Skip to main content Skip to search
20 Jun 2018
8 min 6 sec
Video Overview
Creators: 
Karma Yezor

This video shares a story of the popular merchant Tshongpon Norbu Zangpo, who was powerful as the richest man in his area. One day he went to trade in India, where he found a golden elephant of an Indian ruler sunken into the ocean. Astrologers gathered and came to a resolution that the king needed to look for pure wife who married for several years, had children and never had slept with anyone other than her husband; the King promised his wealth as reward. The merchant returned home and asked his wife, but found out his wife was unfaithful. The story reveals the importance of being faithful. The story was narrated by Dendup from Kabesa Gewog, Punakha.

གློག་བརྙན་འདི་ནང་གི་སྲུང་འདི་ རྒྱལ་ཁབ་ནང་འཁོད་ལུ་ སྤྱིར་བཏང་གི་ཡོངས་གྲགས་དང་ སྟོབས་ཤུགས་འདི་ལས་ ཕྱུག་ཤོས་ཅིག་ཨིན་མི་ ཚོང་དཔོན་ནོར་བུ་བཟང་པོའི་སྐོར་ལས་ཨིནམ་ད་ ཉིནམ་ཅིག་འབདཝ་ད་ རྒྱ་གར་ལུ་ ཚོང་བཏོན་པར་འགྱོ་བའི་སྐབས་ ཁོ་གིས་ རྒྱ་གར་གྱི་རྒྱལཔོ་གི་ གསེར་གྱི་གླངམ་ཆེ་ཅིག་ ཆུ་ནང་ཐིམ་ས་མཐོང་ཡོདཔ་ཨིན་པས། ཏེ་དེ་བསྒང་ དེ་ཁར་རྩིསཔ་ལེ་ཤ་ཅིག་འཛོམས་ཏེ་ མོ་བཏབ་པའི་སྐབས་ རྒྱལཔོ་འདི་གིས་ རང་གི་རྨགཔ་ལས་ལྷག་སྟེ་ ཕོ་རྒས་གཞན་ག་ད་ཅིག་ཁར་ཡང་ འབྲེལ་བ་མེད་པའི་ དམ་ཚིག་གཙང་ཏོག་ཏོ་ཡོད་པའི་ ཨམ་སྲུ་ཅིག་བཙུནམོ་སྦེ་ བཞེས་དགོཔ་སྦེ་ཐོན་ཡོདཔ་ལས་ རྒྱལཔོ་གིས་ ཨམ་སྲུ་འདི་བཟུམ་ཡོད་པ་ཅིན་ རྒྱལ་པོའི་བང་མཛོད་ཕྱེད་ཀ་གནང་ནི་ཟེར་ ཞལ་གྱིས་བཞེས་ཡོདཔ་མས། འདི་འབདཝ་ལས་ ཚོང་དཔོན་འདི་ལོག་གཡུས་ཁར་སོང་སྟེ་ ཁོང་རའི་ཨམ་སྲུ་ལུ་འདྲིཝ་ད་ ཨམ་སྲུ་འདི་ དམ་ཚིག་མེདཔ་སྦེ་ ཤེས་ཡོདཔ་ཨིན་པས། འདི་འབདཝ་ལས་ སྲུང་གི་བཅུད་དོན་འདི་ གཉེན་གྲོགས་ཀྱི་བར་ན་ ཐ་དམ་ཚིག་དང་ བློ་གཏད་དགོ་པའི་སྐོར་ལས་ཨིནམ་ད་ སྲུང་བཏང་མི་འདི་ སྤུན་ན་ཁ་རྫོང་ཁག་ དཀར་སྦི་ས་རྒེད་འོག་ལས་ དོན་གྲུབ་ཨིན། 

Transcript search
No results found for this search
0 of 0
  • དོན་གྲུབ་
    དང་ཕུ་ཏེ་ང་བཅས་ར་ཨ་ནཱི་ང་བཅས་འབྲུག་རྒྱལ་ཁབ་ནང་ལུ་ར་ཨིན་མས་ལགས།ཏེ་ཚོང་དཔོན་ནོར་བུ་བཟངམོ་ཟེར་མི་ཅིག་ཡོད་དོ་མས་བ་ལགས།ཏེ་འ་ནཱི་ཁོ་ལུ་དབང་ཚད་འདི་ག་ཅི་འདུག་ཟེར་བ་ཅིན་ཁོ་གིས་མི་བསད་དེ་སྦེ་ཆུ་སྐྱེལ་རུང་སྐྱེལ་ཚུགས་པའི་དབང་ཚད་ཡོདཔ་མས་ལགས།ཏེ་ད་ལྟོ་ངེའི་སྲུང་འདི་ག་ཅི་སྨོ་ཟེར་བ་ཅིན་འ་ནཱི་གི་སྐོར་ལས་ཅིག་ཏེ་ཞུ་ནི་ཟེར་སླབ་ནི་ལགས།
  • དོན་གྲུབ་
    ཚོང་དཔོན་ནོར་བུ་བཟངམོ་ཟེར་མི་འདི་ཏེ་ཁོ་ར་ རོགས་ཨམ་སྲུ་ཡང་ཡོདཔ་མས་ལགས།དེ་ལས་ཨམ་སྲུ་ཡང་ཡུདཔ་ཅིག་བར་ན་སྐོར་ལུ་ཨམ་སྲུ་དང་ཁོའི་བར་ན་སྐོར་ལུ་ཨ་ལོ་དགུ་དེ་ཅིག་ཡོདཔ་མས་ལགས།ཏེ་ཁོའི་འོག་ལས་རྟ་ཁོ་ར་གི་ཏེ་ཁལ་བཀལ་མི་གི་རྟ་ཁལ་ལྔ་དེ་ཅིག་ཡོདཔ་མས་ལགས།ཚོང་གཡོག་ཁལ་ལྔ་དེ་ཅིག་ཡོདཔ་མས་ལགས།ཏེ་ཚར་གཅིག་གི་མཐའ་མ་ལུ་ཏེ་ཨམ་འདི་ཁྱིམ་ནང་བཞག་སྦེ་འབད་ཏེ་ཁོང་མར་རྒྱ་ལུ་ཚོང་བཏོན་པ་སོང་སོངམ་མས་ལགས།
  • དོན་གྲུབ་
    ཏེ་མར་རྒྱ་ལུ་ཚོང་བཏོན་པ་སོང་འབདཝ་ད་ཏེ་མར་རྒྱའི་རྒྱལ་པོའི་ ཏེ་ནོརབུ་གླངམོ་ཆེ་གསེར་གྱི་ནོརབུ་ཟེར་ཏེ་གླངམོ་ཆེ་གཟུགས་ག་ར་གསེར་འབད་མི་ཅིག་ཡོདཔ་མས།འ་ནཱི་ནཱ་མར་ཆུ་བཞེས་པ་རྒྱ་མཚོ་ནང་ལུ་ཆུ་བཞེས་པ་འབྱོནམ་ད་ལུ་ཏེ་གླངམོ་ཆེ་འདི་ཏེ་འགྱེལ་ཏ་རྐྱབ་སྟེ་མར་རྒྱ་མཚོ་ནང་ལུ་འཛུལ་སོངཔ་མས།ཏེ་རྒྱ་ནག་རྒྱལཔོ་གནམ་མེད་ས་མེད་ཐུགས་ཕམ་ད་ཨིན་ཅིག་མིན་ཅིག་ངེའི་གླངམོ་ཆེ་འདི་ ཡར་བཏོན་ར་བཏོན་དགོ་ཟེར།
