Video Overview
Chenzom from Tali village of Nangkor gewog in Zhemgang distrct is narrating a story about Tercha a wild fruit. The story seemingly have a message of how humans disturb the ecosystem or the nature. The story was about that at first a junglefowl was found wandering in dismay and when aksed what happened to her, she tell a snake eat her eggs and tracing the snake when asked why it ate the eggs of the fowl. The snake says, I did not had an option a deer jumped over into my coil. And the deer is traced and asked why it jumped into the coiled snake, it says it had no option becasue a Tercha fruit, a kind of a wild pumkin dropped on its back. The fruit is traced and it says that it had no choice because a hornbill landed on its stem. The chain goes on until a bird said that an old man and woman always disturbed its nest so that they had to fly over made the mistake of passing stool on the nose of the hornbill. the story ends where the old man and woman denies having disturbed the nest.
གཞལམ་སྒང་རྫོང་ཁག་ ནང་སྐོར་རྒེད་འོག་ རྟ་ལི་གཡུས་ཚན་ལས་ ཆོས་འཛོམས་ཀྱིས་ ནགས་ཚལ་ནང་གི་ ཤིང་གི་རྡོག་མ་ ཏེར་ཆའི་སྐོར་ལས་ སྲུང་བཏངམ་ཨིནམ་ད་ སྲུང་འདི་ནང་ ང་བཅས་ར་ མི་ཚུ་གིས་ རང་བཞིན་གནས་སྟངས་ ག་དེ་སྦེ་མེདཔ་བཏང་དོ་ཡོདཔ་ཨིན་ནའི་སྐོར་ལས་ བརྡ་འཕྲིན་བྱིནམ་ཨིན་པས། སྲུང་འདི་དང་པ་ར་ ལེ་ཀོ་ཅིག་ འཁྲུལ་སྣང་ལངས་སྡོད་ས་མཐོང་སྟེ་ མོ་ལུ་ག་ཅི་འབད་ཡི་ཟེར་ འདྲི་བའི་སྐབས་སུ་ སྦུལ་གྱིས་ མོ་གི་སྒོང་རྡོག་བཟའ་ད་ཡི་ཟེར་ སླབ་སླབ་མས། འདི་ལས་ སྦུལ་འཚོལ་ཏེ་ ཁྱོད་ཀྱིས རོགས་ལེ་ཀོའི་སྒོང་རྡོག་ ག་ཅི་སྦེ་བཟའ་ཡི་ཟེར་འདྲིཝ་ད་ སྦུལ་གྱིས་ ང་མ་བཟའ་བ་ཐབས་མེད་ ཀ་ཤ་གིས་མཆོངས་འོངམ་ད་ ང་བསྣད་བྱིན་ཡི་ཟེར ་སླབ་སླབ་སླབ་མས། འདི་ལས་ ཀ་ཤ་འཚོལ་ཏེ་ རོགས་སྦུལ་ག་ཅི་སྦེ་བསྣད་ཡི་ཟེར་འདྲིཝ་ད་ ཁོ་ཡང་ཐབས་མེད་ ཏེར་ཆ་(ཚལ་མ་ནང་ཡོད་པའི་ཤིང་འབྲས་ཀ་ཀུར་བཟུམ་ཅིག)འདི་ ངེ་སྒལ་ཏོ་ཁར་བུད་ཡི་ཟེར་ སླབ་ད་ འདི་ལས་ ཤིང་གི་རྡོག་མ་འཚོལ་ཏེ་ འདྲི་བའི་སྐབས་ འདི་ཡང་ཐབས་མེད་ བྱ་ཏོར་ཏོ་ལ་གིས་ ངེ་གུ་ཆགས་ཡི་ཟེར་ སླབ་སླབ་མས། འཚོལ་ཡི་འཚོལ་ཡི་ མཇུག་ར་ཨ་རྒས་ཅིག་དང་ ཨང་རྒས་ཅིག་གིས་ ཨ་རྟག་ར་ང་གིས་ བྱའི་ཚང་མེདཔ་བཏང་ཡོདཔ་ལས་ བྱ་འདི་གིས་ ང་འཕུར་འགྱོ་བའི་སྐབས་ འཛོལ་ཏེ་ཏོར་ཏོ་ལ་གི་ ལྷ་པ་གུ་ཨ་བ་བཏང་དགོཔ་ཐོན་ཡི་ཟེར་ སླབ་ཏེ་ སྲུང་གི་མཇུག་ར་ ཨ་རྒས་དང་ ཨང་རྒས་ཀྱིས་ བྱའི་ཚང་མེདཔ་བཏངམ་སྦེ་ མཇུག་བསྡུཝ་ཨིན་པས།
- ཆོས་འཛོམས་ Chozomདང་ཕུགས་དང་ཕུགས་ ལེ་ཀོ་ཅིག་ ཀོ་ཏེ་ཀོ་ཏེ་འབད་དེ་སྡོད་སྡོདཔ་མས། དེ་བསྒང་མི་ཅིག་འོང་སྟེ་ དབའེ་ཁྱོད་ག་ཅི་སྦེ་ ཀོ་ཏེ་ཀོ་ཏེ་འབདཝ་སྨོ་ཟེར་ སླབ་སླབ་མས། ཀོ་ཏེ་ཀོ་ཏེ་སྦེ་མ་འབད་བའི་ བང་ཡང་མེད་ ང་ཡང་ཟེར་ ངེའི་སྒོང་རྡོག་དེནི་ སྦུལ་གྱིས་བཟའ་ད་ནུག་ཟེར་ སླབ་སླབ་མས།Once upon a time there was a bird 'Leko' roosting Kotay, kotay. At that time one man came and asked 'Oy! why are you roosting Kotay, kotay?' but a Leko replied 'I had no authority rather to roost, my eggs are all eaten by a snake'.
