Skip to main content Skip to search
16 Feb 2017
9 min 12 sec
Video Overview
Creators: 
Penchela , Ugyen Phuntsho
Transcript search
No results found for this search
0 of 0
  • ཉི་མ་རྡོ་རྗེ་ Nima Dorji
    ཧེ་མ་ མི་སྤྱང་ཀ་ཅིག་སྡོད་སྡོདཔ་མས། ས་གནས་ཅིག་ལུ་ འ་ནཱི་འདི་ག་ཏེ་ཨིན་ན་ འ་ནཱི་འདི་སླབ་ནི་མེད། ཏེ་ བདུད་དང་བཙན་ཟེར་ འདྲེ་འདུག་བ་སྟེ། ཏེ་འ་ནཱི་མི་འདི་ ལམ་ཁ་ལུ་དེ་སྦེ་ར་ལམ་འགྱོ་སྡོདཔ་ད་ལུ་ བདུད་དང་བཙན་ གནམ་མེད་ས་མེད་འཐབ་ནུག་སྟེ། ཤུགས་འབད་ར་འཐབ་སྟེ་ བཙན་འདི་ཕམ་སོ་ནུག
  • ཉིམ་རྡོ་རྗེ Nim Dorji
    འ་ནཱ་ལས་ཕམ་སྦེ་ རྟིང་བདའ་ཡི་བདའ་ཡི་འོངམ་ད་ བདུད་ཀྱི་བདའ་འོང་འོངམ་མས་ཏེ། དེ་ལས་ ཨ་ནཱི་སྦེ་ཐལཝ་ཚུ་ཡང་ ཨ་ནཱི་སྦེ་ འཁྱིལ་ཡི་འཁྱིལ་ཡི་ ག་ཅི་ལོ་ ཨ་ནཱི་སྦེ་ འཁྱིལ་ཏེ་འོང་དེས་ལོ། ཏེ་ཨ་ནཱི་མི་ ཡར་སེང་སྟེ་བལྟཝ་ད་ལུ་ བཙན་གྱིས་སླབ་མས་ལོ་ དེ་བསྒང་ལུ་འདི་ བདུད་དང་མི་ཁ་སླབ་ནི་ཡོད་ལོ།
  • ཉིམ་རྡོ་རྗེ Nim Dorji
    དེ་ལསན་ཏེ་ ཁྱོད་ཨ་ནཱ་འོང་ནུག་ གཡིབ་གཡིབ་ ང་གསད་ནི་འབད་ཡི་ བདུད་ཀྱིས་གསད་ནི་འབད་ཡི་ མགྱོག་པར་གཡིབ་ འ་ནཱི་སྦེ་སླབ་དེས་ལོ། དེ་ལསན་ཏེ་ འ་ནཱི་འདི་གིས་ ང་ག་དེ་སྦེ་གཡིབ་ནི་ གཡིབ་མི་ཚུགས་ཏེ་ང་གིས་འདི་ གཡིབ་མི་ཚུགས་ ཟེར་སླབ་ད་ལུ་ ཏེ་ མེན་ ཁྱོད་ཀྱིས་མཐོང་མི་སྦ་གི་འཁརཝ་ འ་ནཱི་གི་ཐོག་ཁ་ལས་ཨ་ཙི་ཅིག་ ཁ་ཕྱེས་ཕྱེསཝ་འདུག་བ་སྟེ་ འ་ནཱི་ ཨ་ཙི་ཅིག་ ཨ་ནཱི་ ཚིག་ཟེར་སླབ་འོང་བ་སྟེ།
  • ཉིམ་རྡོ་རྗེ Nim Dorji
