Skip to main content Skip to search
23 Aug 2018
7 min 49 sec
Video Overview
Creators: 
Nelson Walker
Transcript search
No results found for this search
0 of 0
  • ཚེ་དབང་ Tshewang
    ད་རེས་ཀྱི་ ད་འ་ནཱི་ ཁྲིམས་ཚུ་གི་སྐོར་ལས་སྦེ་འབདཝ་ད་ དང་ཕུ་གི་གཏམ་རྒྱུད་དུམ་གྲ་ཅིག་ཞུ་དགོཔ་འདུག་བ་ དང་ཕུ་ལུ་ ཏེ་ འ་ནཱི་སྦེ་ཨིན་ཟེར་མས་ལགས་ འ་་་ རྒྱལ་པོའི་བུ་གཅིག་ དབུལ་པོའི་བུ་གཅིག་ ཕྱུག་པོའི་བུ་གཅིག་ཡོད་དེ་ ཏེ་ རྒྱལ་པོའི་ རྒྱལ་པོའི་སྲས་དེ་གིས་ཕྱག་ཞུ།
  • ཚེ་དབང་ Tshewang
    ཕྱུག་པོའི་བུ་འདི་དང་ དབུལ་པོའི་བུ་འདི་འགྱོ་སྟེ་གིས་སྦེ་ ཏེ་ ནཱ་ལས་མར་ལུ་ ཏེ་ ཐིམ་ཕུག་བཟུམ་ཅིག་ཁར་འབད་བ་ཅིན་ མར་ ཟང་ཀྲག་མཚོ་ཡོད་བུ་ལགས་ འ་ནཱི་བཟུམ་ཅིག་ཁར་ལྷོད་ལྷོདཔ་ཨིན་ཟེར་ཨིན་མས་ ཟང་ཀྲག་མཚོའི་སྦུག་ལུ་ལྷོདཔ་ད་ ཏེ་ ཉ་གཅིག་མཐོང་སྟེ་གིས་སྦེ་ ཆུའི་ཉ་ མདའ་རོང་ནང་ཉ་མཐོང་སྟེ་གིས་སྦེ་ ཏེ་ དབའི་ཨ་མར་ལུ་ ཉ་གཅིག་འདུག་ ཉ་འདི་ ཏེ་ རྒྱལ་པོའི་སྲས་འདི་གིས།
  • ཚེ་དབང་ Tshewang
    ཕྱུག་པོའི་བུ་འདི་འགྱིམ་ འ་ནཱི་ཉ་འདི་གི་མགུ་ཏོག་གུ་རྡོ་རྐྱབ་ཤིག་ཟེར་འབདཝ་ད་ ཏེ་ ཕྱུག་པོའི་བུ་འདི་གིས་ སྐེད་པ་རྐྱབ་དགོ་ ཉའི་སྲོག་འདི་སྐེད་པ་གནསཔ་ཨིན་ཟེར་ ཏེ་ སྲས་འདི་གིས་མགུ་ཏོ་གུ་ཡོད་ མགུ་ཏོག་དཀྲུམ་དགོ་ཟེར་ མགུ་ཏོག་ཀྲུམ་ན་ཁོ་ག་འགྱོ་བ་ས་ དབུལ་པའི་བུ་འདི་གིས་སླབ་མས་ཟེར་ལོ་ མེན་ འ་ ག་ལས་འོང་ནི་ མཇུག་མ་བཏོག་དགོ་ཟེར་ མཇུག་མ་གུ་རྐྱབ་དགོ་ཟེར་འབདཝ་ད།
  • ཚེ་དབང་ Tshewang