- ཆོས་འཛོམས་ Chozomདེ་འབད་བ་ཅིན་ སོང་སོང་སྦུལ་བདའ་བར་ཟེར་ སླབ་སླབ་མས། དེ་ལས་ དབའེ་སྦུལ་ཁྱོད་ཀྱིས་ རོགས་ལེ་ཀོ་གི་ སྒོང་རྡོག་ག་ཅི་སྦེ་ ཕྱེ་འཐག་འཐག་བཟའ་ཡི་དགོ་ཟེར་ འདྲི་འདྲིཝ་མས།And a man said lets go and follow a snake. Then a man asked 'Oy!....snake why did you ate a Leko's eggs so greedily' to a snake.
- ཆོས་འཛོམས་ Chozomསྒོང་རྡོག་བཟའ་ནི་མ་བཟའ་ནི་གི་ བང་ཡང་མེད་ ང་ཡང་ཟེར་ ངེ་སྒྲོམ་ནང་ (སྦུལ་གྱིས་ སྒྲོམ་དཀྱི་སྟེ་སྡོད་འོང་ཟེར་ཨིན་པས) རོགས་ཀ་ཤ་ཙཱབ་བཏང་རྐངམ་བསྣད་བར་འོང་ནུག འགྱོ་ཤིག་འགྱོ་ཤིག་ ཀ་ཤ་འབོ་བར་ཟེར་ སླབ་སླབ་ཨིན་ལོ།Snake said 'I don't have any authority to eat or not, (a snake do stay creeping around its case) that Deer 'Tsabtang' came here to overrun on my case'. A man then said lets go, go to call a deer'.
- ཆོས་འཛོམས་ Chozomདེ་ལས་ སོང་སོངམ་མས། ཀ་ཤ་ཁྱོད་ག་ཅི་སྦེ་ རོགས་ཁོ་གི་སྒྲོམ་ནང་ རྐངམ་བསྣད་པར་འོང་ཡི་དགོ་ཟེར་ སླབ་སླབ་མས། འོང་ནི་མི་འོང་ནི་གི་ བང་ཡང་མེད་ང་ཡང་ ངེའི་སྒལ་ཏོ་གུ་ ཏེར་ཆ་པ་ཨཱང་བཏང་བུད་འོང་ཡི། དེ་འབད་བ་ཅིན་ འགྱོ་ཤིག་འགྱོ་ཤིག་ ཏེར་ཆ་པ་འབོ་བར་ཟེར་ སླབ་སླབ་མས།Then a man went to call a deer and there asked deer 'why did you came to overrun over his case' but a deer said that I have no authority whether to come or not, 'Tercha'- a wild fruit fell on my back. If it is so, lets go to call Tercha said a man.
- ཆོས་འཛོམས་ Chozomདེ་ལས་ དབའེ་ཏེར་ཆ་པ་ག་ཅི་སྦེ་ ཁོ་གི་ སྒལ་ཏོ་ཁར་བུད་དེ་འོང་ཡི་དགོ་ཟེར་ སླབ་སླབ་མས། དེ་བསྒང་ ཏེར་ཆ་གིས་ འོང་ནི་མི་འོང་ནི་གི་ བང་ཡང་མེད་ང་ཡང་ཟེར་ ངེའི་རོབ་འབྱེལ་གུནི་ བྱ་དགོ་བོ་ ཀྱཱག་ཏར་བཏང་ཆགས་པར་འོང་ཡི། དེ་འབད་བ་ཅིན་ འགྱོ་ཤིག་འགྱོ་ཤིག་ བྱ་དགོ་བོ་འབོ་བར་ཟེར་ སླབ་སླབ་ཨིན་ལོ།At a time when a man asked Tercha that why did you fell on his back, he told that I don't have any authority to fell or not, its because of that hornbill who landed on my creeper. Again a man said that lets go and call a hornbill.
