན་ ཇ་འབད་འཐུང་ ཏེ་ན་ལས་ཡར་ལྷོད་དེ་འགྱོ་གེ་ཟེར་ ཁོང་རང་གཉིས་བློ་རྐྱབ་ དེ་ལས་འ་ནཱི་ཐང་འདི་ནང་ ཁྱོད་རང་ཤིང་འཐུ་སོང་ ང་གིས་ཆུ་དབོག་སོང་གེ་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཏེ་འཛམ་གླིང་ཉི་མའི་དཀོན་མཆོག་འདི་ཆུ་དབོག་པར་སོང་སོངམ་མས། ཏེ་ལྟོ་ཚང་ཧིང་དང་འདྲཝ་ཤིང་འཐུ་བར་སོང་ ཁོ་ཤིང་འཐུ་རྫིབ་བཙུགས་ མེ་འཕུ་ ཁོ་འོང་ནི་རང་མིན་འདུག་ཟེརཝ་མས་ལོ་ ཏེ་འོང་པ་ག་ཅི་འོང་ ཁོ་ཕར་མཚོ་འདི་ནང་ལས་ཏེ་ ཁ་ལག་འཁྱུ་ལགཔ་འཁྱུ་ དེ་ལས་ཆུ་དབོག་འབདཝ་ད་ མར་ལས་ཡར་མཚོ་སྨནམ་རྒྱལམོ་འདི་འཐོན་དེ་ཟེརཝ་མས་ལོ་ཏེ་ དབའེ་འཛམ་གླིང་ཉི་མའི་དཀོན་མཆོག་ཟེར་ནུག ཁྱོད་འཛམ་བུ་གླིང་ལས་ཡང་ཁྱོད་ལེགས་པས་ཟེར་ཏེ་ ཁྱོད་ན་སྡོད་ཟེར་ནུག་ ཏེ་ཁོ་དེ་སྦེ་སྡོད་མི་ཁོམས་ ཁོ་ཨའི་གཅིག་དང་ཨཔ་གཅིག་ལུ་བུ་ཁོ་བརྒལ་མེད་ཟེར་ནུག་ ཁོ་ཡར་རང་ལོག་དགོ་ཟེར་
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཏེ་ཁྱོད་རྒྱབ་བལྟནི་ རྒྱབ་འཇའ་བས་ཟེར་ གདོང་བལྟནི་གདོང་ལེགས་པས་ ཟུག་བལྟནི་ཟུག་ལེགས་པས་ ཟུར་བལྟནི་ཟུར་ཕྲང་པས་ཟེར་སླབ་སླབ་མས། ཏེ་ང་ལེགས་པ་ ག་དེ་འབད་བ་ཟེར་ནུག་ ང་རང་ལས་ཨིན་མས་ཟེར་ ཁྱོད་མཚོ་ནང་གི་མཚོ་སྨནམ་རྒྱལམོ་ཁྱོད་ར་ན་རང་སྡོད་ཟེར་ནུག་ ང་ཡར་ལོག་དགོ་པའི་མི་ཨིན་ བློ་རྐྱབ་ལོང་མེད་ཟེར་ ཏེ་ཁོ་ཆུ་འདི་དབོག་འབག་སྦེ་ཡར་སོང་ནུག་ཏེ་ཕར་ དེ་ལས་ལྟོ་ཚང་ཧིང་དང་འདྲཝ་གིས་སླབ་འདུག་ ཨ་འོ་ ང་མེ་འཕུ་ག་དེམ་ཅིག་བསྒུགས་རུང་ཁྱོད་འོང་ནི་མིན་ནུག་ ཁྱོད་ག་ཅི་འབད་སྡོད་སྡོདཔ་སྨོ་ཟེར་སླབ་སླབ་མས། དེ་ལས་སླབ་ནུག་ ང་ཏེ་འོང་པ་ག་ཅི་འོང་པ་ཟེར་ནུག་ ཕར་མཚོ་འདི་ལས་ཆུ་གཅིག་དབོག་ང་རང་ཁ་ལག་འཁྱུ་ ལགཔ་འཁྱུ་ དེ་ལས་ཆུ་འདི་དབོག་སྦེ་འབད་བའི་བསྒང་ལས་ མར་ལས་ཡར་མཚོ་སྨན་རྒྱལམོ་འདི་འཐོན་ ཏེ་ང་ལུ་འ་ནཱི་སྦེ་སླབ་མས་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དབའེ་གནོད་བཀལ་ནི་འོང་མས་སྨ་རེད་ཟེར་ནུག་དེ་ལས་ དཔའ་དེ་མའི་གནོད་བཀལ་ཚུགས་ག་ཟེར་ནུག ཏེ་དེ་ལས་ཁོང་གཉིས་ཏེ་ ཇ་འབད་དེ་ལས་ཀར་ཕྱེ་བསྣད་ཟ་གེ་ནུག་ད་ ལྟོ་མི་འབད་ཟེར་ ལྟོ་འབདཝ་ཤོལ་བཞག་གེ་ཟེར་ ཏེ་ཀར་ཕྱེ་བསྣད་ཟ་གེ་ཟེར་ ཆ་བཀང་ དེ་ལས་ ཁོང་ཇ་འཐུང་རནམ་ཅིག་འཐོན་དེས་ཟེརཝ་མས་ལོ་རོ་ཁྱི་ ནགས་ཚལ་སྦུག་ལས་ཚུར་མས་ཏེ་ དམ་ཁྱི་འ་ནེམ་ཅིག་འཐོན་དེས་ལོ་ཏེ་ དབའེ་རི་ནགས་ཚལ་སྦུག་ གཡུས་ག་ཏེ་ཡང་མིན་འདུག ཏེ་རོ་ཁྱི་ཅིག་ཡང་འཐོན་དེས་ཟེར་ནུག དེ་ལས་ཨ་ནཱི་ཇ་གི་ ཞག་[མཉམ་ཡི་?]རང་ཏེ་ ཀར་ཕྱེ་བསྣད་ཨ་ཁ་བྱིན་བྱིནམ་མས། ཏེ་འ་ནཱི་ཟ་སྦེ་ག་སོང་ཡང་མེད་པར་ཡར་སོང་ནུག་ལོ་ དེ་ལས་ཁོ་ཇ་འདི་འཐུང་ ཇ་འཐུང་ཡི་འཐུང་ཡི་སྡོད་ ཡུདཔ་ཅིག་ལས་ཁོ་ན་ཆི་ནུག་ཏེ་ འཛམ་གླིང་ཉི་མའི་དཀོན་མཆོག་ན་ཆི་ནུག་གནམ་མེན་ས་མེད་ ཟུག་རྐྱབ་ཏེ་ དབའེ་དབའེ་ང་གནམ་མེད་ས་མེད་ནཝ་མས་ད་ ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དབའེ་ག་དེ་འབདན་སྨོ་ཟེར་ནུག་ཏེ་ ད་ང་ཡར་མི་འགྱོ་ཟེར་ནུག་ཏེ་ ང་ན་ཆི་ཡི་ ད་ང་ནཱ་རང་སྡོད་ནི་ ཁྱོད་ར་སོང་ཟེར་ནུག དབའེ་མི་ཆ་རོགས་གཉིས་ལས་འགལ་མེད་ས་ ཁྱོད་ནཱ་བཞག་ང་ག་དེ་སྦེ་འགྱོ་བ་ཟེར་ནུག ཁྱོད་དྲག་དྲག་ནཱ་རང་སྡོད་དགོ་ཟེར་ནུག ཨ་འོ་ཁྱོད་ང་ལུ་ཤ་མ་ཚཝ་མས་ ཁྱོད་འགྱོ་དགོ་ཟེར་ནུག་ཡར་ལུ་ ཁྱོད་འགྱོ་དགོ་མི་འདི་ ངེའི་དྲེལ་གླ་གཅིགཔོ་འདི་ཡར་རྩིས་སྤྲོད་དགོ་ ང་གིས་འབག་མི་གི་དར་དང་གོས་ཆེན་གསེར་ ཁོ་ར་གི་ཨམ་སྲུ་འདི་བསྟན་འཛིན་སྒྲོལ་མའི་ལྷ་འཛིན་ཟེར་དོཝ་མས་བུམོ་འདི་ འ་ནཱི་ལུ་གསེར་གྱི་མཛུ་དཀྱི་ གསེར་གྱི་གདོབ་ཅུ་ འདི་ཚུ་ཡང་ཁོ་ལུ་སྐྱེལ་ དེ་ལས་ཨཔ་དང་ཨའི་ལུ་གསེར་གྱི་མཛུ་དཀྱི་འདི་ཚུ་ཡང་སྐྱེལ་ དེ་ལསན་དར་དང་གོས་ཆེན་འདི་ཚུ་ཏེ་ རྟ་བཅུ་གཉིས་ཀྱི་རྒྱབ་མས་ཏེ་ དེ་ལས་ག་ར་ཁོ་བདའ་སྦེ་ཡར་སོང་ནུག ད་ཁྱོད་ང་ལུ་ཤ་ཚཝ་ཡོད་པ་ཅིན་ འ་ནཱི་ང་ར་གི་པད་བསྐོར་འགྱིར་ཏེ་ རྩིགཔ་གྲུ་བཞི་འབད་མི་ མི་ཟུག་ཅིག་རྐྱབ་བཞག་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: འ་ནཱི་རྐྱབ་ ཏེ་དེ་ལས་ང་ལུ་ཆུ་ཡང་དབོགས་བཞག་ཟེར་ ཏེ་ཆུ་རྫམ་འ་ནེམ་གསུམ་འབག་སྦེ་ ཆུ་རྫམ་གསུམ་དབོགས་ ཁོ་ཁ་རང་ཉན་ཏེ་ ཏེ་ཁྱོད་ང་དང་འདྲན་འདྲ་སྡོད་པ་ཅིན་ ཏེ་ཁྱོད་ང་ལུ་ཤ་མ་ཚཝ་ཨིན་ཟེར་ནུག ང་དང་འདྲན་འདྲ་མ་སྡོད་པར་ ཁྱོད་ངེའི་ཁུར་ཆ་འདི་ཚུ་ རྩིས་སྤྲོད་པ་འགྱོ་བྱིན་པ་ཅིན་ ཏེ་ང་ལུ་ཤ་ཚ་སྟེ་ཨིན་ཟེར་ དགའ་སྐྱོ་མེད་པ་རང་སོང་ནུག་ལྟོ་ཚང་ཧིང་དང་འདྲཝ་ འགྱོཝ་ད་དེ་ལས་ ད་རེས་གཡུ་ཁར་ལྷོད་ནི་ཟེར་ ཡར་ལས་མར་ཨམ་སྲུ་འདི་ཏེ་ ཡར་ལས་མར་ལྟོ་འབད་སྤགས་བཙོ་ ཇ་ཆང་འབག་ལམ་ཁར་འོང་འོངམ་མས་ཏེ་མོ་ཡང་ཡར་ལས་མར་ དེ་ལས་ད་འཛམ་གླིང་ཉི་མའི་དཀོན་མཆོག་ག་ཏེ་སྨོ་ ཟེར་སླབ་པ་ཅིན་ ཏེ་ཁོ་ཆོས་འབད་བར་ཡར་སོང་ཡི་ ཟེར་སླབ་ཟེར་ནུག ཏེ་ཆོས་འབད་ས་ག་ཏེ་ཨིན་ན་ དགོནམ་ག་ཏེ་སྨོ་ཟེར་བ་ཅིན་ དགོནམ་ཨ་རོགས་ཁམས་ལུ་མས་ཟེར་སླབ་སླབ་མས།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཏེ་བླམ་ག་ བླམ་ག་ཨིན་ན་ཟེར་སླབ་པ་ཅིན་ བླམ་བྱ་བྱ་རྒོད་མས་ཟེར་ སླབ་དགོ་ཟེར་ནུག ཏེ་གཡོགམོ་ག་སྨོ་ཟེར་ བཞེས་སྒོ་འབད་བྱིན་མི་གཡོགམ་ག་སྨོ་ཟེར་སླབ་པ་ཅིན་ གཡོགམོ་ཨ་རོགས་ལྷམོ་མས་ཟེར་ སླབ་དགོ་ཟེར་ནུག དེ་ལས་ཆོས་འབད་མི་ཆ་རོགས་འདུག་ག་སླབ་པ་ཅིན་ ཆ་རོགས་ཨརཝ་སྤྱང་གོ་(སྤྱང་ཀི་)མས་ ཟེར་སླབ་ཟེར་ནུག འེ་འེ་ཟེར་སླབ་སྦེ་ཡར་སོ་ནུག ཁོ་ན་ལས་ཡར་འགྱོ་ དེ་ལས་ཏེ་ཁོ་གནམ་མེད་ས་མེད་གྱང་ཤུགས་རྐྱབ་ ཁ་སྐོམ་ དེ་ལས་ཆུ་རྫམ་གསུམ་འདི་ཡང་རྫོགས་སོང་ནུག་ཏེ་ དེ་ལས་ཡར་ལས་མར་ མི་གཉིས་འོང་དེས་ཟེརཝ་མས་ལོ་ མར་ལྟ་འགྱོ་མི་ཚོང་རྐྱབ་པར་ དབའེ་ད་ཁྱོད་མི་གཉིས་ཀུ་ ང་ལུ་ཆུ་ཅིག་དབོགས་གནང་ ང་གནམ་མེད་ས་མེད་ལོང་རང་མ་ཚུགས་པ་ཨིན་ཁ་སྐོམ་ ཆུ་དབོགས་པའི་གླ་ ང་ཀྲོབ་མདའ་སིལ་སིལ་ལེན་ཏེ་སྤྲོད་གེ་ ཟེར་སླབ་སླབ་མས།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཏེ་ཁོང་གཉིས་བློ་རྐྱབ་རྐྱབ་མས་དབའེ་ ད་ཆུ་ཅིག་དབོགས་པའི་གླ་ལུ་ ཀྲོབ་མདའ་སིལ་སིལ་ལེན་ཏེ་སྤྲོད་པ་ཅིན་དགའ་བས་ཟེར་ ཆུ་རྫམ་དོ་དབོགས་བཞག་བཞགཔ་མས་ཏེ་ ཏེ་ཀྲོབ་མདའ་ལེན་འབག་སྦེ་ཡར་སོང་ནུག ད་རུང་འདི་འཐུང་ཚར་ནུག་ཏེ་ཁ་སྐོམ་སྟེ་ གནམ་མེན་ས་མེད་ཟུག་རྐྱབ་ ད་རུང་རང་ཨམ་སྲུ་བུམོ་གཉིས་འགྱོ་དེས་ཟེརཝ་མས་ལོ་ དབའེ་བུམོ་གཉིས་ཀུ་ག་ཏེ་འགྱོ་ནིམ་ཟེར་ནུག་ ང་བཅས་ཚོང་རྐྱབ་པར་རྒྱ་འགྱོ་ནི་ཟེར་སླབ་སླབ་མས། ནཱ་ཤོག་ ནདཔ་ང་ལུ་ཕན་པའི་ཆུ་ཅིག་དབོགས་གནང་ཟེར་ནུག ང་འདི་གི་གླ་ཆ་ གསེར་གྱི་མཛུ་དཀྱི་བྱིན་འོང་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཨ་འོ་ཆུ་ཅིག་དབོགས་པའི་གླ་གསེར་གྱི་མཛུ་དཀྱི་ཐོབ་པ་ཅིན་ བཏུབ་པས་ཟེར་ དེ་ལས་གསེར་གྱི་མཛུ་དཀྱི་ཆ་གཅིག་ལེན་ ཆུ་རྫམ་དོ་དབོགས་བཞག་བཞགཔ་མས། ད་རུང་འདི་འཐུང་ཚར་ནུག་ཏེ་ཁོ་ གྱུང་ཤུགས་རྐྱབ་ན་སྟེ་ ཡུདཔ་ཅིག་ལས་དྲུང་མཚོ་སྨན་གྱི་རྒྱལཔོ་ཟེར་མི་ཅིག་འབྱོན་དེས་ཟེརཝ་མས་ལོ་མར་ལས་ཡར་ རྒྱ་ལས་ཡར་འབྱོན་མས་ལོ་བོད་ལུ་ དབའེ་ད་དྲུང་མཚོ་ང་སྨན་ཅིག་ཞུ་དགོ་པས་ ང་ཤི་རང་ཤི་ནི་འབད་དོ་ཟེར་ནུག ཨ་འབྱིན་ནི་ར་མམ་སྨ་རེད་ཟེར་ སྨན་གནང་གནངམ་མས་ སྨན་ཐེངས་གསུམ་ ཁྱོད་འ་ནཱི་གིས་དྲག་འོང་ཟེར་ ང་འདི་གི་གླ་ཆ་ང་ར་གི་གཞོན་རྟ་འདི་ཕུལ་གེ་ཟེར་ནུག དེ་ལས་སྨན་ཐེངས་གསུམ་བྱིན་གཞོན་རྟ་འདི་ཕུལ་ད་ནུག་ཏེ་དྲུང་འཚོ་འདི་ལུ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་སྨན་ཐེངས་གཅིག་ཟརཝ་ད་ ཨ་ནི་ཁོ་གི་ཆ་རོགས་འདི་གིས་རྐྱབ་བཞག་མི་རྩིགཔ་འདི་ བསྐོར་ར་ཚར་གཅིག་རྐྱབ་ཚུགས་པས་ལོ་ཁོ་དྲག་སྟེ་ གཉིས་བཏང་པའི་བསྒང་ལས་བསྐོར་ར་ཚར་གཉིས་རྐྱབ་ཚུགས་པས་ཟེརཝ་མས་ལོ་ སྨན་ཐེངས་གསུམ་བཏང་པའི་བསྒང་ལས་བསྐོར་ར་ཚར་གསུམ་རྐྱབ་ཚུགས་པས་ལོ་ཏེ་ ཏེ་དྲུང་འཚོ་འདི་ཡར་ཡར་ཅིག་ཁར་ལྷོད་རྒྱབ་ལོག་བལྟ་བལྟཝ་མས་ཡར་ལས་མར་ ནདཔ་འདི་དྲག་སོང་ནུག་ཟེརཝ་མས་ལོ་ འུམ་ཁོ་དྲག་པ་ཅིན་ཁོ་གིས་བྱིན་མི་གི་རྟ་འདི་ད་ལྟ་རང་འཕྱོག་འབག་འོང་ནི་མས་མནོ་ ན་ལས་མར་འགྱོ་སྦེ་ཤི་སྨན་བྱིན་ད་ནུག་ཏེ་ [ད་འདི་ཧེང་སྐལ་འ་ནཱི་ཟ་ཤིག་ དེ་ལས་ཁྱོད་ལེགས་ཤོམ་སྦེ་དྲག་བཅུག་ཤིག་ཟེར་?] ཡར་ལས་མར་ལོག་འོང་སྦེ་ ཏེ་འ་ནཱི་བྱིན་པའི་བསྒང་ལས་ དེ་ལས་ཁོ་ཤི་སོང་ནུག་ཏེ་ ཁོ་ཤི་ནི་གི་ཟུག་རྐྱབ་ གནམ་མེན་ས་མེད་[པྱད་?]སྡོད་སྡོདཔ་མས། དེ་ལས་ཨརཝ་སྤྱང་གོ་ལོ་འ་ནཱི་བྱ་བྱ་རྒོད་མི་གི་རོ་ཟ་མི་ཡོདཔ་འདྲས་བོ་ ཡར་ལས་ཡར་འ་ནཱི་ཡང་འཐོན་འོང་ནུག་ཁོ་ཟ་ནི་འབད་ དེ་ལསན་ཆ་རོགས་ཨརཝ་སྤྱང་ཀོ་(སྤྱང་ཀི་)ཟེར་ སེམས་ཅན་འདི་ཚུ་འ་ནཱི་འབད་འོངམ་མས་ཟེརཝ་མས་ལོ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ཡུདཔ་ཅིག་ལས་ མཚོ་སྨན་རྒྱལམོ་འདི་འཐོན་དེས་ལོ་ ཁྱོད་ག་ཅི་ཐོབ་ཟེར་ ངེ་གི་མི་ཨིན་ཟེར་ ཁྱོད་ཟ་ནི་མི་ཐོབ་ཟེར་མོ་གིས་འཐུ་འབག་ཡར་སོང་ནུག་ མི་ངོ་མ་འབད་ ཕར་མཚོ་ནང་ ཏེ་ཁོང་ཟ་ནི་མ་ཐོབ་པས་ དེ་ལས་མོ་གིས་འཐུ་འབག་སོང་ནུག དེ་ལས་ཏེ་འ་ནཱི་ཁོ་གི་ཨམ་སྲུ་འདི་ཡར་ལས་མར་ འོང་དེས་ཟེརཝ་མས་ལོ་ཏེ་ ལྟོ་མཛར་ལམ་ཁར་གདོང་བསུ་འོང་འོངམ་མས་ཏེ་ འོང་དེ་ལས་ཚོངམ་ཚན་ཅིག་འགྱོ་དེས་ཟེརཝ་མས་ལོ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དབའེ་ཚོང་པ་ད་ལྟོ་འོང་མི་ ཧེ་མ་འོང་འོངམ་མས་ཆ་ཟེར་ནུག་ ལྟོ་བཀྱེས་པ་ཡོདན་ཕྱེ་མར་བཞེས་ཟེར་ནུག་ ཁ་སྐོམ་པ་ཡོདན་ཇ་ཆང་བཞེས་སླབ་སླབ་མས། ང་བཅས་ལྟོ་ཡང་བཀྱེས་པ་མེད་ ཁ་ཡང་སྐོམ་པ་མེད་ ད་ལྟོ་ར་ཟ་འོངམ་ཨིན་ཟེར་ནུག འཛམ་གླིང་ཉི་མའི་དཀོན་མཆོག་གི་སྐད་ཅིག་མ་གོ་ག་ཟེར་སླབ་སླབ་མས་ འཛམ་གླིང་ཉི་མའི་དཀོན་མཆོག་གི་སྐད་ཅིག་མ་གོ་ ང་བཅས་ཀྱི་ཤུལ་ལས་ད་རུང་ཚོངམ་ཚན་ཅིག་ཡོད་ འ་ནཱི་ཚུ་ལུ་དྲི་ལྟ་ཤིག་ཟེར་སླབ་སླབ་མས། ཨིན་པས་ལོ་མོ་ཡར་ལས་མར་འགྱོཝ་ད་ ད་རུང་ཚོངམ་ཚན་ཅིག་འོང་དེས་ལོ་ དེ་ཚུ་ལུ་དྲི་དྲིསཝ་མས་ཏེ་ ཁྱོད་ལྟོཝ་བཀྱེས་པ་ཅིན་ལྟོ་ཟ་ཟེར་ནུག་ ཁ་སྐོམན་ཇ་ཆང་འཐུང་ཟེར་ནུག་ དེ་ལས་འཛམ་གླིང་ཉི་མའི་དཀོན་མཆོག་གི་སྐད་ཅིག་མ་གོ་ག་ཟེར་སླབ་སླབ་མས་ ཁོང་ལྟོ་ཡང་མི་བཀྱེས་ ཁ་ཡང་མི་སྐོམ་ད་ལྟོ་ར་ཟ་འོང་འོངམ་ཨིན་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་འཛམ་གླིང་ཉི་མའི་དཀོན་མཆོག་ ཤུལ་ལས་ལྟོ་ཚང་ཧིང་དང་འདྲཝ་འོང་དེས་ འ་ནཱི་ཁོ་ལུ་དྲི་ལྟ་ཟེར་སླབ་སླབ་མས། དེ་ལས་ཡར་སོང་ནུག་ཁོང་ཡང་ ད་རུང་མོ་ན་ལས་མར་སོང་ཨིན་མས་ལོ་ དྲེལ་གླ་གཉིསཔོ་འདི་ཁོ་གིས་བདའ་སྦེ་ ཁོ་འོང་དེས་ཟེརཝ་མས་ལོ་ དབའེ་ལྟོ་ཚང་ཧིང་དང་འདྲཝ་ཟེར་ནུག ལྟོ་བཀྱེས་པ་ཡོདན་ལྟོ་ཟ་ཟེར་ནུག་ ཁ་སྐོམ་པ་ཡོདན་ཇ་ཆང་འཐུག་ཟེར་ ཏེ་འཛམ་གླིང་ཉི་མའི་དཀོན་མཆོག་འོང་ས་མ་འཐོང་ག་ མ་འོང་ག་ཟེར་སླབ་སླབ་མས།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཁོ་ལྟོ་ཡང་ད་ལྟོ་འཛམ་གླིང་ཉི་མའི་དཀོན་མཆོག་དང་མཉམ་ཟ་འོང་འོངམ་ཨིན་ ཇ་ཡང་འཐུང་འོང་འོངམ་ཨིན་ཟེར་ནུག་ ལྟོ་ཡང་མི་བཀྱེས་ཁ་ཡང་མི་སྐོམ་ཟེར་ ཏེ་ཁོ་གིས་སྐྱེལ་མི་ཅ་ལ་འདི་ཚུ་ཁྱོད་ར་ལེན་ཟེར་ནུག ཏེ་ཁོ་ཆོས་འབད་བར་ཡར་སོ་ཡི་ཟེར་སླབ་སླབ་མས། ཏེ་དེ་ལས་ཏེ་[ཧ་གམ་?] དྲན་མེད་བརྒྱལ་སོ་ནུག་ཏེ་མོ་ དེ་ལས་ཡར་ལྷོང་ དེ་ལས་ན་ལས་ཡར་འཁྱིད་སོང་སོངམ་མས་ཏེ་ དེ་ལས་མོ་ར་གི་ཡང་སྤྲོད་ ཨ་པ་སྐྱེལ་མི་ཡང་ཨ་པ་སྤྲོད་ ཨ་མ་སྐྱེལ་མི་ཡང་མ་སྤྲོད་ མོ་ར་ལུ་སྐྱེལ་མི་ཡང་མོ་ར་ལུ་སྤྲོད་ དེ་ལས་རྟ་དང་འདི་ཚུ་ ཚོང་འདི་ཚུ་ཡང་ག་ར་རྩིས་སྤྲོད་ད་ནུག་རོགས་ ཨཔ་དང་ཨའི་ལུ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: རྩིས་སྤྲོད་སྦེ་དེ་ལས་ ཏེ་ལོ་གསུམ་ཡར་སོང་ནུག་ཏེ་ ལོ་གསུམ་ལངམ་ད་དེ་ལས་ ཁོང་ཏེ་ཆ་མཉམ་ཁོང་ར་གསུམ་ཆ་ར་ ཨ་པ་ཨའི་དེ་ལས་མནའམ་འདི་ཏེ་ མཚམས་རང་རང་ས་མཚམས་ཁང་བཟོ་མཚམས་བཅད་བཞུགས་བཞུགཔ་མས་ཏེ་རོགས་ མཚམས་བཅད་བཞུགཔ་ད་ དང་པ་རང་ དང་པ་རང་མོ་སྡོད་སར་འོང་འོངམ་མས་ བྱ་བོད་ཀྱི་མཐིང་མཐིང་རྒྱལམོ་སླབ་མི་འདི་ མོ་གི་མཚམས་ཁང་འོག་ལས་ཤིང་གཅིག་ཡོདཔ་མས་ལོ་ འ་ནཱི་གི་གུ་འཛེགས་སྦེ་སླབ་སླབ་མས།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དབའེ་བུམོ་བསྟན་འཛིན་སྒྲོམ་མའི་ལྷ་འཛིན་ ཁྱོད་ཀྱི་འཛམ་གླིང་ཉི་མའི་དཀོན་མཆོག་མ་ཤི་བས་ཟེར་ནུག་ མར་མཚོ་གི་རྟིང་ལུ་འདུག་ མཚོ་སྨན་རྒྱལ་མོའི་རྨགཔ་སྦེ་འདུག་ཟེར་སླབ་སླབ་མས་ ཐད་རི་བ་རི་ཨིན་པས་ག་ཟེར་ མོ་དགའ་དྲགས་ ལྟོ་བང་ཁྲ་གསུམ་འབད་ ནཱ་ལྟོ་བང་ཁྲ་གང་འབད་ དེ་ལས་ཡར་ཨའི་འདི་ལུ་སླབ་སླབ་མས། ད་འབདན་ང་བཅས་འཛམ་གླིང་ཉི་མའི་དཀོན་མཆོག་མར་འདུག་ལོ་ཟེར་ནུག་ ད་རུང་དེ་ལས་ཨའི་ལུ་སླབ་པ་འཛུལ་སོང་ནུག་བྱ་འདི་གིས་ འ་ནཱི་ས་བོད་ཀྱི་མཐིང་མཐིང་རྒྱལམོ་སླབ་མས་ གླུ་འབད་ར་འཐེན་ནི་ཡོད་གཞན་ ང་བཅས་སྐད་མེད་པ་མས་ དེ་ལས་ དེ་ལས་ཨ་པ་ལུ་སླབ་ད་ནུག་ ཨ་པ་འདི་ལུ་ཡང་སླབ་ ད་དེ་ལས་འབདན་ ཁོང་གསུམ་ཆ་ར་ ཏེ་ཡར་སོ་ནུག་ཏེ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ཏེ་ད་རུང་ ཏེ་ཁོང་གསུམ་པོ་བློ་རྐྱབ་ དེ་ལས་ལྟོ་ཚང་ཧིང་དང་དྲཝ་ཡང་འཁྱིད་སྦེ་ཡར་སོང་ནུག་ཏེ་མར་ མར་འགྱོ་ མཚོ་འདི་གི་མཐའ་མར་འགྱོ་སྦེ་ དེ་ལས་དང་པ་རང་ ཁོ་གིས་སྐྱེལ་མི་གསེར་གྱི་མཛུ་དཀྱི་འདི་ཕུད་སྦེ་ མར་བཏང་བཏངམ་མས་མཚོ་ནང་ འ་ནཱི་སྦེ་གསེར་གྱི་མཛུ་དཀྱི་འདི་མཚོ་ནང་བཏངམ་ད་ ཁོ་མར་མཚོ་སྨན་རྒྱལ་མོའི་གི་རྟ་འདི་ རྟ་གསུམ་འདུག་ཟེརཝ་མས་ལོ་ འ་ནཱི་ཆུ་འབྱིན་སྦེ་སྡོད་སྡོདཔ་མས་ ཕྲང་ཕྲང་ཝ་ནང་མས་ཟེརཝ་མས་ལོ་ མར་རྟའི་གི་ཆུ་འཐུང་སའི་ཝ་ནང་།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་མར་ལས་ཡར་འཐུ་སྦེ་བལྟ་བའི་བསྒང་ལས་ མོ་ཁོ་སྐྱེལ་མི་འདི་ཨིན་མས་ཟེརཝ་མས་ལོ་ དེ་ལས་ད་རུང་རང་ ཁོ་རའི་གསེར་གྱི་མཛུ་དཀྱི་ཅིག་ན་ལས་མར་བཙུགས་འབག་མི་ཅིག་ཡོདཔ་མས། འ་ནཱི་ཕུད་ཁོ་རའི་ལྷམ་ཡ་གཅིག་ཕུད་ དེ་ནང་བཏགས་སྦེ་བཏང་བཏངམ་མས་ན་ལས་ཡར་ བཏངམ་ཅིག་ ཡར་ཀྲིག་ཀྲི་འབད་ལྷོད་སོ་ཡི་ཟེར་བས་ལོ་ ཏེ་དེ་ལས་མོ་གིས་ འ་ནཱི་གདོབ་ཅུ་ཕུད་རྡོག་བཞི་མཚོ་ནང་གཡུག་བཀོཝ་ཅིག་མཚོ་སྐམ་སོང་ནུག་ཏེ་ མོ་ཡང་མཁའ་འགྲོ་ཨིན་མས་བ་ཏེ་རོགས།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: མཚོ་སྐམ་པའི་བསྒང་ལས་ དེ་ལས་མཚོ་སྨན་རྒྱལམོ་འདི་གནམ་མེད་ས་མེད་དྲག་བཀལ་ ཏེ་འཐོན་དེས་ཟེརཝ་མས་ལོ་མར་ལས་ཡར་ ངེའི་མཚོ་ག་ཅི་འབད་སྐམ་མོ་ཟེར་མཚོ་བཏང་ཟེར་ ཁྱོད་ངེའི་མི་ལོ་གསུམ་ག་ཅི་འབད་བཀག་བཞགཔ་སྨོ་མི་བཏང་ཟེར་སླབ་སླབ་མས་ མོ་མོ་མཚོ་བཏང་ཟེར་ མོ་མོ་མི་བཏང་ཟེར་སླབ་ དེ་ལས་ཡུདཔ་ཅིག་ལས་ མཚོ་སྐམ་བྱེམ་གྱུར་སོང་ནུག་ཏེ་ཡུདཔ་ཅིག་ལས་ ཏེ་དེ་ལས་ ཁོ་བཏང་དེས་ལོ་ཏེ་ གནམ་མེད་ས་མེད་སྔུ་བྱེལ་འཐབ་ དེ་ལས་མི་ལུ་གདོན་ནི་མེདཔ་རྟིང་བདའ་གདོན་ནི་བཅར་ནི་མེད་པའི་བཀའ་བཀལ་བཞག་སྦེ་ དེ་ལས་ཁོ་ཁྱིད་འགྱོ་འགྱོཝ་མས་ཡར་ ཏེ་མོ་རའི་མཚོ་ཡང་བཏང་སྦེ་ དེ་ཡར་ཁྱིད་དེ་ལས་ལོ་གཅིག་ག་ར་ཆོ་ག་བཏང་སྡོད་སྡོཔ་མས་ཏེ་ གནམ་མེད་ས་མེད་དགའ་དྲགས་ འ་ནེ་ཅིག་རང་ཨིན་ལགས།། །།