    ཁོང་གསུམ་ཁ་མ་འཆམ་ཅིག་གི་བར་ན་ ཉ་འདི་ཡར་སོངཔ་ཨིན་ཟེར་མས་ ཏེ་ ཉ་འདི་ཡར་སོང་ ཏེ་ དེ་ལསནི་ ཁོང་ར་གསུམ་ཏེ་ དེ་ལསནི་ འཐབ་འབད་སྦེ་ ཏེ་ རྒྱལ་པོའི་སྲས་ལུ་ཡང་ ཏེ་ ཞལ་ལོག་ཞུ་ ཏེ་ རྒྱལ་པོའི་སྲས་ཀྱིས་ དབའི་ ད་ ཏེ་ ང་བརྡུང་མནི་ཁྱོད་ཏེ་ ཡ་ བརྡུང་ཐབས་མི་ཆོག་པས།
  • ཚེ་དབང་ Tshewang
    ང་གིས་ཁྱོད་ལུ་བརྡུང་པ་ ཏེ་ ང་རང་གིས་ ད་ ང་བཅས་གསུམ་རྩོད་གཞི་སྦེ་ཡར་སོང་ཡི་ ཏེ་ ཉ་འདི་སྲོག་ང་མགུ་ཏོག་གུ་ཨིན་ས་ ཏེ་ ཕྱུག་པོའི་བུ་གིས་ སྐེད་པ་ཨིན་ཟེར་ དབུལ་པའི་བུ་གིས་ མཇུག་མ་ཨིན་ཟེར་ ཏེ་ འ་ནཱི་སྦེ་ཡར་སོང་ཡི་ འདི་བཟུམ་སྦེ་འབད་བ་ཅིན་ ཏེ་ ང་བཅས་ཁྱདནི་མི་འཆམ་པས་ ཁྱད་མེད་ཟེར་ ཏེ་ ད་ ད་ལྟོ་ ཏེ་ རོགས་ ད་རེས་ནངས་པ་ འདི་བཟུམ་ཏེ་ དེ་བསྒང་ལས།
  • ཚེ་དབང་ Tshewang
    ཏེ་ མ་པ་ཁྲིམས་སྦེ་ཡོདཔ་མས་བ་ཏེ་ལགས་ འ་ནཱི་འབདཝ་ད་ ཏེ་ ཁྲིམས་ལུ་བཙུགས་དགོ་ཟེར་ ཏེ་ ད་ལྟོ་ཁྲིམས་ཡོད་མི་འདི་ཡང་ ཏེ་ ད་ ཞབས་དྲུང་མངའ་དབང་རྣམ་རྒྱལ་གྱིས་ བཟའ་ལུགས་མེད་ལུ་ལུང་དང་ ཧོར་ཁྲིམས་མེད་ལུ་ཁྲིམས་ དེ་བསྒང་ལས་རང་བརྩམས་ཏེ་གིས་སྦེ་ ཏེ་ ཁྲིམས་བརྩམས་འ་ནཱི་སྦེ་ཡོད་དེ་གིས་སྦེ་ ཏེ་ རྩོད་གཞི་ཕྱེཝ་ད་ ཏེ་ ཁྲིམས་དཔོན་འདི་གི་བཞུགས་སར་སོང་ ཏེ་ རྒྱལ་པོའི་སྲས་འདི་གིས།
  • ཚེ་དབང་ Tshewang
    ཏེ་ དབའི་ ཏེ་ད་ ཁོང་ཕྱུག་པོའི་བུ་ཨིན་མས་ ཁོང་འདི་དབུལ་པོའི་བུ་ཨིན་མས་ ཁོང་གཉིས་བདེན་སོང་པ་ཅིན་ ང་ ང་ ཁོང་བཀོལ་ཟཝ་མི་བདེན་པས་ ཁོང་གཉིས་ ངེའི་བྱ་རོགས་ཨིན་ ཁོང་གི་ང་ འོ་ ང་ ཁོང་བཀོལ་ཟཝ་མི་བདེན་ནི་མས་ བཞག་ཤིག་ཟེར་ ཏེ་ རྒྱལ་པོའི་སྲས་འདི་གིས་ ཁོ་གིས་ཕྱག་ལུ་ ཏེ་ གསེར་གྱི་མཛུབ་དཀྱི་གཅིག་ཡོད་འབད་སྦེ་ ཏེ་ ཁྲིམས་དཔོན་འདི་ལུ་ ཕུལ་འབད་སྦེ་ ཏེ་ དབའི།