    འ་ནཱི་ཚིགས་ཀྱི་ལྟག་ལས་ཨ་ཙི་ཅིག་ཁ་ཕྱེས་ཏེ་འདུག་ལོ། འ་ནཱ་ལུ་ ཁྱོད་ཀྱི་ལགཔ་ཀྱི་ ཨམ་མཐེ་བོང་ ཨ་ཙི་ཅིག་ཁ་ཕྱེ་གནང་ ང་འ་ནཱ་འཛུལ་ཏེ་སྡོད་ནི། ཁྱོད་ཀྱི་ ཨམ་མཐེ་བོང་གིས་ཨེབ་སྟེ་ ཡར་ལོང་སྦེ་སྡོད་གནང་ འ་ནཱ་ལས་ ག་གིས་ཡང་མི་མཐོང་ ཟེར་སླབ་དེས་ལོ་སྨོ་ཤིག འ་ནཱ་ལས་ ཡ་ཡ་བཏུབ་ ཟེར་སླབ་སྦེ་ འ་ནཱི་ [འཁརཝ་?] ཨ་ནཱི་སྦེ་འབདཝ་ད་ འ་ནཱ་འཛུལ་ཡི་ལོ་སྨོ་ཤིག་བཙན་འདི།
  • ཉིམ་རྡོ་རྗེ Nim Dorji
    འ་ནཱ་ལས་ ཨ་ཙི་ཅིག་ཁ་ལས་འདི་ བདུད་དེ་འོང་ཡི་ལོ། ཐལཝ་ལོངས་ཏེ་བདའ་སྦེ་ འུ་རུ་རུ་འབད་དེ། འ་ནཱ་ལས་ འ་ནཱ་ལས་ཕར་ བཙན་བདའ་འོང་ཡི་ ཁྱོད་ཀྱིས་མ་མཐོང་ག? ཟེར་སླབ་མས་ལོ་བ། འ་ནཱི་སྦེ་སླབ་ད་ལུ་ མ་མཐོང་ང་གིས་ ག་ཡང་མ་འོང་ནཱ་ལུ་འདི་ ཟེར་སླབ་ཅི་ལོ། འ་ནཱ་ལས་ འུ་རུ་རུ་རུ་འབད་དེ་ ཨ་ནཱི་སྦེ་ རླུང་མ་དང་ཐལཝ་ འཁྱིལ་ཡི་འཁྱིལ་ཡི་ཡར་སོ་ཡི་ལོ། འ་ནཱ་ལས་འགྱོ་སྦེ་ ཨ་ཙི་ཅིག་ཁ་ལས་འདི་ ཨ་ནཱི་འབད་བལྟཝ་ད་ལུ་ ཆུང་ཀུ་འགྱོ་སྦེ་སྡོད་ནུག་ལོ་སྟེ།
  • ཉིམ་རྡོ་རྗེ Nim Dorji
    འ་ནཱ་ལས་འབདན་ བཙན་འདི་སེམས་དགའ་ནུག ད་ ཁྱོད་ཀྱིས་ ང་ལུ་ སྲོག་སྐྱབས་འབད་ཡི་ ཟེར་སླབ་སྦེ་ ཁྱོད་ཀྱིས་ག་ཅི་ལྷངམ་སྨོ་ ག་ཅི་ལྷངམ་སྨོ་་་་་ མེན། ཁྱོད་ཀྱི་ཨ་ནཱི་ པོ་སུ་ པོ་སུ་བ་ཀེ་ སླབ་འོང་བ་ ནེ་པ་ལི་ཁ་ནང་ སེམས་ཅན་ཚུ་གིས་ ག་ཅི་སླབ་རུང་ ཁོ་གིས་ཧ་གོ་ནི། འ་ནཱི་བྱིན་འོང་ ཟེར་སླབ་སླབ་མས་ བཙན་གྱིས་འདི།
  • ཉིམ་རྡོ་རྗེ Nim Dorji
    འ་ནཱི་ཡང་བྱིན་ སེམས་ཅན་ཆ་ཁྱབ་ཀྱིས་ ག་ཅི་སླབ་རུང་ཁོ་གིས་ཧ་གོཝ་ཡར་སོ་ནུག་ཨ་ནཱ་ལས། བཙན་གྱིས་བྱིན་ད་ནུག འ་ནཱི་བྱིན་ཡི། འ་ནཱ་ལས་ འ་ནཱི་བྱིན་པའི་སྐབས་ལུ་ གཅིག་ཨ་ནཱི་ [གཤོག་སྒྲོ་ཡོད་པའི་རྟ་?] འ་ནཱི་ཡང་གཅིག་བྱིན་ ཁྱོད་ལམ་འགྱོཝ་ད་ འ་ནཱི་ལུ་བཞོན་ཏེ་འགྱོ་ ཟེར་སླབ་སྦེ་ འ་ནཱ་ལས་ ཨ་ནཱི་ གསེར་གྱི་[ཤ་ཝཱལ་?] ག་ཅི་ལོ་ བཀབ་ནེ་བཟུམ་སྦེ་ གསེར་གྱི་[ཤ་ཝཱལ་?]ཡང་ ཨ་ནཱི་བཀབ་སྦེ་འགྱོ་ཟེར་ འ་ནཱི་ཡང་བྱིན་ཏེ་འདུག