  • དོན་གྲུབ་
    རོགས་རྒྱལཔོ་ག་ར་ལུ་ནོརབུ་ཡོད་ཟེར་ང་ཡོད་རུང་མེད་རུང་གླངམོ་ཆེ་དེ་ཨིན་ས་ཏེ་འདི་རྒྱ་མཚོ་ནང་འཛུལ་སོང་ཡི་ཟེར་ཏེ་ཨིན་ཅིག་མིན་ཅིག་བློན་པོ་ཚུ་ལུ་བཀའ་གནང་སྟེ་སྦེ་ཏེ་ཡར་བཏོན་ཚུགསཔ་ཅིག་བཏོན་དགོ་ཟེརཝ་ད་ཏེ་བློན་པོ་གཅིག་གིས་ཏེ་ཆོསཔ་གནས་སྐོརཔ་ཚོང་པ་ཏེ་རྒྱ་གར་རྒྱ་ནག་ང་བཅས་འབྲུགཔ་ག་ར་འཛོམས་ས་ལུ་ཏེ་ཁོ་སྐད་སྦོམ་འབད་རྐྱབ་སྟེ་སྦེ་ཏེ་ད་འ་ནཱི་ཡར་བཏོན་ནི་གི་རྩིསཔ་ཅིག་འཐོན་གནང་ཟེརཝ་ད་ཏེ་རྩིསཔ་བཞི་འཐོན་འཐོནམ་མས་ལགས།
  • དོན་གྲུབ་
    ཏེ་རྩིསཔ་བཞི་དེ་ལས་དཔའ་བོ་དཔའ་མོ་ག་ར་བཀུག་སྟེ་སྦེ་མོ་བཏབ་བལྟ་ནུག་ལགས།མོ་བཏབ་ད་ཏེ་དཔའ་བོ་དཔའ་མོས་བཏབ་མི་དེ་དང་རྩིསཔ་ཚུ་གིས་བཏབ་མི་འདི་ག་ར་མོ་འདི་གཅིག་གཅིག་སྦེ་འཐོན་འཐོནམ་མས་ལགས།ད་གླངམོ་ཆེ་འདི་མ་པ་ལུང་བསྟན་རྫོགས་སོང་འདུག་ཟེར་རྫོགས་སོང་རུང་ཡར་བཏོན་ནི་གི་ཐབས་ཤེས་འདུག་ཟེར་ད་ཐབས་ཤེས་འདི་ག་ཅི་ལུ་འདུག་ཟེར་བ་ཅིན་ཕོ་དང་མོ་འཕྱད་དེ་གི་སྦེ་ཏེ་ལོ་མང་རབས་ཅིག་འགྱོ་མི་ཅིག་ཟེར།
  • དོན་གྲུབ་
    བར་ན་ལུ་དམ་ཚིག་བསྲེ་མ་པ་ལས་མ་ཞུགས་པར་ཕོ་འདི་གིས་ཡང་ཕྱི་འགྱུར་མ་འབད་མོ་འདི་གིས་ཡང་ཕྱི་འགྱུར་མ་འབད་མི་ཨམ་སྲུ་ཅིག་ཡོད་པ་ཅིན་ཏེ་དེ་ཡར་བཏོན་ཚུགས་པས་ཟེརཝ་ད་དེ་ལས་ཏེ་ཚོང་དཔོན་ནོར་བུ་བཟངམོ་གི་སེམས་ཁ་ལུ་དབའེ་ད་ངེའི་ཨམ་སྲུ་དེ་གིས་མ་པ་ལས་ར་ཕྱི་འགྱུར་མི་འབད་ཟེར་ད་ཨིན་ཅིག་མིན་ཅིག་ང་ཡར་འགྱོ་ཨམ་སྲུ་འདི་འབོ་ ནཱ་སྐྱེལ་བ་ཅིན་ཏེ་མོ་བཏོན་ཚུགས་ནི་མས་ཟེར་འབདཝ་ད།
  • དོན་གྲུབ་