  • ཚེ་དབང་ Tshewang
    ཁ་ཙ་ང་བཅས་འ་ནཱི་སྦེ་ཡར་སོང་ཡི་ ཁྲིམས་དཔོན་འདི་ལུ་ ཏེ་ ཉ་གཅིག་འ་ནཱི་སྦེ་མཐོང་སྟེ་གིས་སྦེ་ ཏེ་ ཉ་འདི་འ་ནཱི་སྦེ་བཟུང་ གསད་ནི་འབདཝ་ད་ ཏེ་ ཉ་འདི་གི་ ཏེ་ ང་བཅས་ ཁྱདནི་མ་འཆམ་ ཏེ་ ང་མགུ་ཏོ་གུ་རྐྱབ་ཟེར་འབད་སོང་བ་ ཕྱུག་པོའི་བུ་གིས་ སྐེད་པར་རྐྱབ་ཟེར་ དབུལ་པོའི་བུ་གིས་ མཇུག་མར་རྐྱབ་ཟེར་འབད་སྦེ་ ཏེ་ འ་ནཱི་སྦེ་ཡར་སོང་ཡི་ ཏེ་ འ་ནཱི་འབདཝ་ད།
  • ཚེ་དབང་ Tshewang
    ང་བཅས་ཁྱད་མ་འཆམ་ དེ་ཅིག་གི་ན་ ཉ་འདི་ཡར་སོང་སྟེ་སྦེ་ ད་ ང་བཅས་གསུམ་སྒྲིག་མ་ཚུགས་ ཨིན་རུང་མེད་རུང་ ཏེ་ད་འདི་ ཁྱོད་ ཉའི་སྲོག་འདི་མགུ་ཏོ་གུ་ཨིནམ་སྦེ་ ཏེ་ ཁྱོད་ཀྱིས་གསུང་དགོ་ ཏེ་ད་འདི་ ཁོང་གིས་མི་ཤེས་ཟེར་ ཏེ་ གསེར་འདི་ནང་གསུག་སྦེ་ཕུལ་དཔ་ཡི་ཟེར་ཨིན་མས། གསེར་གྱི་ནང་གསུག་ཕུལ་བཞག་འབད་སྦེ་ བཞག་ཤིག་ཁོ་གིསནི་ ཏེ་ རྒྱལ་པོའི་སྲས་འདི་གིས་ ཏེ་ ཁོ་ལུ་ནང་གསུག་ཕུལ་ཡི་བཞག་ཤིག
  • ཚེ་དབང་ Tshewang
    ཏེ་ད་ ང་བདེ་ཏོག་ཏོ་སྦེ་ ཏེ་ འབད་ནི་ཨིན་ ད་ ཁོང་ ང་ ཏེ་ ད་ འདི་དེ་གཏམ་འདི་ ང་རང་བདེན་སྦེ་བྱིན་འོང་ཟེར་འོང་འབད་སྦེ་ འབདཝ་ད་ ཏེ་ ཕྱུག་པོའི་བུ་གིས་ དེ་སྦེ་མེན་པས་ ད་ ང་ ད་ ང་ ད་ལྟོ་བར་འདི་ ང་གིས་ཡང་ ད་ ང་ལུ་བ་དམརཔོ་ཅིག་ཞོ་ཟ་ནི་ཡོད་ བ་གཅིག་ཞོ་ནི་ཅིག་ཡོདཔ་མས་ དེ་ བ་འདི་ད་ ཐགཔ་བཏགས་འཁྱིད་འབད་སྦེ་ ལུང་པའི་ཁྲིམས་དཔོན་གྱི་འབད་སར་བདའ་ཕུལ་འབད་སྦེ།
  • ཚེ་དབང་ Tshewang