  • ཉིམ་རྡོ་རྗེ Nim Dorji
    འ་ནཱ་ལས་ ཨ་ནཱི་བྱིན་ཏེ་འདུག འ་ནཱ་ལས་ ཨ་ནཱི་བྱིན་སྦེ་ཡར་སོ་ཡི། བཙན་ཡང་ལོག་ཡར་སོ་ནུག་འ་ནཱ་ལས། དེ་འབདཝ་ད་ ད་རུང་ འ་ནཱིམ་ཅིག་ཡང་སླབ་དེས་ལོ། དེ་འབདཝ་ད་ འ་ནཱི་ལོ་རྒྱུས་འདི་ ཁྱོད་ཀྱིས་ བུམོ་ལུ་འདི་ ནམ་ར་འབད་རུང་མ་སླབ། སླབ་ནི་མི་འོང་ བུམོ་ལུ་སླབ་པ་ཅིན་ འ་ནཱི་གི་ནུས་པ་མེདཔ་འགྱོ་འོང་ དེ་ལསན་ཏེ་ ལཱ་འབད་མི་བཏུབ་ ཟེར་སླབ་སླབ་ཨིན་མས་བ།
  • ཉིམ་རྡོ་རྗེ Nim Dorji
    འ་ནཱ་ལས་ བཏུབ་ཟེར་སླབ་ དེ་ལས་བཙན་ཡང་ཡར་སོ་ནུག འ་ནཱ་ལས་འགྱོ་ འ་ནཱ་ལས་འདི་ རྒྱལ་ཁབ་དེ་ནང་ རྒྱལཔོ་ཅིག་སྡོད་སྡོདཔ་མས། ཁོ་གི་རྒྱལ་ཁབ་ཀྱི་རྒྱལཔོ་ ཏེ་ བུམོ་ལེགས་ཤོམ་ཅིག་ཡོདཔ་མས་བ་སྟེ་འ་ནཱི་རྒྱལཔོ་གི་བུམོ་འདི། འ་ནཱ་ལས་ ཨ་ནཱི་རྒྱལཔོ་གིས་འདི་ འ་ནཱི་བུམོ་འདི་ ག་དང་ག་ལུ་བྱིན་ན་མ་ཤེས་པར་ ཨ་ནཱི་ ག་གི་ འ་ནཱ་ལས་ རྟ་བདའ་ རྟ་རྒྱུག་རྐྱབ་བཅུག་ནུག
  • ཉིམ་རྡོ་རྗེ Nim Dorji
    ག་གི་རྟ་གིས་ ང་གི་ཨ་ནཱི་ [སྒོ་ར་ཁ་བརྒལ་འོང་ག་?] ང་གི་བུམོ་འདི་ འ་ནཱི་ལུ་བྱིན་གེ་ ཟེར་སླབ་སླབ་ཨིན་མས། འ་ནཱ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་རྟ་ལེགས་ཤོམ་ ཉམས་ཡོད་མི་རྟ་ག་ར་འཁྱིད་འོང་འོངམ་མས་ཏེ་ རྟ་རྒྱུག་རྐྱབ་ནི་ རྟ་རྒྱུག་རྐྱབ་སྦེ་ སྒོ་ར་ཁ་ ལེགས་ཤོམ་སྦེ་ བརྒལ་དགོ་པས་རྟ་གིས། ཨ་ནཱི་སྦེ་སླབ་ད་ལུ་ བཏུབ་པས་ཟེར་སླབ་སྦེ་ ཏེ་ མི་ག་ར་འོངམ་ད་ལུ་ འ་ནཱི་མི་ཡང་འོང་ནུག་སྟེ། ཨ་ནཱི་ ད་ཅི་བཙན་གྱིས་ འཕུར་ནི་གི་རྟ་བྱིན་བྱིན་ཡོད་བ་སྟེ།
  • ཉིམ་རྡོ་རྗེ Nim Dorji
