Skip to main content Skip to search
18 Feb 2017
6 min 24 sec
Video Overview
Creators: 
Sonam Tobgye, Sangay Tshomo

In this video, Kinzang narrates “The Story of Two Boys from Poor and Rich Families.” In the story, a powerful dove gives a poor boy gold and silver as a gift due to his truthful and detached nature. A rich boy, who is ambitious and wishes to accumulate wealth, hears about the poor boy and the dove, and decides to follow into the poor boy’s footsteps. However, when he asks the dove for the same gift given to the poor boy, the dove gives him only excrement, since his actions were not pure. Thus, the story conveys the message that one should not be jealous of others.

 

ཀུན་བཟང་གིས་བཏང་མི་སྲུང་འདི་ འདོད་པ་མ་པ་ལས་མེདཔ་མ་ཚད་ ག་ལུ་ཡང་ ཤོབ་མ་རྐྱབ་མི་ སྤྱང་ཀའི་བུཚ་ཅིག་དང་ ཕྱུག་པའི་བུ་ཅིག་གི་སྐོར་ལས་ཨིན་པས། འདི་འབདཝ་ད་ ཐི་ལི་རྒྱལམོ་ཅིག་གིས་ ཁོ་ལུ་ གསེར་དང་དངུལ་ཚུ  གསོལ་རས་སྦེ་ བྱིན་ཡོདཔ་ད་ ཤུལ་ལས་ ཕྱུགཔོ་གི་བུཚ་གིས་ སྤྱང་ཀའི་བུཚ་ལུ་ ཐི་ལི་རྒྱལམོ་གིས་ རྒྱུ་ནོར་ཚུ་བྱིན་དེ་ གོ་ཞིནམ་ལས་ ཁོ་ཡང་ཐོབ་དགོ་མནོ་སྟེ་ སྤྱང་ཀའི་བུཚ་ལུ་ ལོ་རྒྱུས་ཚུ་འདྲི་སྟེ་ ཁོ་བཟུམ་སྦེ་ འབད་འབདཝ་ཨིན་པས། དེ་ལས་ ཁོ་གིས་ ཁོ་ཕྱུགཔོ་གི་བུཚ་ཨིན་མནོ་སྟེ་ སྤྱང་ཀའི་བུ་ལས་ལྷག་སྦེ་ དགོ་འདོད་བསྐྱེདཔ་ད་ ཁོ་ལུ་ཐི་ལི་རྒྱལམོ་གིས་ ཨ་བ་བྱིན་བྱིནམ་ཨིན་པས། སྲུང་འདི་གི་ བརྗོད་དོན་ངོ་མ་འདི་ གཞན་ལུ་ང་རྒྱལ་ བསྐྱེད་མ་བཏུབ་པའི་སྐོར་ལས་ཨིན་པས། 

 