    ཏེ་རྒྱལ་པོས་བཀའ་གནང་ནུག་ལགས།ད་ཁྱོད་རའི་མངའ་འོག་ལུ་ག་ར་ཡོད་རུང་ག་གི་ནང་ཡོད་རུང་ཏེ་འ་ནཱི་ཁྱིད་འོང་པ་ཅིན་ཏེ་རྒྱལ་པོའི་བང་མཛོད་འདི་ཕྱེད་ཀ་རྐྱབ་འབྱིན་ནི་ཨིན་ཟེར་འབད་བའི་ཤུལན་ཏེ་དེ་ལསན་ཏེ་ནོར་བུ་བཟང་པོ་ཡང་ ཕར་ཁོ་རའི་གུར་ནང་སོང་སྦེ་ཏེ་ཚོང་གཡོག་ཚུ་དང་བསྟུན་གྲོས་རྐྱབ་རྐྱབ་མས་ལགས།རྐྱབ་ད་ཏེ་ལོ་དྲུག་ཅུ་རེ་ལྔ་ལངས་པའི་གི་ཏེ་ཚོང་གཡོག་གོངམ་ཅིག་ཡོདཔ་མས་ལགས་ཟླ་བ་བཟང་པོ་ཟེར་མི་ཅིག
  • དོན་གྲུབ་
    ད་དེ་གི་སྐོར་ལས་འདི་ཏེ་ཡར་གཡུས་ཁ་འགྱོ་བྱིས་མེད་ཟེར་ང་བཅས་དཔོན་གཡོག་གཉིས་འུ་སྡུག་ཚུགསཔ་ཅིག་འོང་ཟེར་ཨམ་སྲུ་གིས་མ་པ་ལས་ར་ཕྱི་འགྱུར་མ་འབད་བ་མི་སྡོད་ལགས་ ཟེར་འབདཝ་ད་ཏེ་ཚོང་དཔོན་ནོརབུ་བཟང་པོ་དགོངསམ་ཁྲེལ་ཟླ་བ་བཟང་པོ་ལུ་ཁྱོད་ང་ལེགས་ཤོམ་འབད་ ཟ་བ་མ་དགའཝ་ཨིན་ཟེར་ངེའི་ཨམ་སྲུ་གིས་གན་དང་གན་འབད་རུང་ཕྱི་འགྱུར་མི་འབད་ཟེར་ཕྱི་འགྱུར་ཟེར་ཨམ་སྲུ་གིས་ཕྱི་འགྱུར་འབད་དགོ་པ་ཅིན།
  • དོན་གྲུབ་
    ཡང་ཅིག་མམ་(མེན་)ཕར་ རང་གི་རྨགཔ་འདི་ལས་ངོ་རིས་ཕར་རོགས་ལས་དྲགཔ་ཅིག་དགོ་ཟེར་རྒྱལ་ཁབ་དེ་ནང་ངོ་རིས་ངེའི་ལྟག་ལས་འཐོན་མི་ག་ཡང་མེད་ཟེར་རྒྱུ་ནོར་ཨིན་མས་རྒྱུ་ནོར་ངེའི་ལྟག་ལས་འཐོན་མི་ག་ཡང་མེད་ཟེར་མོ་ལུ་ཚ་གྱང་དང་དེམ་ག་ནི་ཡང་ལང་དགོཔ་མེད་ཟེར་འོག་ལས་བྱར་རོགས་མང་ཧིང་རྫོགསཔ་ཅིག་བཙུགས་ཏེ་ཡོད་ཟེར་ཨམ་སྲུ་གིས་དེ་ཕྱི་འགྱུར་མི་འབད་ཟེར་ཁྱོད་ང་ཤ་མ་ཚ་བའི་རྟགས་ཨིན་མས་ཟེར་དེ་འབད་བ་ཅིན་ཁྱོད་ར་ནངས་པ་ལས་ར་ངེའི་སྒོ་ཁར་གཡོག་རྐྱབ་སྡོད་མི་དགོ་འཐོན་ཡར་སོང་ཟེར།
  • དོན་གྲུབ་
    ཏེ་ཟླ་བ་བཟང་པོ་གིས་ཏེ་ཞུ་ནུག་ལགས་ནོར་བུ་བཟང་པོ་ལུ་ཏེ་ཞུཝ་ད་མ་གསན་ཏེ་ཁྱད་མིན་འདུག་ང་བཅས་དཔོན་གཡོག་གཉིས་འགྱོ་གེ་ཟེར་དེ་ལསན་ ཏེ་མར་ལས་ ཏེ་དེའི་ཚེ་ར་ནཱ་ ཏེ་འབྲུག་ལུ་ལྷོད་སོ་ནུག་ལགས།ནཱ་ལྷོད་འབདཝ་ད་ ཏེ་ད་རེས་འབདན་ཉིནམ་(གཟར་ག་དེ་ཅིག་?)ད་རེས་འབདན་ཆུ་ཚོད་གསུམ་དེ་ཅིག་ཨིན་མས་ལགས།དང་ཕུ་(གཟར་ག་?)སྦོམ་ཤོས་ལུ་ལྷོད་ཅི་ཟེར་ཨིན་མས་བ་ཉིནམ་(གཟར་ག་?)སྦོམ་ཤོས་ལུ་ནཱ་ཁྱིམ་ནང་ལྷོདཔ་ཅིག་ ཨམ་སྲུ་འདི་གནམ་མེད་ས་མེད་ཚ་གྱང་ལངས།