    ཁོ་ཡང་འོང་སྟེ་འདུག ཏེ་འོང་པའི་སྐབས་ལུ་ གཞན་གྱིས་འདི་མི་མཐོང་པས་ དེ་འབདཝ་ད་ གཤོག་སྒྲོ་མི་མཐོང་མས་བ་སྟེ་ རྟ་གི དེ་འབདཝ་ད་ ཁོ་གི་འདི་ ཨ་ནཱི་མི་སྤྱང་ཀའི་རྟ་གིས་འདི་ ཚར་ཅིག་གུ་བརྒལ་ཡི་ལོ་སྟེ་ སྒོ་ར་ཁ་ འ་ནཱ་ལས་འབདན་ རྒྱལ་པོའི་བུམོ་བྱིན་ད་ནུག ཁོ་ལུ་བྱིན་སྦེ་ རྒྱལཔོ་གིས་ ལེགས་ཤོམ་སྦེ་ རྒྱལཔོ་བཟུམ་སྦེ་ར་འབད་སྦེ་ ཁོ་གིས་ རྒྱལཔོ་བཟུམ་སྦེ་ར་དགའ་ཏོག་ཏོ་སྦེ་བཞག་ནུག འ་ནཱ་ལས།
  • ཉིམ་རྡོ་རྗེ Nim Dorji
    འ་ནཱ་ལས་ ཨ་ནཱི་སྦེ་སྡོད་ཅི་སྡོད་ཅི་ དགའ་ཏོག་ཏོ་སྦེ་སྡོད་དེ་ བུམོ་ཡང་ ཨམ་སྲུ་ཡང་ཐོབ་ཅི་ རྒྱལཔོ་འགྱོ་ཡི། སྡོད་པའི་སྐབས་ལུ་ ཏེ་བཞེས་སྒོ་གནམ་མེད་ས་མེད་ལེགས་ཤོམ་འབད་བཟོ་སྟེ་ རྒྱལ་པོའི་མདུན་དུ་བཀལ་ཏེ་འདུག་ལོ་ཨ་ཞེ་གིས། བཀལ་བའི་སྐབས་ལུ།
  • ཉིམ་རྡོ་རྗེ Nim Dorji
    སེབ་སྦྱངམ་ཅིག་འོང་སྦེ་ ཙེང་ཙེང་འབད་དེ་ ཨ་ནཱི་རྒྱལཔོ་ལུ་དྲངས་དྲངསམ་གི་བཞེས་སྒོ་འདི་ཟཝ་མས་ལོ། ཏེ་ཨ་ནཱི་སེབ་སྦྱངམ་གིས་འདི་ ལྟ་མ་ཨ་ནཱི་རྒྱལཔོ་གིས་ བཞེས་སྒོ་ག་དེ་ཅིག་ཞིམ་ཏོང་ཏོ་བཟའ་ནི་ཐོབ་སྨོ་ཟེར་ ཨ་ནཱི་ཧེ་མ་འོང་མི་སེབ་སྦྱངམ་གིས་ཡང་ཟཝ་མས། འ་ནཱ་ལས་ ད་རུང་ སོ་སོ་གཉིས་པ་གི་སེབ་སྦྱངམ་ཡང་འོང་འོངམ་མས།
  • ཉིམ་རྡོ་རྗེ Nim Dorji
    ཏེ་འ་ནཱི་གིས་འདི་ ཨ་ནཱི་སྦེ་སླབ་དེས་ལོ། ཨཱ་་་་་ འ་ནཱི་རྒྱལཔོ་སྡོད་ནི་གི་དུས་ཚོད་ གནམ་མེད་ས་མེད་མེད་ད་ཟེར་ འ་ནཱི་སྦེ་སླབ་མས་ལོ། ཧེ་མ་ལས་སེམས་ཅན་ཅན་གྱིས་ཁ་སླབ་མི་ ཧ་གོ་ནི་ཐོབ་ཐོབ་ཡོད་བ་སྟེ། འ་ནཱི་སྦེ་སླབ་པའི་སྐབས་ལུ་ ཏེ་རྒྱལཔོ་འདི་ སྡུག་བསྔལ་ཕོག་སྟེ་ དབུགས་རིངམོ་འབད་བཏང་བཏངམ་མས་ཏེ་ སྭོ་བ་་་་་་འབད་དེ།
  • ཉིམ་རྡོ་རྗེ Nim Dorji
    འ་ནཱ་ལས་ དབུགས་རིངམ་བཏང་བཏངམ་མཐོང་པའི་སྐབས་ལུ་ བཙུནམོ་གིས་དྲིས་ནུག རྒྱལཔོ་གིས་ ཨ་ནཱི་བཟུམ་སྡུག་བསྔལ་ཕོག་ཅི་ ད་ ང་བཅས་ལུ་གསུང་དགོ ཨ་ནཱིམ་ཅིག་དགའ་ཏོག་ཏོ་སྦེ་ཡོད་ ང་བཅས་ཀྱིས་ག་དེམ་ཅིག་ལེགས་ཤོམ་འབད་བཞག་རུང་རང་ རྒྱལཔོ་གིས་ འ་ནཱི་སྦེ་དབུགས་རིངམོ་བཏང་མི་འདི་ དོན་དག་ག་ཅི་ཡོད? གསུང་རང་གསུང་དགོ་ གསུང་ར་གསུང་དགོ་ཟེར་ ཨུ་ཚུགས་རྐྱབ་ནུག་སྟེ།