Transcript search
No results found for this search
0 of 0
  • ཀུན་བཟང་།
    དང་ཕུ་ སྤྱང་ཀའི་བུཚུ་གཅིག་དང་ ཕྱུགཔོ་གི་བུཚུ་གཅིག་སྡོད་སྡོདཔ་མས། སྤྱང་ཀའི་བུཚུ་འདི་ ནོར་འཚོ་དོ་ཡོདཔ་མས་ བ་གི་མིང་ལུ་ཏུ་ཀུར་མི་སླབ་དོ་མས། ཏེ་ཁོ་གི་ལྟོ་འབད་ ༼མུ་ནང་༽ ༼ལམ་ཤུ༽ གཅིག་འབག་དོ་མས། ཏེ་ཁོ་ནོར་འཚོ་སྡོདཔ་ད་ ནོར་གྱི་གཞན་གྱི་ཞིང་ནང་ ཐོག་ཟ་བར་ཡར་སོངམ་མས།
  • ཀུན་བཟང་།
    ཏེ་ ནོར་བདའ་འགྱོ་ད་ ཁོ་གི་༼ལམ་ཤུ༽ ལུས་ཡོདཔ་མས། དེ་ལས་ ཁོ་ནོར་ལོག་བདའ་འོང་འབད་ ༼ལམ་ཤུ༽ རྩ་བ་ལྷོདཔ་ད་མིན་འདུག་ལོ། ཡ་ ངེའི་༼ལམ་ཤུ༽ ག་གི་འབག་ཡར་སོང་ཡི? ཐི་ལི་རྒྱལམོ་གི་སླབ་མས་ལོ་ ཕུག་ལུ་བལྟ་ཡར་ཤོག་ཟེར་ཤིང་ཐོག་ཁར་ལས་སླབ་ནུག
  • ཀུན་བཟང་།
    ད་རུང་ ཁོ་ཧ་མ་གོ་མས་ ངེའི་༼ལམ་ཤུ༽ ག་གི་འབག་ཡར་སོང་ཡི་ག་སྨོ་ ཐི་ལི་རྒྱལམོ་གི་སླབ་མས་ལོ་ ཕུག་ལུ་བལྟ་ཡར་ཤོག་ཟེར་སླབ་མས་ལོ་ ཁོ་གི་འབག་ཡི་སླབ་སླབ་མས། ཐི་ལི་རྒྱལམོ་ཁྱོད་མ་འབག་ག་ཟེརཝ་ད་ འབག་ཡི་ཡར་ཤོག་ཟེར་སླབ་མས་ལོ་ ང་ག་དེ་འབད་འོང་ནི་ཟེརཝ་མས་ལོ།
  • ཀུན་བཟང་།
    དེ་ལས་ ཐི་ལི་རྒྱལམོ་གི་སླབ་མས་ལོ་ ཤིང་གི་ཨེ་ཁུག་དགོ་ནི་ ལྕགས་ཀྱི་ཨེ་ཁུག་དགོ་ནི་ ང་སྤྱང་ཀ་ཨིན་ ཤིང་གི་ཨེ་ཁུག་དགོ་ནི་སླབ་ད་ ལྕགས་ཀྱི་ཨེ་ཁུག་འཐེན་བྱིན་ཡི་ལོ་ དེ་ལས་ཡར་འཛེག་ ག་རུང་ཕར་འགྱོ་དགོ་དོ་མས་ ཁྱོད་ཤིང་གི་ཟམ་པ་དགོ་ནི་ གསེར་གྱི་ཟམ་པ་དགོ་ནི་ཟེར་སླབ་མས་ལོ།
  • ཀུན་བཟང་།