  • དོན་གྲུབ་
    ཏེ་ག་ཅི་འབད་དཔ་སྨོ་དབའེ་ཚོང་དཔོན་ཟེར་ད་ལྟོ་ནཱ་ལོག་འབྱོན་ནི་གི་ཏེ་དུས་ཚོད་ར་མ་ལངས་ཟེར་ཏེ་ཚོང་དཔོན་ཏེ་དེ་སྦེ་ནཱ་བྱོན་ནུག་ཏེ་རྟ་ལུ་ངན་རྐྱེན་ཆགས་ཆིཝ་ཨིན་ན་ཟེར་ཚོང་ལུ་གང་སྟོང་ཞུགས་དཔ་ཨིན་ན་ཟེར་ཚོང་གཡོག་ཚུ་ལུ་ནཝ་ཚཝ་ཕོག་ཆིཝ་ཨིན་ན་ཟེར་ཏེ་ག་ནི་ཡང་མ་འབད་ང་བཅས་ནཱ་ཚར་ཅིག་འོང་འོངམ་ཨིན་ཟེརཝ་ད་ཏེ་དེན་དོན་དག་ག་ཅི་སྨོ་ཟེརཝ་ད་ཏེ་ཚོང་དཔོན་གྱིས་གསུངས་ནུག་ལགས་ཁོ་རའི་ཨམ་དེ་ལུ།
  • དོན་གྲུབ་
    ཇ་ཞིམ་ཏོང་ཏོ་ཅིག་བཟོ་ཤིག་ཟེར་གཏམ་ཧན་ཏོག་ཏོ་ཅིག་སླབ་ནི་ཡོད་ ཟེར་འབདཝ་ད་ཏེ་དེ་ལས་ ཏེ་ཨམ་སྲུ་འདི་གིས་ ཏེ་ཚ་ངེར་བཏོན་ཇ་ཅིག་བཟོ་ཏེ་ཚོང་དཔོན་དང་ཚོང་གཡོག་ལུ་དྲངས་འབདཝ་ད་ཏེ་མར་ལས་ མོ་ནང་ལས་ག་ཅི་འཐོན་ནུག་ཟེར་བ་ཅིན་ཕོ་དང་མོ་འཕྱད་དེ་སྦེ་ ཏེ་མང་རབས་ཅིག་འགྱོ་མི་བར་ན་བུཚུ་དགུ་ཡོད་མི་ཅིག་ཏེ་མ་པ་ལས་ར་ཨམ་སྲུ་དེ་གིས་ཕོ་རྒས་ལས་ཕྱི་འགྱུར་མ་འབད་མི་ཅིག་དགོ་ཟེར་ ཨིན་མས་བ་ལགས།
  • དོན་གྲུབ་
    ཏེ་ཁོ་ཡར་ཨ་ཙི་ཅིག་ཤོབ་རྐྱབ་ནུག་བ་ལགས་ ཨམ་སྲུ་དེ་ལུ། བར་ན་སྐོར་ལུ་ཕོ་དང་མོ་འཕྱད་དེ་གིས་སྦེ་ དུས་ཚོད་ལེ་ཤ་འགྱོ་མི་ཅིག་ཟེར་བར་ན་སྐོར་ཨ་ལུ་ཡོད་མི་ཅིག་ཟེར་ཨམ་སྲུ་དེ་གིས་ ཕོ་རྒས་དེ་ལས་ཕྱི་འགྱུར་ཁལ་ལྔ་དང་ལྔ་འབད་མི་ཅིག་ཡོད་པ་ཅིན་ཏེ་གླངམོ་ཆེ་འདི་ཡར་བཏོན་ཚུགས་པས་ཟེར་ཨིན་མས།ད་ཁྱོད་ཀྱིས་འདི་ དེ་ཅིག་འབད་མི་ཚུགསཔ་འོང་ནཱ་ཕར་ཚུར་ཁྱོད་ཀྱི་བུམོ་རོགས་ཚུ་ཡང་མིན་འདུག་ག་ཨ་ཙི་རེ་ཨམ་སྲུ་གིས་ཕྱི་འགྱུར་ཁལ་ལྔ་དང་ལྔ་འབད་འབདཝ་ཅིག་མིན་འདུག་ག་ཏེ་འ་ནཱི་ཡོད་པ་ཅིན་ མར་རྒྱ་ནག་རྒྱལ་པོའི་བང་མཛོད་དེ་ཏེ་ཕྱེད་ཀ་རྐྱབ་འབྱིན་ནི་མས་ཟེརཝ་ད།
