Skip to main content Skip to search
25 Jan 2016
3 min 42 sec
Video Overview
Creators: 
Penchela

Kapu, a village elder from Tashipang village, narrates a story about a tiger and frog who were friends. The tiger being the bigger animal thinks of eating the frog, which the frog intuits. The frog manages to pluck some hairs from tiger and puts some into his behind and some in his mouth. When tiger asked what he eats for food, he tells the tiger that he eats only wild cats. The tiger, questioning, asked the frog to pass stool, and out came out the hair in the stool. The tiger did not eat the frog. This therefore was a story that tells about how friendships can be dangerous if one does not understand the intention of friends in the friendship.

འདི་ནང་ལུ་ རྩི་རང་རྫོང་ཁག་ བཀྲིས་སྤང་གཡུས་ཚན་ལས་ ཨ་རྒས་ཅིག་གིས སེམས་ཅན་གྱི་ སྲུང་བཏང་མི་འདི་ སྟག་དང་སྦལཔ་ ཁོང་ཆ་རོགས་གཉིས་ཀྱི་སྐོར་ལས་ སྲུང་བཏངམ་ཨིན་པས། ཏེ་སྟག་འདི་ སེམས་ཅན་སྦོམ་ཅིག་འབདཝ་ལས་ ཁོ་གིས་ སྦལ་འདི་ བཟའ་ནི་གི་མནོ་བསམ་བཏངམ་ད་ སྦལཔ་གིས་ ཧ་གོ་ཞིནམ་ལས་ སྟག་གི་སྤུ་སྦལ་ཡི་ར་ ལ་ལུ་ཁ་ལས་བཙུགས་ ལ་ལུ་ཨ་བུ་ནང་བཙུགས་ཨིན་པས། ཏེ་སྟག་གི་ སྦལཔ་ལུ་ ཁྱོད་ལྟོ་ག་ཅི་བཟའཝ་སྨོ་ཟེར་ འདྲི་བའི་སྐབས་ལུ་ ཁོ་གིས་ སྟག་ལུ་ འཐོབ་པ་ཅིན་ སྟག་མ་གཏོགས་གཞན་བཟའ་ནི་མེད་ཟེར་ སླབ་སླབ་མས། སྟག་གིས་ཨིན་ན་མེན་ན་ བལྟ་ནི་སྦེ་ ཡ་དེ་་འབད་བ་ཅིན་ ཨ་བ་བཏང་ཤིག་ཟེར་སླབ་ད་ སྟག་གི་ ཁོ་བཞག་སྟེ་འགྱོ་བཅུག་ནི་དོན་ལུ་ ཨབ་བ་བཏངམ་ད་ སྟག་གི་སྤུ་འཐོན་ཐོནམ་མས། འདི་འབདཝ་ལས་ སྲུང་འདི་གིས་ ང་བཅས་ར་ ཆ་རོགས་འཆམ་ཏོག་ཏོ་འབད་རུང་ གཅིག་གཅིག་གི་ མནོ་ཐངས་ཧ་མ་གོ་བ་ཅིན་ ཉེན་ཁག་སྦོམ་ཡོད་ཟེར་ སླབ་པའི་དོན་དག་ཨིན་པས། 