    ང་སྤྱང་ཀའི་བུཚུ་ ཤིང་གི་ཟམ་པ་གི་བཏུབ་སླབ་སླབ་མས་ དེ་ལས་ ཁོ་ལུ་གསེར་གྱི་ཟམ་པ་འཐེན་བྱིན་ཡི་ལོ་ སྲུང་ཟེར་འདི་བཟུམ་ཅི་མས་ ཕྱི་རུ་སླབ་ད་ ཐི་ལི་རྒྱལམོ་ཁྱིམ་ནང་ལྷོད་ཞག་ཉལ་ནི་རན་དོ་མས། དེ་ལས་ ཕྱི་རུ་ལྟོ་ཟ་ནི་རནམ་ད་ སྤྱང་ཀའི་བུ་ལྟོ་ཟ་ནི་ ༼ཐུ་ལུ་བོག་པི༽ ཟ་ནི་སླབ་ད་ ང་སྤྱང་ཀ་༼ཐུ་ལུ་བོག་པི༽ བཏུབ་སླབ་སླབ་མས་ དེ་ལས་ ལྟོ་བཟོ་ཕགཔ་ཤ་བཙོ་བྱིན་ཡི་ལོ།
  • ཀུན་བཟང་།
    དེ་ལས་ ལྟོ་ཟ་ཉལ་ཉལཝ་མས། དེ་ལས་ ཐི་ལི་རྒྱལམོ་གི་ སྤྱང་ཀའི་བུ་ཁྱོད་ཞག་ཉལཝ་ད་ མགུ་ཏོ་ཁར་ཚར་ཚིར་འབད་འོང་ ཙང་ཙ་ཉལ་འབད་དེ་ ནངས་པ་དྲོ་པ་ ཕར་པོག་ཏོ་ལྷོདཔ་ད་ ༼ཁུ་ལི༽ ཆར་བཀབ་འཐེན་འབད་ ཁྱོད་མགུ་ཏོ་སིག་བལྟ་མས་ བཏུབ་སླབ་ ཕྱི་རུ་ཐི་ལི་རྒྱལམོ་སླབ་དོ་བཟུམ་ ཚར་ཚིར་འབད་དེ་ལོ་ ཙང་ཙ་ཉལ་ཡོདཔ་མས།
  • ཀུན་བཟང་།
    དྲོ་པ་ལོང་ ཆར་བཀབ་འཐེན་མགུ་ཏོ་སིག་བལྟཝ་ད་ བྱི་རུ་མུ་ཏིག་འཐོན་དེ་ལོ་ དེ་ལས་ སྤྱང་ཀའི་བུཚུ་འདི་ཕྱུགཔོ་ཡར་སོངཔ་མས། དེ་ལས་ ཕྱུགཔོ་གི་བུཚུ་གི་སླབ་མས་ལོ་ འ་ནི་ཚུ་ག་སྟེ་ལས་ཐོབ་ཅི་ དེ་ལས་ སྤྱང་ཀའི་བུཚུ་གི་ཕྲང་སླབ་སླབ་མས་ ནོར་འཚོ་ས་ ༼ལམ་ཤུ༽ ཐི་ལི་རྒྱལམོ་གྱི་འབག་ དེ་ལས་ ཐི་ལི་རྒྱལམོ་གྱི་དངོས་གྲུབ་ཨིན་ཟེར་ སྔོན་མ་ཁོ་ག་ཅི་འབད་ཡི་ འདི་ཚུ་ག་ར་སླབ་ནུག་ཕྱུགཔོ་གི་བུཚུ་ལུ།
  • ཀུན་བཟང་།
    ཕྱུགཔོ་བུཚུ་གི་ ང་ཡང་ཁྱོད་བཟུམ་འབད་བ་ཅིན་ཐོབ་ག་ཟེརཝ་མས་ལོ་ ཐོབ་ཐོབ་སླབ་ནུག་སྤྱང་ཀའི་བུཚུ་གི་ དེ་ལས་ ཁོ་ཡར་སོང་ནུག་ ཁོ་གིས་ཡང་ ༼ལམ་ཤུ༽ བཞག་འབད་ནོར་འཚོ་དོ་བཟུམ་བཟོ་ནུག དེ་ལས་ ཁོ་ཡང་ནོར་བདའ་བར་འགྱོ་འབད་ལོག་ལྷོདཔ་ད་ ༼ལམ་ཤུ༽ འབག་ཡར་སོང་ནུག་ལོ།
  • ཀུན་བཟང་།
