Video Overview
མོང་སྒར་རྫོང་ཁག་ སྔ་ཚང་རྒེད་འོག་ལས་ ཀུན་བཟང་གིས་ གཡུས་ཁ་ལུ་ གཏགམ བཙོང་མི་སྐོར་ལས་ སྲུང་བཏངམ་ཨིན་པས། སྲུང་འདི་ཡང་ འབྲུག་གི་ལམ་སྲོལ་ནང་ མི་རྒས་ཤོས་ཚུ་གིས་ ཕྱི་རུའི་ལྟ་བཟའ་ཚར་ཞིནམ་ལས་ བཏངམ་ཨིནམ་ད་ སྲུང་འདི་ཕྱི་རུ་བཏང་དགོ་མི་འདི་ ཏེ་དེ་བསྒང་ སྤྲོ་སྟོན་གྱི་ལས་ཚུ་ ག་ནི་ཡང་མེད་མི་ལུ་བརྟེན་ཨིནམ་ད་ ཏེ་ད་རིས་ནངས་པ་ འཕྲུལ་རིག་ལས་བརྟེན་ ལམ་ལུགས་འདི་ཚུ་ འབྲུག་གི་ ལམ་སྲོལ་ལས་ཉམས་ནིའི་ཉེན་ཁ་འདུག། སྲུང་འདི་ ཕྱེམ་ལ་ག་ཅི་སྦེ་ མེ་ནང་མཆོངས་དགོཔ་ཨིན་ནའི་བཅོས་སྲུང་ཨིན་པས།
- Ngatsang
- ཀུན་བཟང་།/Kinzangདང་ཕུག་ མི་གཅིག་ཏམ་བཟོ་ཏམ་ཚོང་རྐྱབ་སྡོད་དོ་མས། ཚར་གཅིག་འབདཝ་ད་ ཤིང་གཅིག་གི་རྩ་བ་འགྱོ་ འཐག་ཐག་ནིའི་ཏམ་བཟོ་སྡོདཔ་ད་ ཁོ་གི་རྩ་བ་ཀ་ཤ་གཅིག་ཡང་ ༼ཐུང་ཀག་པ་༽ འབྲས་བུ་བཟའ་སྡོད་སྡོདཔ་མས།
- ཀུན་བཟང་།/Kinzangདེ་ལས་ ༼ཐུང་ཀག་པ་ཤིང་༽ ཐོག་ཁར་ ཤིང་གེ་ཏ་་༼ཐུང་ཀག་པ་༽ བཟའ་སྡོད་སྡོདཔ་མས། ཏེ་ ཚོང་པ་ཨ་རྒས་འདི་ རྒྱ་བོ་རིངམོ་འབད་ཡོདཔ་མས་ ཏེ་ ཁོ་གི་རྒྱ་བོ་གུ་ཕྱེམ་ལ་གཅིག་འོང་ཆགས་ཡོདཔ་མས།
- ཀུན་བཟང་།/Kinzangའོང་མ་བཏུབ་པ་ བུར་ཟེར་སླབ་སླབ་མས་ དེ་ལས་ ཤིང་གེ་ཏ་འདྲོག་ ༼ཐུང་ཀག་པ༽ ཁ་ལས་འཐོན་འགྱོ་འབད་དེ་ ཀ་ཤའི་གུ་ཏོག་གུ་རེག་ཡོདཔ་མས། དེ་ལས་ ཀ་ཤ་འདྲོག་མགྱོགཔ་ད་ སྦུལ་མགུ་ཏོག་གུར་ཀ་ཤ་གི་རྐངམ་མནན།
- ཀུན་བཟང་།/Kinzangདེ་ལས་ སྦུལ་ཀ་ཤ་གི་རྐངམ་མནན་བྱིན་ཟེར་ དབུགས་རྡུམ་ལང་ལེ་ཀོ་གི་ སྒོང་རྡོག་བཟའ་ཡོདཔ་མས་ དེ་ལས་ ལེ་ཀོ་དབུགས་རྡུམ་ལང་ རྒྱལ་པོའི་སྒོ་ཁའི་ ༼ཕོ་དང་༽ བཟའ་དཔ་མས། དེ་ལས་ རྒྱལཔོ་གི་གཟིགས་འབད་དེ་ ཕྱག་ཞུ་མི་ལུ་ འ་ནི་ལེ་ཀོ་ལུ་དྲི་བལྟ་ཟེར་སླབ་
- ཀུན་བཟང་།/Kinzangདེ་ལས་ རྒྱལ་པོའི་ཕྱག་ཞུ་མི་གིས་ལེ་ཀོ་བསད་ནི་འབད་ རྟས་ཐག་འབག་འགྱོ་ད་ སྐུ་མཆེད་སྐུ་མཆེད་ ང་བསད་མ་གནང་ཟེརཝ་ད་ ཁྱོད་ང་བཅས་ཀྱི་༼ཕོ་དང་༽ ག་ཅི་འབད་བཟའ་དགོཔ་སྨོ་ཟེརཝ་ད་