Transcript search
No results found for this search
0 of 0
  • དཀར་པོ Karpoo
    ཏེ་ཧེ་མ་སྟག་ཅིག་དང་ སྦལཔ་ཆ་རོགས་འབད་འབདཝ་ཨིན་པས། ཏེ་སྟག་དེ་གིས་ སྦལཔ་དེ་གསད་ནི་སྦེ་ ཆ་རོགས་འབད་འབདཝ་མས། དེ་ལས་ སྦལཔ་གིས་ ཤེས་ཏེ་ སྟག་གིས་ ཁོ་གསད་ནི་མས་ཟེར་ དེ་ལས་ ཤི་བལྟ་བཟུམ་བཏབ་སྦེ་ སྟག་གི་སྤུག་འབལ་ཏེ་ ཁ་དང་ ཨ་བུ་ནང་ བཙུགས་སྦེ་སྡོད་ནུག།
    A tiger once befriended a frog with a motive to kill him. The frog somehow came to know about it so to protect himself from the tiger, he pulled out some fur from the tiger's body while he pretended to look for the lice on his body. The frog infuse some of those fur in his mouth and some in his bum.
  • དཀར་པོ Karpoo
    དེ་ལས་ ཆ་རོགས་ཁྱོད་ ལྟོ་ག་ཅི་ར་བཟའཝ་སྨོ་ཟེར་ འདྲི་འདྲིཝ་མས། ང་འདི་ ལྟོ་ལ་ཁར་སྡོད་མི་ སེམས་ཅན་གུང་ཟེར་མི་འདི་བཟའཝ་ཨིན། འདི་མ་ཐོབ་པ་ཅིན་ མི་བཟའ་ཟེར་ སླབ་སླབ་མས་སྦལཔ་གིས། དབའེ་ཁྱོད་ ཆུང་ཀུ་ཅིག་ར་ཨིན་པས། ཡར་ལ་བདའ་འགྱོ་ཚུགས་མི་ ང་རྐྱངམ་ཅིག་མ་གཏོགས་ གཞན་ག་གིས་ཡང་ འགྱོ་མི་ཚུགས་ཟེར་ མནོ་སྡོད་སྡོདཔ་ཨིནམ་འདྲེས་མེན་ན།
    Then the tiger asked the frog about what he consume generally or what his diet usually consiste of. The frog told him that he usually eat jaguar and starve if he doesn't find one on some days. The tiger thought that the frog is short-bodied and tiny. The tiger also thought that he is the only animal who can climb on those high hills.
  • དཀར་པོ Karpoo
    དེ་ལས་ཏེ་ ཡ་་་ཁྱོད་ཆབ་གསང་བཏང་བལྟ་ཟེར་ སླབ་སླབ་མས། ཏེ་ཆབ་གསང་བཏངམ་ད་ལུ་ སེམས་ཅན་གུང་གི་ སྤུ་ཙང་ཙ་ཐོན་ཐོནམ་མས། ད་རུང་ ཁྱོད་ཁ་ལས་སྐྱུག་ཟེར་ ཁ་ལས་སྐྱུགཔ་ད་ ད་རུང་ གུང་གི་ སྤུ་ཐོན་ཐོནམ་མས། ཨའུ་ཨ་ནཱི་བཟུམ་འདི་ སྤྲུལ་ཞིནམ་ལས་ ག་ཅི་འབད་འབདཝ་ཨིན་ན་ འབད་འབདཝ་ཨིན་པས་སྨ་རེ། གཞན་གྱིས་བལྟ་བ་ཅིན་ འ་ནཱི་ཁོ་གིས་ བཟའ་མི་ལྟོ་འདི་ ཤོབ་མེན་པས་སྨ་རེ་ཟེར་ འདྲོག་སྟེ་ བྱོག་ཡར་སོངཔ་ཨིན་པས།
    The tiger said," why don't you try taking a dump?" To the frog. As the frog was dumping some furs came out and the tiger thought it was jaguar's fur. Again the tiger told the frog to puke and again some furs came out. So the tiger got scared and ran away.
  • དཀར་པོ Karpoo
    བྱོག་སོང་ཏེ་ ཧེ་མ་ལས་ ཁྱོད་སྡོད་ནི་འདི་ ག་ཏེ་སྡོདཔ་མོ་ཟེར་འདྲིཝ་ད་ སྡོད་ནི་འདི་ སའི་དོན་ནང་སྡོདཔ་ཨིན་ཟེར་ སླབ་སླབ་མས། དེ་ལས་ སྟག་དེ་འདྲོག་སྟེ་ བྱོག་འགྱོཝ་ད་ དོམ་དང་ཕྱད་ཕྱདཔ་མས། དེ་ལས་ དོམ་དང་ཡང་ ཁོ་གིས་ ཆ་རོགས་བཟོ་བཟོཝ་ཨིན་པས། དེ་ལས་ ཆ་རོགས་ཁྱོད་ ག་ཅི་སྦེ་ བྱོག་འོངམ་སྨོ་ཟེརཝ་ད་ སྤ་་ཁོ་རེ་ སྦལཔ་འདི་ ཆུང་ཀུ་ཅིག་ར་ཨིན་པས་ རྐངམ་གིས་བསྣད་དེ་ གསད་ནི་ཟེར་མནོ་ཡི། འདི་འབདཝ་ད་ ཁོ་མ་འདྲཝ་ཅིག་ར་འདུག།
    After running away from there he met a bear and befriended with him as well. The bear asked the Tiger that why he ran away from there and he told the bear that despite the frog's small-bodied, he sure is different moreover scary.
  • དཀར་པོ Karpoo
    ག་ཅི་བཟུམ་ཅིག་འདུག་གོ་ཟེར དོམ་གྱིས་འདྲི་འདྲིཝ་མས། ཛའི་་་་ཁོ་ངེ་ མགུ་ཏོ་གུ་ཤི་བལྟ་སྦེ་སྡོདཔ་ད་ ལྟོ་ག་ཅི་བཟའཝ་སྨོ་ཟེར་འདྲིཝ་ད་ སེམས་ཅན་གུང་བཟའི་ འདི་མ་ཐོབ་པ་ཅིན་ བཟའ་ནི་མེད་ལོ། ཏེ་ཆབ་གསང་དང་ ཁ་ལས་ལོག་རུང་ གུང་གི་སྤུག་འདུག ང་འདི་ བྱོག་འོང་བའི་ཟེར་ སླབ་ནུག
    The bear asked how the frog was and what was different about him so the tiger explained to him about what the frog usually consumed and the incident related to dumping and the puking,
  • དཀར་པོ Karpoo
    ཡ་ལ་མ་ ཁྱོད་ག་ཅི་སྦེ་འདྲོགཔ་སྨོ་ ང་བཅས་གཉིས་ཆ་རོགས་སྦེ་ འགྱོ་གེ་ཟེར་སླབ་སྦེ སྦལཔ་གི་ལྟག་ཀོ་གུ་ ཐགཔ་བཏགས་སྦེ་ སྦལཔ་གསད་ནི་སྦེ་ སོང་སོངམ་མས། ཏེ་དོང་ནང་ལྷོདཔ་ད་ སྦལཔ་གིས་སྐད་རྐྱབ་རྐྱབ་མས། དེ་ལས་ ཁོ་གཉིས་སྦོ་ལོག་ཁར་ལྷོདཔ་ད་ སྐད་སྦོམ་སྦེ་རྐྱབ་བྱིན་ད་ སྟག་དེ་ བཟའ་ར་བཟའ་ནི་མས་ཟེར་ བྱོག་འགྱོཝ་ད་ སྟག་ཚུར་འཐེན་ དོམ་གྱིས་ཕར་འཐེན་སྦེ་ དོམ་ཨོལ་ལྐོག་བསྡམས་སྦེ་ཤི་སོང་ནུག། ཏེ་ཧེ་མ་ཕམ་གིས གཏམ་འ་ནཱེ་སྦེ་ སླབ་སླབ་ཨིན་པས།
    The bear told him not to worry and they decided to team up and kill the frog by stangling him to death. So they went near the hole where the frog was residing. The frog made loud noises on purpose and that scared the tiger, The tiger tried running away but the bear pulled him back along with the rope which they brought to strangle but in the process of pulling and running away it ended up killing the bear.