    ཏེ་ ད་ ང་བཅས་འ་ནཱི་སྦེ་ ཁྱད་མ་འཆམ་པར་ཡོད་ རྒྱལ་པོའི་སྲས་ཀྱིས་ མགུ་ཨིན་ལོ་ ང་སྐེད་པ་ཨིན་ཟེར་ དབུལ་པོའི་བུ་གིས་མཇུག་མ་ཨིན་ཟེར་ཏེ་གིས་སྦེ་ འ་ནཱི་སྦེ་ཡར་སོང་ཡི་ ཏེ་ ད་ངེའི་ ཉའི་སྲོག་འདི་ སྐེད་པ་ཨིནམ་སྦེ་རང་འབད་དགོ་ ད་ འ་ནཱི་ཁྲིམས་དཔོན་ལུ་བཞེས་གནང་ཟེར་ ཏེ་ ཁྲིམས་དཔོན་གྱིས་ འདི་ཡང་བཞེས་སྦེ་ ཏེ་ ཨིན་མས་ ཏེ་ ད་ ད་ག་དེ་འབད་རུང་ ཁྱོད་ཀྱི་ཆ་རོགས་འབད་ནི་རང་མམ་སྨ་རེ་ཟེར་ འ་ནཱི་སྦེ་སྡོད་སྡོདཔ་མས།
  • ཚེ་དབང་ Tshewang
    ཏེ་ དབུལ་པོའི་བུ་འདི་གིས་ཡང་ དབའི་་་ ཁོ་ཡང་བློ་བདེ་སྡོད་སར་མ་ཆགས་པས་ གཅིག་རྒྱལ་པོའི་སྲས་ཨིན་མས་ གཅིགནི་ཕྱུག་པོའི་བུ་ཨིན་མས་ ཁོང་གཉིས་བདེན་སོང་པ་ཅིན་ ཧེ་མ་ལས་ ཁོང་ང་བཏུལ་བཏུལཝ་ས་ཨིན་ས་ ད་ ནེ་མེནམ་ཅིག་བཏུལ་ནི་ཨིན་མས་ཟེར་མནོ་སྦེ་ ཏེ་ ཁོ་ལུ་ ང་བཅས་ར་་་བ་ཅིན་ ད་རེས་འབད་བ་ཅིན་ དཔའ་རྟགས་ཨིན་མས་ ཤིང་ཡང་ ཤིང་བརྫམ་ནི་གི་ དཔའ་རྟགས་གཅིག་ཁོ་ལུ།
  • ཚེ་དབང་ Tshewang
    ཏེ་ འབག་ནི་ཡོད་འབད་སྦེ་ ཏེ་ ཁོ་གིས་ཡང་ དཔའ་རྟགས་འདི་ ལེགས་ཤོམ་ཅིག་ཡོདཔ་མས་ སྤུས་རྩ་སྦེ་དར་ཕུལ་འབད་སྦེ་ ཏེ་ ཁྲིམས་དཔོན་འདི་ལུ་ཕུལ་ ད་ འ་ནཱི་སྦེ་ཨིན་ ཏེ་ ང་བཅས་ རྒྱལ་པོའི་སྲས་ཀྱིས་མགུ་ཨིན་ལོ་ ཕྱུག་པོའི་བུའི་སྐེད་པ་ཡོད་ལོ་ ང་ མཇུག་མ་ཡོད་ལོ་ཟེར་བའི་བར་ན་ ཉ་འདི་ཡར་སོང་ཡི་ ད་ ཁོང་གཉིས་རང་ ང་འདྲོག་འབད་འོང་ཟེར་ ང་ཧེ་མ་ལས་རང་ ཁོང་གཉིས་ཀྱི་བྱ་རོགས་འདི་ ང་འཇུག་འཇུག་སར་རང་ཨིན།
  • ཚེ་དབང་ Tshewang