  • ཉིམ་རྡོ་རྗེ Nim Dorji
    འ་ནཱ་ལས་འདི་ སླབ་མི་བཏུབ་ ཨ་ནཱི་ལོ་རྒྱུས་འདི་ ང་གིས་སླབ་རང་མི་བཏུབ་ བུམོ་ཚུ་ལུ་སླབ་མི་བཏུབ་སླབ་རུང་ ཧེང་སྐལ་རང་ སླབ་མི་བཏུབ་ཟེརཝ་ད་ལུ་ ཧེང་སྐལ་གནམ་མེད་ས་མེད་ དྲིས་ནུག་སྨོ་ཤིག? འ་ནཱ་ལས་འདི་ སླབ་ད་ནུག་སྟེ་ རྒྱལཔོ་གིས་ འ་ནཱི་མི་གིས་ བཙུནམོ་་་་ རྒྱལཔོ་ཡར་སོ་ཡི་ དེ་བསྒང་འདི་ ད་རྒྱལཔོ་གིས་བཙུནམོ་ལུ་སླབ་ད་ནུག
  • ཉིམ་རྡོ་རྗེ Nim Dorji
    ང་ འ་ནཱི་སྦེ་ འ་ནཱི་བཟུམ་འབད་ཡི་ཧེ་མ་ འ་ནཱ་ལས་ འ་ནཱི་བཟུམ་ འ་ནཱི་འབད་སྦེ་ བདུད་དང་བཙན་འཐབ་སྦེ་འོངམ་ད་ལུ་ བཙན་ང་གིས་གཡིབ་ཏེ་སྲོག་སྐྱབས་འབད་བའི་སྐབས་ལུ་ བཙན་གྱིས་བྱིན་བྱིནམ་གི་ ཨ་ནཱི་ཨིན་ གསོལ་རས་ཨིན། ཟེར་སླབ་ད་ལུ་ ཏེ་ ང་གིས་ བུམོ་ལུ་སླབ་མི་བཏུབ་ ད་ སླབ་ད་ཡི་ ད་འདི་ག་དེ་སྦེ་འོང་ག་ཟེར་ ང་གི་རྟ་འདི་ ཡར་ཉོ་འོང་ ཟེར་སླབ་ནུག
  • ཉིམ་རྡོ་རྗེ Nim Dorji
    འ་ནཱ་ལས་ རྟ་ཡང་འཁྱིད་འོང་སྦེ་བྱིན་ ལོ་རྒྱུས་ཡང་ག་ར་ བུམོ་ལུ་སླབ་ཚར་ཡི། འ་ནཱ་ལས་ འཕར་ཡར་སོ་ནུག ཏེ་ད་ཅི་ང་གིས་གཅིག་ བཏོག་ད་ནུག ཨ་ནཱི་ གཡག་གི་མཇུག་མ་དཀརཔོ་དང་གནགཔོ་བྱིན་བྱིན་མས་ཏེ་ཧེ་མ་ལས། ཏེ་ཁྱོད་ལུ་ དཀའ་ངལ་རེ་ཕོག་པ་ཅིན་ ཨ་ནཱི་གཡག་གི་མཇུག་མ་གནགཔོ་ ཨ་ནཱི་འབད་གཡབ་བཏངམ་ད་ བདུད་ཚུ་འཕྱད་རུང་ ཁོང་ཆ་ཁྱབ་ཤི་ཉོ་འོང་། ཏེ་དེ་བསྒང་འབདན་ ཁྱོད་ཀྱི་རྟ་ཡང་ཤི་ནི་འོང་ དེ་བསྒང་ ད་རུང་ གཡག་གི་མཇུག་མ་དཀརཔོ་གཡབ་ད་ལུ་ ད་རུང་རྟ་དྲག་འོང་ཟེར་ ཨ་ནཱི་སྦེ་བྱིན་བྱིནམ་ཡོད་བ་སྟེ་ཧེ་མ་ལས།
  • ཉིམ་རྡོ་རྗེ Nim Dorji