    ཁོ་ཡང་སླབ་སླབ་མས་ ངེའི་༼ལམ་ཤུ༽ ག་གི་འབག་ཡར་སོང་ཡི་ག་སྨོ་ ཐི་ལི་རྒྱལམོ་གི་སླབ་མས་ལོ་ ཕུག་ལུ་བལྟ་ཡར་ཤོག་ཟེར་སླབ་མས་ལོ་ ད་རུང་ སྤྱང་ཀའི་བུཚུ་བཟུམ་རང་སླབ་སླབ་མས་ ཡར་ཤོག་ཕུག་ལུ་བལྟ་སླབ་མས་ལས་ ཐི་ལི་རྒྱལམོ་ཁྱོད་མ་འབག་ག་ཟེརཝ་མས་ལོ་ འབག་ཡི་ཤོག་ཟེར་སླབ་ད་ ཕྱུགཔོ་གི་བུཚུ་གིས་ཧམ་ཐོ་སུ་ཅིག་འབད་ ད་ལྟ་རང་ང་ ཤིང་དུམ་བཀོ་འོང་སླབ་སླབ་མས།
  • ཀུན་བཟང་།
    དེ་འབད་སླབ་ ང་ཁྱོད་འབད་སར་ག་དེ་འབད་འོང་ནི་ ཁྱོད་ལྕགས་ཀྱི་ཨེ་ཁུག་དགོ་ནི་ ཤིང་གི་ཨེ་ཁུག་དགོ་ནི་ ང་ཕྱུགཔོ་གི་ཨ་ལོ་ཨིན་ ལྕགས་ཀྱི་ཨེ་ཁུག་དགོ་སླབ་ད་ ཤིང་གི་ཨེ་ཁུག་བཅག་ས་ས་འབད་མི་ཅིག་བྱིན་དེ་ལོ། ཡར་འགྱོ་ཁོ་ཡར་ལྷོད་ཡོདཔ་མས་ དེ་ལས་ ཐི་ལི་རྒྱལམོ་གྱི་ཁྱོད་ ཤིང་གི་ཟམ་པ་དགོ་ནི་ གསེར་གྱི་ཟམ་པ་དགོ་ནི་ཟེར་དེས་ལོ་ ང་ཕྱུགཔོ་གི་བུཚུ་གསེར་གྱི་ཟམ་པ་དགོ་ཟེརཝ་མས་ལོ་ དེ་ལས་ ཁོ་ལུ་ཤིང་གི་ཟམ་པ་འདྲོག་སི་སི་ཅིག་འཐེན་བྱིན་ཡི་ལོ།
  • ཀུན་བཟང་།
    ཡར་ལྷོད་གནམ་སྲོ་ཡོདཔ་མས་ ལྟོ་ཟ་རནམ་ད་ ཁྱོད་ལྟོ་བཟོ་ཕགཔ་ཤ་བཙོ་ཟ་ནི་ ༼ཐུ་ལུ་བོག་པི༽ དགོ་ནི་ཟེརཝ་ད་ ང་ཕྱུགཔོ་གི་བུཚུ་ལྟོ་བཟོ་ཕགཔ་ཤ་བཙོ་ཟ་ནི་སླབ་ དེ་ལས་ ཐི་ལི་རྒྱལམོ་གྱི་ ༼ཐུ་ལུ་བོག་པི༽ བྱིན་བྱིནམ་མས། དེ་ལས་ སྤྱང་ཀའི་བུཚུ་ལུ་སླབ་དོ་བཟུམ་འབད་རང་ ཉལཝ་ད་ མགུ་ཏོ་ཁར་ཚར་ཚིར་འབད་འོང་ ཙང་ཙ་ཉལ་འབད་དེ་ ནངས་པ་དྲོ་པ་ ཕར་པོག་ཏོ་ལྷོདཔ་ད་ ༼ཁུ་ལི༽ ཆར་བཀབ་འཐེན་འབད་ ཁྱོད་མགུ་ཏོ་སིག་བལྟ་མས་ བཏུབ་སླབ་ཉལ་ནུག
  • ཀུན་བཟང་།
    ཁོ་མགུ་ཐོག་ཚར་ར་ཚིར་རི་འབད་དེ་ལོ་ནུབ་མོ་ ཐི་ལི་རྒྱལམོ་ག་ཅི་འབདཝ་ ངེའི་མགུ་ཏོ་ཁར་སླབ་མས་ལོ་ནུབ་མོ། དེ་ལས་ ད་རུང་ཉལ་ཚ་ར་ཚི་རི་འབད་ཉལ་ནུག་ དྲོ་པ་ལོང་མགུ་ཏོ་སིག་བལྟཝ་ད་ ཐི་ལི་རྒྱལམོ་ཨ་ཝ་འཐོན་དེ་ལོ་ འ་ནི་འདི་ གཞན་ལུ་ཕྲག་དོག་མ་འབད་ཟེར་བའི་དོན་མས་ལགས། རྫོགས་སོང་ཡི་ལ། །