  • དོན་གྲུབ་
    ཏེ་ཡུདཔ་ཅིག་ལྟོ་ཟ་ཡུན་ཅིག་དེ་ཅིག་ཏེ་ཨམ་སྲུ་དེ་གིས་ལགཔ་མར་ཨེན་ཏ་ ཨ་ནཱི་སྦེ་དཀྲོགས་མིག་ཏོ་ཡར་རྩེ་བར་ནང་བལྟ་སྦེ་ག་ནི་ཡང་ཞུ་མ་ཚུགས་པས་ལགས།ཡུདཔ་ཅིག་ཁར་ཏེ་དེ་ལས་ནཱ་ཚོང་དཔོན་གྱི་པུས་མོ་གུ་ལྡན་ལྕག་རྐྱབ་སྦེ་ཨ་ཁོ་རེད་ཚོང་དཔོན་ དེན་ཏེ་ང་ཡར་སོང་གེ་ཟེར་བས་ལོ་ལགས།ཁལ་ལྔ་འདི་ལངས་སོང་ནུག ལྔཔོ་དེ་མ་ལངསམ་ཅིག་རང་མས་ཟེར་བས་ལོ།དབའེ་དེ་འདི་ག་ཨིནམ་ཁྱོད་དེ་ཅིག་འབད་མི་ཚུགས་ཟེར་དབའ་་་་ ཁལ་ལྔ་ཀྲིག་ཀྲི་ལངས་སོང་ཡི་ཟེར་བས་ལོ་ལགས།
  • དོན་གྲུབ་
    ཁྱོད་ཚོང་གཡོག་ཁལ་ལྔ་འདུག་གོ་ཤིག་ཟེར་བས་ལོ་ལགས།དེ་ལས་ཨཱེ་་་་ ཚོང་གཡོག་ཁལ་ལྔ་དེ་ལས་དྲུག་མེན་ཚད་ཨིན་ཟེར་བས་ལོ་ལགས།དེ་ལས་ཁྱོད་ར་གི་ཚོང་དཔོན་ཆ་རོགས་ཚུ་ཨིན་ཟེར་ཁལ་ལྔ་ཀྲིག་ཀྲི་ལངས་སོང་ནུགད་ལྔཔོ་དེ་མ་ལངསཔ་ཅིག་རང་མས།ཏེ་ལྟ་མ་ང་ཆུ་དབོག་ས་ལས་གཅིག་འཐོབ་ཟེར་བས་ལོ་ལགས།ཕག་ལྟོ་སྐྱེལ་ས་ལས་གཅིག་འཐོབ།བའུ་ཅུང་བཙུགས་ས་ལས་གཅིག་འཐོབ།རྟ་བཏགས་ས་ལས་གཅིག་འཐོབ།ལྔཔོ་དེ་ད་རིས་ར་ཚང་ཚུགས་ཚོང་དཔོན་ དེན་ང་འགྱོ་ནི་ཟེརཝ་ཅིག
  • དོན་གྲུབ་
    ཚོང་དཔོན་དེ་གནམ་མེད་ས་མེད་ཐུགས་ཕམ་ དེ་ནང་ལས་ཏེ་ཇ་ཡང་བཞེས་མ་ཚུགས་པས་ལགས།ཏེ་ཨམ་ལུ་ཡང་ལོ་རྒྱུས་ག་ནི་ཡང་སླབ་མ་ཚུགས་པས།ཡར་ལས་མར་ཁོང་ར་ཏེ་དཔོན་གཡོག་གཉིས་ལོག་ཡར་སོང་ནུག་ལགས་ག་ནི་ཡང་སླབ་མ་ཚུགས་པར།ཏེ་མར་དགའ་སེ་ལོགས་ཟེར་མི་དེ་ཁ་ལུ་ལྷོདཔ་ད་ཏེ་ཁོ་ར་གི་གནསཔོ་རྟག་བུ་གནའ་བུ་སྡོད་མི་ཅིག་ཡོདཔ་མས་ལགས།ཏེ་འ་ནཱ་ལྷོད་སྦེ་འབད་ཏེ་ཨ་རྟག་འབདན་ ཏེ་ཁོ་མར་ལྷོདཔ་ཅིག་ ཇ་འཐུང་ཆང་ཆབ་ཆུ་བཞེས་འ་ནཱི་སྦེ་འབད་དོཝ་མས།
  • དོན་གྲུབ་
