Skip to main content Skip to search
27 Jan 2016
21 min 24 sec
Video Overview
Creators: 
Sherig Dentshog

A Tsangla story about three princes tells of when their father, the king, sent them to obtain a rare flower from a remote location, providing each of them with a hundred horses, nails and pieces of cloth. The two oldest brothers were cunning and selfish, and the youngest one, clever and altruistic. The two elder abandon the youngest prince when he needs help. The youngest gave away all he owned to those in need he met along the way, and became a lone, destitute person. In the end, his selfless attitude yields good results. He marries three princesses, obtains the rare flower, and becomes the heir. This story therefore conveys the message that siblings can be more dangerous than external enemies. 

 

གློག་བརྙན་འདི་ནང་གི་་སྲུང་འདི་ ཡོངས་གྲགས་ཅན་གྱི་ འབྲུག་ཤར་ཕྱོགས་ཀྱི ཚངས་ལའི་ ཁ་སྐད་ནང་སྦེ་ ་སླབ་ཡོདཔ་ད་ སྲུང་འདི་ རྒྱལ་པོའི་སྲས་གསུམ་གྱི་ སྐོར་ལས་ཨིན་པས། འདི་ཡང་ སྲས་གསུམ་པོ་འདི་ ཡབ་ཀྱིས་ རྟ་ཁལ་ལྔ་ལྔ་རེ་དང་ གཞན་ཡང་ ལྕགས་གཟེར་དང་ཁ་ ཤ་ཚུ་གནང་སྟེ་ མེ་ཏོག་ལེན་པར་བཏངམ་ད་ སྲས་ཆུང་ཤོས་འདི་གིས་ རྟ་གུར་ཁུར་ཆ་ཚུ་ བཀལ་ཕབ་འབད་ནི་ག་ར་ ཕོ་རྒནམ་གཉིས་ཀྱིས་ འབད་དགོཔ་ལས་ ཕོ་རྒནམ་གཉིས་ཀྱིས་ ཆ་རོགས་འབད་མ་བཏུབ་པར་ ལམ་ཁར་བཀོ་བཞགཔ་ལས་ རྟ་དང་ ཁུར་ཆ་ཚུ་ ལམ་ཁར་ཕྱད་མི་ཚུ་ལུ་གནང་ཡི་ར་བྱོནམ་ལས་ ག་ཅི་ཡང་མེད་པའི་ སྤྲང་པོ་ལུ་འགྱུར་སོང་རུང་ ལྷག་བསམ་དཀར་བའི་ གཏོང་ཕོད་ཅན་ཅིག་ཨིནམ་ལས་ རྒྱལ་པོ་ཅིག་གི་སྲསམོ་ཅིག་ སྲིན་པོའི་བཞེས་སྒོ་སྦེ་ བཏང་དགོ་པའི་དུས་ཅིག་ཚོད་ཁར་ ཁོ་ལྷོད་དེ་ ཁོ་གིས་ སྲསམོ་དེ་གི་ སྲོག་སྐྱབས་འབད་དེ་ སྲིན་པོ་བཏུལ་བ་ལུ་བརྟེན་ ནོར་ལོངས་སྤྱོད་དང་ རྒྱལ་པོའི་སྲསམོ་གསུམ་གནའ་མར་བསྣམས་ དེ་ལས་ མེ་ཏོག་ཡང་ཐོབ་སྦེ་ ཁོ་རའི་རྒྱལ་ཁམས་ལུ་ ལོག་པའི་ལམ་ཁར་ ཕོ་རྒནམ་གཉིས་དང་ཕྱདཔ་ལས་ ད་རུང་འདི་ཁར ་ཕོ་རྒནམ་གཉིས་ཀྱིས་ མེ་ཏོག་མ་ཐོབ་པར་ ཕྲག་དོག་གིས་ ནུ་གཅུང་དེ་བསད་རུང་ སྲསམོ་སྤུན་གསུམ་གྱིས་ ཁོང་རའི་ རྨགཔ་རྒྱལ་སྲས་དེ་ ཐབས་ཀྱིས་འབད་ལྷོངས་ཞིནམ་ལས་ རྒྱལ་སྲིད་ཐོབ་པའི་སྲུང་ཅིག་ཨིན་པས། སྲུང་འདི་གིས་ དགྲ་སྤུན་གྱི་ནང་ལས་ཡང་འཐོན་སྲིད་ཟེར་བའི་ གོ་བརྡ་དང་གཅིག་ཁར་ ཕྱིའི་དགྲ་ལས་ ནང་གི་གཉེན་སྡུག་ཟེར་བའི ་དཔེ་ལུ་གཞི་བཞག་པའི་ སྲུང་ཅིག་ཨིན་པས། སྲུང་འདི་ཚུ་ མང་ཤོས་ར་ རང་སོའི་ ལམ་སྲོལ་གྱི་གནས་སྟངས་ལུ་ གཙོ་བོར་སྟོན་མི་ཙང་ཙ་འོངམ་ལས་ སྲུང་འདི་ནང་ལས་ ག་ཅི་ཧ་དགོ་ཚུགསཔ་སྨོ་ཟེར་བ་ཅིན་ སྲུང་དེ་ འགོ་ཐོག་བྱུང་བའི་སྐབས་ལུ་ རྟ་དང་ལྕགས་གཟེར་ ཁ་ཤ་ཚུ་ རིན་ཐངས་ཅན་གྱི་རྒྱུ་དངོས་ཨིནམ་སྦེ་ གསལ་སྟོན་འབདཝ་མས།