- ཀུན་བཟང་།/Kinzangདེ་ལས་ ང་༼ཕོ་དང་༽ ཟ་དགོ་མི་འདི་ སྦུལ་གྱི་ངེའི་སྒོང་རྡོག་བཟའཝ་ལས་བརྟེན་ཨིན་ ང་གསད་མ་ད་ཞུ་ཞུཝ་མས་ དེ་ལས་ སྦུལ་འཁྱིད་ཤོག་སླབ་བཏང་བཏངམ་མས། ཁོ་འགྱོ་ དེ་ལས་ སྦུལ་འཁྱིད་ རྒྱལ་པོའི་ཕོ་བྲང་ནང་འཁྱིད་ཡོདཔ་མས།
- ཀུན་བཟང་།/Kinzangཕར་ལྷོདཔ་ད་ ཁྱོད་ལེ་ཀོ་གི་སྒོང་རྡོག་ག་ཅི་འབད་བཟའ་དགོཔ་སྨོ་ཟེར་དྲིཝ་ད་ ང་ དོན་ག་ནི་ཡང་མེད་པ་ ཀ་ཤ་གི་ངེའི་མགུ་ཏོག་ཁར་ རྐངམ་མནན་བྱིན་ཡི་ཟེར་སླབ་སླབ་མས་ དེ་ལས་ ཀ་ཤ་འཁྱིད་ཤོག་སླབ་སླབ་མས།
- ཀུན་བཟང་།/Kinzangདེ་ལས་ ཀ་ཤ་འཁྱིད་ཕར་ལྷོདཔ་ད་ དབའི་ ཀ་ཤ་ཁྱོད་སྦུལ་གྱི་མགུ་ཏོག་ཁར་ རྐངམ་ག་ཅི་འབད་མནན་མནན་སྨོ་ཟེརཝ་ད་་ང་ཤིང་གེ་ཏ་གིས་ ༼ཐུང་ཀག་པ༽ མགུ་ཏོག་ཁར་བླུགས་བྱིན་འབད་དེ་ འབད་མ་ཚུགས་པ་ འགྱོ་ད་རྐངམ་མནན་ཡར་སོང་ནུག་སླབ་སླབ་མས་ དེ་ལས་ ཤིང་གེ་ཏ་འཁྱིད་ཤོག་སླབ་སླབ་མས།
- ཀུན་བཟང་།/Kinzangདེ་ལས་ ཤིང་གེ་ཏ་འཁྱིད་ལྷོདཔ་ད་ ཤིང་གེ་ཏ་ཁྱོད་ཀ་ཤའི་མགུ་ཏོག་ཁར་ ༼ཐུང་ཀག་པ་༽ ག་ཅི་འབད་བླུུུག་བླུགཔ་སྨོ་ཟེརཝ་ད་ ང་ཏམ་བཟོ་མི་ཨ་རྒས་ཀྱི་ ༼ཡོང་༽ འབད་བྱིན་འདི་ ཁ་ལས་འཐོན་ཡར་སོང་ཡི་ བཀོ་ནི་འབད་བཀོ་བཀོཝ་མེན་སླབ་སླབ་མས་ དེ་ལས་ ཨ་རྒས་འཁྱིད་ཤོག་སླབ་སླབ་མས།
- ཀུན་བཟང་།/Kinzangདེ་ལས་ ཨ་རྒས་ལྷོདཔ་ད་ ཨ་རྒས་ཁྱོད་ ཤིང་གེ་ཏ་ཁོ་ ༼ཐུང་ཀག་པ༽ བཟའ་སྡོདཔ་ད་ ༼ཡོང་༽ ག་ཅི་འབད་འབད་ཡི་ཟེརཝ་ད་ ང་ཁོ་ལུ་༼ཡོང་༽ འབད་འབདཝ་མེན་ ང་ཏམ་བཟོ་སྡོདཔ་ད་ ཕྱེམ་ལ་ངེའི་རྒྱ་བོ་གུ་འོངམ་ལས་ དེ་བདའ་བདའཝ་ཨིན་ཟེར་སླབ་སླབ་མས་ ཕྱེམ་ལ་འཁྱིད་ཤོག་སླབ་ འཁྱིད་འགྱོ་ཡོདཔ་མས།
- ཀུན་བཟང་།/Kinzangཕྱེམ་ལ་ཁྱོད་ ཨ་རྒས་ཀྱི་རྒྱ་བོ་ལུ་ག་ཅི་འབད་ཆགས་ཆགས་སྨོ་ཟེར་དྲིཝ་ད་ ད་ང་ འདོད་ཆགས་ཞེ་སྡང་གཏི་མུག་ཡོདཔ་ལས་ ཨ་རྒས་ཀྱི་རྒྱ་བོ་ལུ་ཆགས་ཡར་སོང་ནུག་ཟེར་སླབ་ མེ་ནང་འཕུར་མེ་གི་འཚིག་གྱོང་སོང་ཡི་ལོ། ད་རེས་ ཕྱེམ་ལ་མེ་ནང་མཆོང་ཤི་མི་འདི་ རྒྱུ་མཚན་འདི་ཨིན་ལོ་ བཀྲིན་ཆེ།