    དེ་ཚེ་ ཏེ་ཁོ་བཞེས་སྒོ་ཡང་ཟ་མ་ཚུགས་པས།ཏེ་དབུགས་བགམས་སྡོདཔ་ད་ ཏེ་ནང་གི་ཨམ་དེ་གིས་ཏེ་ག་ཅི་འབད་དཔ་སྨོ? ད་རེས་ཚོང་དཔོན་ག་ནི་ཡང་མ་འབད་ཟེར་ཏེ་ཡུདཔ་ཅིག་ཁ་ལས་ཚོང་གཡོགཔ་དེ་ཡང་ཉལ་འབད་རུང་ཡང་ ཚོང་དཔོན་གཉིད་ལོག་མ་བཏུབ་སྦེ་ར་སྡོདཔ་ད་ཏེ་ཨམ་དེ་གིས་ལོག་ཅི་ར་དྲིས་ནུག་ལགས།དེ་འབདཝ་ད་ག་ཅི་སྨོ་ཟེརཝ་ད་ཏེ་ཁྱོད་ངེའི་རྐྱེན་འདི་བསལ་ར་མི་ཚུགས་ཟེར་འབདཝ་ད་ ཏེ་ཨམ་སྲུ་གིས་སླབ་ནུག
  • དོན་གྲུབ་
    དབའེ་(གྱོས་མགོ་?)འདི་རྒྱལ་པོ་གི་ཡང་མི་མཐོང་(གྱོས་མཇུག་?)འདི་མོ་རིངམོ་གིས་ཡང་མཐོང་ཟེར་བའི་དཔེ་གཅིག་ཡོད་ཟེར་ཁྱོད་ར་ཨ་ཙིག་ཕྲང་སྦེ་ངེའི་གདོང་ཁར་སླབ་ཤིག་ ཟེར་སླབ་སླབ་མས།ཏེ་འ་ནཱི་སླབ་ཟེར་སླབ་མི་དོན་དག་འདི་ག་ཅི་ཨིནམ་ཟེར་བ་ཅིན་ཁོ་ཡང་ལོ་བཅོ་ལྔ་བུམོ་དེ་ཡང་ལོ་བཅོ་ལྔ་སྦེ་སྡོད་པའི་བསྒང་ཁོང་གཉིས་ཞག་གཅིག་འབད་མི་ཅིག་ཨ་རོགས་ག་རོགས་འབད་སྡོད་སྡོདཔ་མས་ལགས། འ་ནཱ་ལུ་ཏེ་དེ་ལས་ཁོ་གིས་དོན་དག་ཚུ་དྭངས་འཕྲོས་འཕྲོས་ཚོང་དཔོན་གྱིས་ ཨམ་སྲུ་གདོང་ཁར་སླབ་ད།
  • དོན་གྲུབ་
    ཨེ་འེ་་་་་ དེན་ཏེ་ཁྱོད་ནང་དོག་མི་དགོ་པས་ཟེར་སླབ་སྦེ་སྤ་་་་ ག་ཅི་ནང་མི་དོག་པ་ཟེར་ ད་ང་ནངས་པར་རྒྱ་ནག་རྒྱལ་པོ་གིས་དོས་བསྡམས་ཆུ་སྐྱེལ་འོང་ཟེར་ད་འ་ནཱི་གུ་ལྷོད་སོ་ཡི་ཟེརཝ་ད་འ་་་་ ཁྱད་མེད་ ང་སོང་གེ་ཟེར་སླབ་སླབ་མས།ཏེ་དེ་ལས་དབའེ་ག་དེ་སྦེ་སྨོ་ཟེར་དྲིཝ་ད་ང་དེ་བསྒང་ལོ་བཅོ་ལྔ་སྦེ་སྡོད་པའི་སྐབས་ལུ་ཚོང་དཔོན་དང་ཚར་གཅིག་ ཉལ་འཁྲིག་འབད་མི་དེ་རྐྱངམ་ཅིག་མ་གཏོགས་ ང་ཕོ་རྒས་གཞན་མི་དང་མ་པ་ལས་ར་ཨ་ནཱི་བཟུམ་མ་པ་ལས་ར་མེད་ཟེར་འདི་ང་བཏོན་ཚུགས་ནི་མས་ཟེར།
  • དོན་གྲུབ་