    ད་ ནཱི་བ་མེནམ་ཅིག་ ཁོང་གིས་ང་ལུ་ ཏེ་ ལྟོདམོ་ཅིག་འདི་ གནམ་མེད་ས་མེད་སྟོན་འོང་ ད་ དེ་སྦེ་མཛད་མ་གནང་ ངེའི་དཔའ་རྟགས་འདི་ ནཱ་ལུ་བཞེས་གནང་ཟེར་ ཨིན་རུང་མེན་རུང་ ད་གཏམ་འདི་ ང་བདེནམ་ཅིག་སྦེ་རང་ཟེར་རུང་ ཏེ་ ཁྲིམས་དཔོན་འདི་གིས་ཡང་ དེ་ད་ བལྟ་ནི་རང་མམ་ཟེར་ ཏེ་ད་ འདི་ཁྱོད་ལུ་ཡང་ ཏེ་ད་ ཁྱོད་ཀྱིས་ཡང་དེ་སྦེ་འོང་མི་འདི་ ཁྱོད་ལུ་ཡང་རེ་ཆི་བསྐྱེད་བར་འོང་མས།
  • ཚེ་དབང་ Tshewang
    འཇམ་ཟེར་ཏེ་ འབད་སྦེ་ ཏེ་ འདིའི་ནངས་པ་རྩོད་གཞི་ཕྱེ་ཡི་སྟེ་ བཅར་ ཕར་བཅར་འབད་བའི་བསྒང་ལསནི་ སྤ་ཏེ་ གཏམ་འདི་ ཏེ་ རྒྱལ་པོའི་སྲས་འདི་ བདེན་སུ་བདེན་སུ་བདེན་སུ་བདེན་སུ་སྦེ་ འ་ནཱི་སྦེ་འབད་ ཏེ་ ཁོ་མ་བདེན་བར་ན་ ཏེ་ བུ་ག་རྐྱབ་ མ་སུམ་ཙམ་ཅིག་ ཏེ་ ཏེ་འ་ནཱི་འབདཝ་ད་ ཏེ་ ཏེ་ཕྱུག་པོའི་བུ་གིས་ ཏེ་ དབའི་དྲག་ཤོས་འདི་འགྱིམ་ ཏེ་ བ་དམརཔོ་འདི་བསད་ཟ་བར་ ཞོ་ཟཝ་དྲག
  • ཚེ་དབང་ Tshewang
    ཞོ་ཟ་བ་ཅིན་ ལོ་དུས་ཅི་ཡང་ཞོ་ཟ་ནི་ཨིན་ སང་ཕོད་ཡང་ཞོ་ཟ་ནི་ཨིན་ ཏེ་ དེ་སྦེ་མཛད་མ་གནང་ཟེར་ གསད་ཟ་བ་ཅིན་ དུས་ཅི་ཐེངས་ཕོག་གཅིག་ ཚར་གཅིག་ཤ་འདི་ སྐམ་སྦེ་ཟ་ད་ཞིནམ་ལས་ ཏེ་ ལོ་ཐེངས་གཅིག་རང་ཨིན་མས་ཟེར་ དེ་སྦེ་མཛད་མ་གནང་ཟེར་འབདཝ་ད་ ཏེ་ ཁོ་འདི་ཡང་ ཤུགས་ཆེ་སུ་སྦེ་འགྱོཝ་ད་ འབདཝ་ད་ ཕྱུག་པོའི་བུ་བདེན་འབད་འདི་སྦེ་ ཏེ་ རྒྱལ་པོའི་སྲས་ཀྱིས་ ཏེ་ གསེར་སར་འབོཝ་ད་ འོད་གནམ་ཕོགཔ་ཨིན་ཟེར།
  • ཚེ་དབང་ Tshewang
    ཏེ་ ཁོ་གིས་ཡང་ ཁོ་གི་ངོ་བོ་འདི་བཏོན་ཏེ་ འ་ནཱི་སྦེ་འབད་ཞིནམ་ལས་ ཁོང་གཉིས་འདི་ བདེན་སུ་འགྱོ་བའི་བསྒང་ལས་ ཏེ་ དབུལ་པོའི་བུ་འདི་ཡང་ ཏེ་ ད་ ཁོང་ཡང་ མར་ལས་ཐབས་རང་མིན་འདུག་ཏེ་ ཁྱབ་ཕྱགཔ་འདི་གནམ་འཕྱརཝ་ད་ ཐུག་སའི་ཨེན་ཙེ་རྩ་བར་ཨིན་ཟེར་ ཁོ་གི་དཔའ་རྟགས་འདི་ ངོ་བོ་འདི་བཏོན་ འ་ནཱི་འབད་ཞིནམ་ལས་ ཏེ་ ད་རེས་ནངས་པ་ ད་ འ་ནཱི་ ཁྲིམས་དཔོན་ཚུ་གིས་ མཛད་ཡང་མཛད་དེས་བ་ཏེ།