- ཆོས་འཛོམས་ Chozomདབའེ་བྱ་དགོ་བོ་ག་ཅི་སྦེ་ རོགས་ཁོ་གི་ རོབ་འབྱེལ་གུ་ ཆགས་པར་འོང་ཡི་དགོ་ཟེར་སླབ་ད་ ཆགས་པར་འོང་ནི་མི་འོང་ནིའི་ བང་ཡང་མེད་ང་ཡང་། ཨ་ནཱི་བྱ་ཅི་ལིག་པ་གིས་ ང་སྐྱིད་ཏོང་ཏོ་ར་བཞག་མ་བཏུབ། ནངས་པ་ཡང་ ངེ་ལྷ་པ་གུ་ ཟ་ལི་ཛུ་ལི་ཅོག་ཕཱོཡད་ཕཱོཡད་ གནངས་ཚེ་ཡང་ ཟ་ལི་ཛུ་ལི་ཅོག་ཕཱོཡད་ཕཱོཡད། བཞི་ཚེ་ཡང་ ཟ་ལི་ཛུ་ལི་ཅོག་ཕཱོཡད་ཕཱོཡད་འབད་དེ་ ངེའི་ལྷ་པ་གུ་རང་ ཨ་བ་བཏང་པར་འོང་ཡི་ཟེར་ སླབ་སླབ་ཨིན་ལོ། དེ་ལས་ འགྱོ་ཤིག་འགྱོ་ཤིག་ཅི་ལིག་པ་འབོ་བར་ཟེར་ སླབ་སླབ་ཨིན་ལོ།Oy! hornbill why did you came to land on others creeper, asked a man and a hornbill replied saying that I have no authority to whether to come to land or not. Its all because of that bird Chili who didn't let me stay in peace, make noises- 'Zali zuli Choke phoid phoid' in and around my nose everytime and shit on my nose and will make noise tomarrow, day after tomorrow and the following days as well. Then they went to call a bird Chiligpa.
- ཆོས་འཛོམས་ Chozomདབའེ་ཅི་ལིག་པ་ ག་ཅི་སྦེ་རོགས་ ཁོ་གི་ལྷ་པ་གུ་ ཨ་བ་བཏང་པར་འོང་ཡི་དགོ་ཁྱོད་ཟེར་ སླབ་སླབ་མས། འོང་ནི་མི་འོང་ནི་གི་ བང་ཡང་མེད་ང་ཡང་ཟེར་ ངེ་ཚང་དེནི་ ཨ་རྒས་དང་ ཨང་རྒས་ཀྱིས་ ནངས་པ་ཡང་ ཧཱད་ཧོད་བཏང་མེདཔ་བཏང་། གནངས་ཚེ་བཟུམ་ཅིག་འབདཝ་ད་ཡང་ ཧཱད་ཧོད་བཏང་ མེདཔ་བཏང་བཞག་ནུག་ཟེར་ སླབ་སླབ་ཨིན་ལོ།Oy! Chiligpa why did you came to shit on others nose said to Chiligpa and he replied my nest had been destroyed by a grandfater and a grandmother day after day, little by little.
- ཆོས་འཛོམས་ Chozomདེ་འབད་བ་ཅིན་ འགྱོ་ཤིག་འགྱོ་ཤིག་ ཨ་རྒས་དང་ ཨང་རྒས་འབོ་བར་ཟེར་ དེ་སྦེ་བསྣར་བསྣར་བཏང་སྟེ་ རིམ་པ་བཞིན་དུ་བཤད་ནི་ཡོད། དེ་ལས་ ཨ་རྒས་དང་ ཨང་རྒསའབད་སར་ལྷོདཔ་ད་ལུ་ ཨ་རྒས་དང་ ཨང་རྒས་ཀྱིས་ ང་བཅས་གཉིས་ཀྱིས་ མ་བཀོ་ཟེར་ སླབ་སླབ་ཨིན་ལོ། བཀོ་ནུག་ཟེར་ སླབ་སླབ་ཨིན་ལོ། མ་བཀོ་ཟེར་ སླབ་སླབ་མས། བཀོ་ནུག་ཟེར་ སླབ་སླབ་མས།Then they all went to call a grandparents in a line. When they reached on the place of grandparents, grandparents said that they didn't destroyed Chiligpa's nest. There was an argument saying ' was destroyed, We didn't and all'.
- ཆོས་འཛོམས་ Chozomདེ་ལས་ ཁོང་ཆ་ཁྱབ་ ག་ར་འཛོམས་ཞིནམ་ལས་ དེ་ལས་ བློ་མཇུག་བསྡུ་བསྡུཝ་ཨིན་ལོ་ནཱ་ལུ་ མ་བཀོ་ བཀོ་ནུག་ མ་བཀོ་ཟེར་ ལུས་ལུསཔ་ཨིན་ལོ་ འ་ནཱེམ་ཅིག་སྦེ་ འ་ནཱེམ་ཅིག་ཤེས་པས་ ང་གིས་འདི།It is said that they all gathered and a talk was ended by leaving behind a argument- We didn't, was destroyed, and we didn't. I know this much only...