    ཏེ་དེ་ལས་ ཏེ་ཚོང་དཔོན་ཡང་དུམ་གྲ་ཅིག་ཐུགས་ཕེབས་ཏོག་ཏོ་ཅིག་འགྱོ་དེ་ལས་ཚོགས་ཡང་དུམ་གྲ་ཅིག་བཞེས་སྦེ་འབད་ཏེ་མོ་ཁྱིད་སྦེ་སོང་ནུག་ལགས།ཏེ་མོ་ཁྱིད་སྦེ་འབད་ཏེ་མར་སོང་རྒྱ་ནག་རྒྱལ་པོའི་ཕྱག་དབང་བཅར་སྦེ་འབད་བའི་ཤུལ་ལསན་ཏེ་ག་ཅི་དགོཔ་ཟེརཝ་ད་ཏེ་ཨོམ་ཟོ་གང་དགོ་ ཟེར་ཨམ་དེ་གིས།དེ་ལས་(མིང་གེ་?)གཅིག་དང་གསེར་སྐྱེམས་ཅིག་དགོ་ཟེར་དེ་ལས་འབདན་ཨོམ་ཟོ་གང་འབག་(མིང་གེ་?)གསེར་སྐྱེམས་ཅིག་འབག་བསང་ཅིག་བཏང་སྦེ་འབད་ཏེ་ཨམ་འདི་གིས་ཨོམ་ཕུད་དེ་དྲངསམ་ཅིག
  • དོན་གྲུབ་
    ཏེ་རྒྱ་མཚོ་འདི་ཚར་ཅིག་སྤར་བའི་ཤུལ་ལསན་ཏེ་གླངམོ་ཆེ་འཐོན་འོང་མས་ ཟེར་ཨིན་མས་ལགས།འཐོན་འོང་པའི་བསྒང་ལས་ཏེ་འཐོན་མཐོང་པའི་(ལྷག་ཆེ་རྒྱུ་མིན་འདུག་?)རྐངམ་ཡ་གཅིག་མིན་འདུག་ ཟེར་ཨིན་མས་ལགས།དེ་བསྒང་ལས་གླངམོ་ཆེ་རྐངམ་གཡསཔ་འདི་མིན་འདུག་ཟེར་ཨིན་མས།ད་རུང་ཡང་ ཏེ་མོ་བཏབ་མི་ཚུ་འབོ་ཏེ་གླངམོ་ཆེ་རྐངམ་མེད་མི་འདི་ག་ཅི་ཨིན་ན་ ཟེར་དྲིཝ་ད་ལུ་ཏེ་མ་གཞི་གི་འདི་ ཁོ་ཡར་གླངམོ་ཆེ་འདི་ཡར་ཞུ་ཚུགས་མི་འདི།
  • དོན་གྲུབ་
    ཁོང་གཉིས་ཐ་དམ་ཚིག་ལོ་བཅོ་ལྔ་སྦེ་སྡོད་པའི་བསྒང་ཞག་གཅིག་འབད་མི་ཅིག་འ་ནཱི་སྦེ་ཉལ་འཁྲིག་འབད་བཞིན་ལས་ཏེ་ཐ་དམ་ཚིག་མ་པ་ལས་ར་མ་འཁྲུལ་བ་མོ་གིས་བཏོན་ཚུགསཔ་མས་ཟེར་རྐངམ་ཡ་གཅིག་མེད་མི་འདི་ག་ཅི་ཨིནམ་ཟེར་བ་ཅིན་ཏེ་མོ་ཁྱིམ་ཚང་གཅིག་གི་ཁྱིམ་ནང་བཤལ་འགྱོཝ་ད་ཨ་ལོ་བུ་གཅིག་ཏེ་མོ་ཕང་མར་ལེན་ ཨ་ལོ་འདི་གིས་ཆུ་བཏང་ཏེ་མོའི་གཟུགས་ཁར་རེག་ཆི་སྟེ་ཏེ་དམ་ཚིག་བསྲེ་དུམ་གྲ་ཅིག་ཞུགས་སོངཔ་བཟུམ་སྦེ་ ཏེ་རྐངམ་ཡ་གཅིག་མེད་མི་འདི་འ་ནཱི་ཨིན་མས་ ཟེར་འབད་བཞིནམ་ལས།
  • དོན་གྲུབ་
    ཏེ་དེ་ལསན་ ཚོང་དཔོན་ནོར་བུ་བཟང་པོ་གིས་ག་ཅི་གསུངས་ནུག་ཟེར་བ་ཅིན་ད་རིས་ནངས་པར་ང་བཅས་དཔེ་གཏམ་ལུ་ཡང་(བུ་ཐེག་?)དགུའི་ཕམ་ལུ་བློ་མ་གཏད་ཟེར་ཞག་གཅིག་ཉལ་བའི་གྲོགས་ལུ་ཁ་མ་གཏང་ཟེར་མི་འདི་ཏེ་འ་ནཱ་ལས་དར་ཁྱབ་འགྱོཝ་ཨིན་མས་ཟེར་ད་རིས་ནངས་པར་ཡང་ ང་བཅས་སླབ་སྲོལ་ཡོད་མི་འདི་འ་ནཱི་ཨིན་མས་ ཟེར་ཨིན་མས་ལགས།བཀའ་དྲིན་ཆེ།། །།