    འ་ནཱ་ལས་ འ་ནཱི་ཡང་འབག་ ག་ར་འབག་སྦེ་ འ་ནཱ་ལས་ ཨམ་སྲུ་ལུ་ བཙུནམོ་ལུ་ ལོ་རྒྱུས་གནས་ཚུལ་ཚུ་ བཤད་བྱིན་ཚར་ཞིནམ་ལས་ འ་ནཱ་ལས་ རྟ་གུ་བཞོན་ཏེ་ མཆོང་ཡར་སོ་ནུག་སྨོ་ཤིག འགྱོཝ་ད་ལུ་ ད་རུང་ འགྱོཝ་ད་ལུ་འདི་ བདུད་གསུམ་ཨ་ནཱི་སྦེ་སྡོད་ནུག་ཟེརཝ་མས་ལོ། བདུད་གསུམ་འཕྱད་ འ་ནཱ་ལས་འབདན་ ཁོ་གིས་ཧེ་མ་སླབ་མི་འདི་ སྡོད་ཡོད་བ་སྟེ་ བཙན་གྱིས་སླབ་མི་འདི་ གཡག་གི་མཇུག་མ་གནགཔོ་བཏོན་སྦེ་ ཨ་ནཱི་འབད་གཡབ་བཏངམ་ད་ལུ་ བདུད་ཡང་གསུམ་ཆ་ར་ཤི་ ཁོ་གི་རྟ་ཡང་ཤི་སོ་ནུག་ལོ།
  • ཉིམ་རྡོ་རྗེ Nim Dorji
    འ་ནཱ་ལས་འདི་ཤི་སོ་ཡི། འ་ནཱ་ལས་ད་རུང་ གཡག་གཔ་མཇུག་མ་དཀརཔོ་བཏོན་སྦེ་ གཡབ་ད་ལུ་ རྟ་ཡང་ལོང་ བདུད་ཡང་ལོང་ཆི་ལོ་གསུམ་ཆ་ར། འ་ནཱ་ལས་འདི་ ད་བུམོ་ལུ་སླབ་ཚར་ཡི་སྨོ་ཤིག འ་ནཱ་ལས་འདི་ བདུད་ཡང་ལོང་ འ་ནཱ་ལས་འདི་ རླུང་འཚུབ་ཤུགས་ རླུང་འཚུབ་ཤུགས་སྦེ་འོང་སྟེ་ ཨ་ནཱི་བཟུམ་ རླུང་འཚུབ་ཡང་འོང་ ས་སྨུག་སྤུབས་ གློག་ཀེམ་སྦེ་ འ་ནཱ་ལས་འབདན་ རྟ་ཡང་ལོང་སྦེ་ཡར་སོ་ཡི་ལོ།
  • ཉིམ་རྡོ་རྗེ Nim Dorji
    རླུང་འཚུབ་སྦོམ་སྦེ་འོང་སྦེ་ ཁོ་གི་ཨ་ནཱི་བཙན་གྱིས་བྱིན་བྱིནམ་གི་སྲུང་སྐུད་ཡོད་བ་སྟེ། ཨ་ནཱི་ཡང་རླུང་མ་གིས་ཕུད་སྦེ་ ཚར་ཅིག་གུ་འབག་ཡི་ལོ་སྨོ་ཤིག འ་ནཱ་ལས་ད་རུང་ ཧེ་མ་བཟུམ་སྦེ་ར་ ད་སེམས་ཅན་ཚུ་གིས་སླབ་སླབ་ཡང་མ་གོཝ་ འ་ནཱི་བཟུམ་ཡར་སོ་ནུག ཏེ་འ་ནཱི་འདི་ ག་དེ་སྦེ་འགྱོ་འགྱོཝ་སྨོ་ཟེར་བ་ཅིན་ ཨ་ནཱི་ བུམོ་ཚུ་ལུ་མ་སླབ་ཟེར་ སླབ་སླབ་ཡོད་བ་སྟེ།
  • ཉིམ་རྡོ་རྗེ Nim Dorji
    འ་ནཱི་ལོ་རྒྱུས་འདི་ ཨམ་སྲུ་ཚུ་ལུ་སླབ་པའི་སྐབས་ལུ་ ཁོ་གི་[སད་ཏའེ་?] བྱང་དཔ་ཨིན་པས། ཏེ་འ་ནཱ་ལས་ ང་ཡང་ནཱ་འོང་ད་ཡི་ ག་ཅི་འབད་ཡི་ག་ འ་ནཱ་ལས་ མ་ཤེས་ ཧེ་ཧེ་ཧེ་ཧི་ ཧེ་ཧེ་ཧེ་ཧི་་་་་་་་།། །།