  • ཚེ་དབང་ Tshewang
    འ་ནཱི་བཟུམ་སྦེ་འབདཝ་ད་ ཏེ་ རྒྱལ་པོའི་སྲས་ཀྱི་ ཏེ་ ད་ ཁྱོད་རང་མར་གྱི་ ཧ་ཕྱི་ཀྱི་ ང་གིས་ལོ་རྒྱུས་སླབ་ནི་མེད་ཟེར་ ཉ་གི་སྲོག་འདི་ དྲོ་པ་ཉིནམ་ཤརཝ་ད་ མགུ་ཏོ་གུ་གནསཔ་ཨིན་ རྒྱལ་པོ་སྲས་བདེན་པས་ཟེར་ འདི་ལུ་ ཏེ་ མ་བདེནམ་མིན་ནུག་ཟེར་ ཉིནམ་དགུང་འདི་ ཉིམ་སྦུག་ལུ་ཆགས་ཞིནམ་ལས་ ཉིནམ་དགུང་འདི་ ག་ཏེ་གནསཔ་སྨོ་ཟེར་བ་ཅིན་ ཉའི་སྐེད་པ་གནསཔ་ཨིན་ཟེར་ སྲོག་འདི་སྐེད་པ་གནསཔ་ཨིན་ སྲོག་སྐེད་པ་ཡང་སྡོད་འོང་ཟེར།
  • ཚེ་དབང་ Tshewang
    ཏེ་ འདི་ཁྱོད་ལུ་ རོགས་ ཕྱུག་པོའི་བུ་ཡང་ མ་བདེན་ཟེར་སླབ་ནི་མིན་འདུག་ བདེན་པས་ཟེར་ ཕྱི་རུ་ཉིམ་འཛུལ་ཞིནམ་ལས་ ཉའི་མཇུགམ་འདི་ ཉའི་སྲོག་འདི་ མཇུག་མ་གནསཔ་ཨིན་ཟེར་ འབད་ཞིནམ་ལས་ ཏེ་ ཁོང་གསུམ་འདྲན་འཆམ་སྦེ་ ཏེ་ འ་ནཱི་སྦེ་བཟོ་བཏང་འབད་སྦེ་ ཏེ་ སྒྲིག་ཆགས་བཟོ་བཏང་དཔ་ཨིན་ཟེར་ ཨིན་མས་ལགས་ འདི་གཅིག་གི་གཅིག་ལུ་ ཏེ་ བདེན་པ་ག་ནི་ཡང་མེད་པར།
  • ཚེ་དབང་ Tshewang
    ཏེ་ ཆ་མཉམ་རང་རོགས་ རྫུན་པ་ག་ནི་ཡང་མེད་པར་ བདེན་པ་བཟོ་འབད་སྦེ་ ཏེ་ འ་ནཱི་འབད་བཏང་དཔ་ཨིན་ཟེར་ཨིན་མས་ ཏེ་ འ་ནཱི་བཟུམ་སྦེ་ ད་རེས་ནངས་པར་ མཛད་ཡང་མཛད་དེས་བ་ཏེ་ ད་ འ་ནཱི་བཟུམ་སྦེ་ ཡར་ལས་ཨིན་མར་ལས་ཨིན་ ཀ་བཏགས་ཡར་ལས་བཏོན་མར་ལས་བཏོན་སྦེ་ འབད་བའི་བསྒང་ལས་ འ་ནཱི་བཟུམ་སྦེ་ འ་ནཱ་ཀྲི་ཝི་ནང་སྟོན་དོ་བཟུམ་སྦེ་ ཏེ་ ཡུདཔ་ཅིག་འཆམ་ཁ་འ་ནཱི་སྦེ་བཟོ་བཏང་མས་མེན་ན་ལགས། འ་ནཱི་བཟུམ་སྦེ་ ཁོང་གསུམ་གྱི་དེ་ཡང་ ཏེ་ འ་ནཱི་སྦེ་བཟོ་བཏང་དཔ་ཨིན་ཟེར་ཨིན་མས།